Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "རྫིའུ་ཚོས་ལ་གཟིགས།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/5350  + (རྩོལ་བ་གང་གི་སྒྲུབ་པར་བྱེད་པ་དེ་ནི་བརྩལ་བའི་ཆ་སྤྱད་ཡིན་ཏེ། རྔ་ལ་སོགས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/8794  + (རྩོལ་བཅས་ཀྱི་མྱོང་བ། ཞིབ་པར་བཤད་ན། འབད་རྩོལ་དང་བཅས་ཏེ་སྒོམ་པའི་ཚེ་སྐྱེ་བའི་རྩོལ་བཅས་ཀྱི་མྱོང་བ་ལ་ཟེར། དེ་དང་མྱོང་བ་སྣ་ཟིན། མྱོང་བ་ཐན་ཐུན་རྣམས་དོན་འདྲ་བར་བཤད། དཔེར་ན་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་གྱི་མྱོང་བ་སྐྱེས་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2909  + (རྩོལ་བའམ་འབད་རྩོལ་གྱི་ཞེ་ས། བརྩོན་འགྲུས། དུ་ཀཱུ་ལའི་གོས་བཟང་ལས། གསོལ་ཆས་ཀྱང་གཞུང་གིས་གནང་བས་དབུས་ནས་འདྲེན་པའི་ཐུགས་རྩོལ་མི་དགོས། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12961  + (རྩོལ་བྱུང་།)
  • Dictionaries/sgom sde tshig mdzod chenmo/11200  + (རྩོལ་མེད་གློ་བུར་དུ་བྱུང་བའི་དཔེ།)
  • Dictionaries/sgom sde tshig mdzod chenmo/10373  + (རྩྭ་ཀུ་ཤའི་འབྱུང་གནས།)
  • Dictionaries/sgom sde tshig mdzod chenmo/2860  + (རྩྭ་ལ་སོགས་པ་འཁྲིགས་པ་ལ་ཟེར། དཔེར་ན་ནགས་ཐིབས་པོ་ཟེར་བ་ལྟ་བུ། རྣམ་འབྱེད་འགྲེལ་༼ ཚུ ༽༤༣ན༦ལས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10375  + (རྩྭ་སྒྲུག་མཁན། རྩྭ་འཐུ་མཁན། སྒྲ་བཤད་ནི། ཐུན་ཞེས་པ་འདིར་འཐུ་བའི་དོན་ཡིན། དཔེར་ན་ཤིང་འཐུ་མཁན་ལ། ཤིང་ཐུན་ཟེར་བ་ལྟ་བུ། ལུང་རྣམ་འབྱེད་༼ ཅ ༽༥༡བ༦ལས། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/13002  + (རྩྭ་སྨན་སྣ་ཚོགས་པའི་རི་ཐང་ལྟ་བུ་ལ་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/10374  + (རྩྭའི་ཆག་པ། རྩྭའི་བམ་པོ། རྩྭའི་ཁྲེས་པོ་ཞེས་ཀྱང་བྱ།)
  • Dictionaries/sgom sde tshig mdzod chenmo/10385  + (རྩྭའི་ཕུང་པོ། རྩྭའི་ཆུན་པོ། རྩྭའི་ཁྲེས་པོ་ཞེས་ཀྱང་བྱ།)
  • Dictionaries/sgom sde tshig mdzod chenmo/10381  + (རྩྭའི་མཆོག་མ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10377  + (རྩྭའི་རྩེ་མོ་རྣམས་ཕྱོགས་གཅིག་ཏུ་བསྟན་ནས་བཞག་པ་ལ་ཟེར། ལུང་གཞི་རྒྱ་ཆེར་འགྲེལ་ལས། རྩྭ་མ་འཁྲུགས་པ་ཞེས་བྱ་བ་ནི་རྩྭའི་ཁ་ཕྱོགས་གཅིག་ཏུ་བལྟ་བའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10386  + (རྩྭའི་རྩེ་མོ། རྩྭའི་ཐོག་མའམ་རྩེ་མོའི་དོན། འདི་རྣམ་བཤད་རིགས་པ་ལས་མཆོག་གི་སྒྲ་འཇུག་ཡུལ་བདུན་གསུངས་པའི་ “རྩེ་མོ” ལ་འཇུག་པའི་དབང་དུ་བྱས་སོ། །རྒྱས་པར་ “མཆོག” ཅེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/1344  + (རྫ་དུམ་སོ་བཏང་བའམ། ཁམ་ཕོར་གྱི་དུམ་བུ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/449  + (རྫ་ཕོར་གྱི་མིང་། ཁམ་ཕོར་ནི་རྫ་ཕོར་གྱི་དོན་རྫ་ཕོར་གྱི་མིང་། ཁམ་ཕོར་ནི་རྫ་ཕོར་གྱི་དོན་ཡིན་པར་བསྟན་དར་ལྷ་རམས་པ་སོགས་ཀྱིས་གསུངས། སྒྲ་བཤད་ནི། མདོག་ཁམ་པའི་ཕོར་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། འདིའི་ཁམ་ནི་ཁམ་པ་སྟེ་མདོག་སེར་ནག་གི་མིང་ཡིན་པས་ཁ་དོག་གི་ཆ་ནས་བཏགས་པར་སེམས་ཏེ། བྱང་ས་སྡེ་དགེ་བསྟན་འགྱུར་སེམས་ཙམ་༼ ཝི་པ ༽༤༢བ༦ལས། བུམ་པ་དང་། རྫེའུ་དང་། ཁམ་ཕོར་ལ་སོགས་པ་ཁམ་པའི་སྣོད་ནི་གང་གི་ཚེ་སྤྱད་ལ་རག་པར་སྦྱོར་བ་མཐར་ཐུག་པར་གྱུར་པ་ན་དེའི་མོད་ལ་ཡོངས་སུ་སྤྱད་པའི་འོས་ཡིན་ཏེ། དེའི་ཚེ་ཚོས་པ་ཞེས་བྱའོ། །ཞེས་གསུངས་སོ། །། དེའི་ཚེ་ཚོས་པ་ཞེས་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4784  + (རྫ་མའམ། རྫ་ཁོག ཁོག་མའི་མིང༌།)
  • Dictionaries/sgom sde tshig mdzod chenmo/1284  + (རྫབ་ཆེན་གྱི་དོན། རྐུན་མ་གཡག་ཆེན་ཞེས་པ་ལྟ་བུ། འདི་གཙང་པའི་སྐད་ལ་ཡོད་ཅིང་། སེར་བྱེས་གཙང་པ་མཁན་ཟུར་བློ་བཟང་ཚེ་རིང་ལགས་ནས་ངེད་ཀྱི་བླ་མ་དམ་པ་བཀྲ་ཤིས་འབུམ་གྱི་དགེ་ཕྲུག་གྲྭ་ཆུང་ཞིག་ཡོད་པ་དེ་ལ་སྐུ་རྩེད་ཀྱི་ཚུལ་དུ་གཡག་ཆེན་ཞེས་འབོད་ཀྱི་ཡོད།)
  • Dictionaries/sgom sde tshig mdzod chenmo/10393  + (རྫས་རིགས་གཅིག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10395  + (རྫས་རིགས་གཅིག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10390  + (རྫས་རེ་རེ་བར་མཚུངས་པ་ཞེས་པའི་དོན་ཡིན། དེ་ཡརྫས་རེ་རེ་བར་མཚུངས་པ་ཞེས་པའི་དོན་ཡིན། དེ་ཡང་གཙོ་སེམས་གཅིག་གི་འཁོར་དུ་ཚོར་བ་ལྟ་བུ་གཅིག་ཁོ་ན་འབྱུང་གི་རིགས་མཐུན་གཉིས་མི་འབྱུང་བའི་དོན་ནོ། །དེ་ཡང་དམིགས་པ་གཅིག་རྟོགས་པ་ལ་གཙོ་འཁོར་རིགས་མཐུན་རེ་རེ་ཁོ་ནས་འགྲུབ་ཀྱི་གཞན་མི་དགོས་པས་གནད་ཀྱིས་ཡིན། མཆིམས་མཛོད་༢༠༤ལས། འདིར་རྫས་མཚུངས་པའི་ཕྱིར་མཚུངས་པ་ཞེས་རྣམ་པར་ཤེས་པ་གཅིག་གི་དེ་མ་ཐག་ཏུ་རྣམ་པར་ཤེས་པ་གཅིག་དང༌། ཚོར་བ་གཅིག་གི་དེ་མ་ཐག་ཏུ་ཚོར་བ་གཅིག་འབྱུང་བལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ་མིག་ཤེས་རྫསགཅིག་ཡིན་པ་བཞིན་དུ་དེའི་འཁོར་ཚོར་བའང་རྫསགཅིག་ཁོ་ན་ཡིན་པར་མཚུངས་པའི་དོན་ནོ། །བཤད་ཚུལ་གཉིས་ཀའང་དོན་ལ་འདྲ་བར་སྣང་ངོ༌། ། །བཤད་ཚུལ་གཉིས་ཀའང་དོན་ལ་འདྲ་བར་སྣང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/886  + (རྫས་སོགས་བཏགས་སུ་རུང་བའི་རྡོའི་ཁྱད་པར་ཞིག)
  • Dictionaries/sgom sde tshig mdzod chenmo/5210  + (རྫི་མ་གནག་ཅིང་སྣུམ་པ་བའི་རྫི་མ་ལྟ་བུ་ཞེས་པརྫི་མ་གནག་ཅིང་སྣུམ་པ་བའི་རྫི་མ་ལྟ་བུ་ཞེས་པའི་དོན། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༼ གེ ༽༡༥༦ན༣ལས། རྫི་མ་གནག་པས་ན་རྫི་མ་བའི་ལྟ་བུའོ།། ཞེས་གསུནས་ཤིང་། འདུལ་བ་ལུང་གཞི་ལས་ཀྱང་། ལྷ་གཞོན་ནུ་ནི་སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ་དང༌། ཞེས་གསུངས་སོ། །མངོན་རྟོགས་རྒྱན་ལས། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པའང་གོང་དང་འདྲའོ། །རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པས་རྫི་མ་བའི་ལྟ་བུ་ཉིད་དེ། ཞེས་ཀྱང་གསུངས་སོ། །ྫི་མ་བའི་ལྟ་བུ་ཉིད་དེ། ཞེས་ཀྱང་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/3294  + (རྫིང་བུ་ནས་དྲངས་པའི་ཝ་ཁའི་མིང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༢༡ན༦ལས། དང་ལ་ཁ་ཞེས་བྱ་བ་ནི་རྫིང་བུའི་ཁ་སྟེ་ཝ་འབབ་པའི་གནས་སོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10422  + (རྫིའུ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/10424  + (རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/11968  + (རྫུན་གྱི་མིང་། སྒྲ་བཤད་ནི། སྐྱག་རྫུན་ཞེས་བརྗོད་པ་ནི་དམན་པའམ་ངན་པ་ལ་སྐྱག་པ་ཞེས་དམན་པའི་སྒྲ་སྦྱར་བའོ། །)
  • Dictionaries/sgom sde tshig mdzod chenmo/12012  + (རྫུས་སྐྱེས། མངལ་སྐྱེས། སྒོང་སྐྱེས། དྲོད་གཤརྫུས་སྐྱེས། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས་དང་བཞིའོ། །དེ་ཡང་མངོན་བརྗོད་མཁས་པའི་རྣ་རྒྱན་ལས། མཐོ་རིས་ལྷ་རྣམས་ (དམྱལ་བའང) རྫུས་སྐྱེས་ཏེ། །མི་དང་བ་ལང་སོགས་མངལ་སྐྱེས། །བྱ་དང་སྦྲུལ་སོགས་སྒོང་སྐྱེས་དང་། །འབུ་སྦྲང་ལ་སོགས་དྲོད་གཤེས་སྐྱེས། །ཤིང་དང་འཁྲི་ཤིང་སོགས་ས་སྐྱེས། །ཞེས་གསུངས་པ་ལྟར་རོ། །དེང་སང་གི་མཚན་རིག་པས་སྐྱེ་གནས་བཞི་ལས་རྫུས་སྐྱེས་ཁས་མི་ལེན་ནོ། །སྐྱེ་གནས་བཞི་ལས་རྫུས་སྐྱེས་ཁས་མི་ལེན་ནོ། །)
  • Dictionaries/sgom sde tshig mdzod chenmo/10402  + (རྫེའུ་དང་དོན་གཅིག 1 ཕྱུགས་རྫི། 2 རྫ་སྣོད་ཆརྫེའུ་དང་དོན་གཅིག 1 ཕྱུགས་རྫི། 2 རྫ་སྣོད་ཆུང་ངུའི་མིང་། འདུལ་བ་ལུང་གཞི་གླེགས་བམ་༼ ང་པ ༽ལས། འཕགས་པ་ནང་དུ་སྤྱོན་ཅིག །བཞིན་བཟང་དག་ནང་དུ་སྤྱོན་ཅིག །ཕྲུ་བ་འདི་རྣམས་ན་བཤོས་དྲོན་པོ་དང༌། རྫེའུ་ན་སྲན་ཚོད་མཆིས་མོད་ཀྱི་ཁྱོད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་མཆིས་ལགས་ཀྱིས། གལ་ཏེ་བཞེད་ན་ཉིད་ཀྱིས་བཞེས་ཏེ་ཡོངས་སུ་ལོངས་སྤྱད་དུ་གསོལ། ཞེས་གསུངས་པ་ལྟར་རོ། །3 ཉའི་མཇུག་མ་དང་གཤོག་པ་ལ་ཟེར་བར་སྙམ། ཉའི་མཇུག་རྫིའུ། ཉའི་ལོག་རྫིའུ་ལྟ་བུ་ཞེས་དག་ཡིག་རྣམས་སུ་གསལ་ལོ། །འདི་ལ་རྫིའུ་དང་། རྫེའུ་ཞེས་འབྲི་ཚུལ་མི་འདྲ་བ་གཉིས་སྣང་ཡང་། གོང་དུ་དྲངས་པ་ལྟར་འདུལ་བ་ལུང་གཞི་སོགས་སུ་རྫེའུ་ཞེས་སྣང་ངོ་། །དུལ་བ་ལུང་གཞི་སོགས་སུ་རྫེའུ་ཞེས་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/10830  + (རྫོགས་པར་ལོངས་སྤྱོད་པའི་སྐུ། ཚིག་སྔ་ཕྱི་གོ་ལྡོག་སྟེ་སྒྲ་བཤད་དགོས་པ་མང་དུ་ཡོད་དེ། བསྙེན་རྫོགས། ཤེས་བཞིན། ཤེས་རབ་སོགས་སོ། །ཞིབ་པ་ལོངས་སྐུ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3930  + (རྫོགས་བྱང་གི་དོན་དམ་པའི་གནས་ལུགས་འབའ་ཞིག་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་སེམས་པའི་གཙོ་བོའི་རྣམ་རིག་ཅིག་ལ་ཟེར། རྫོགས་བྱང་གི་དོན་དམ་པའི་གནས་ལུགས་མངོན་སུམ་དུ་རྟོགས་པས་དོན་དམ་སེམས་བསྐྱེད་དུ་བཞག་གོ། མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་རྒྱུད་ལ་ཡོད།)
  • Dictionaries/sgom sde tshig mdzod chenmo/11374  + (རྫོགས་ཚིག་དང་འདྲ་བའི་ཕྲད་གཉིས་འདུས་ཤིག ཞེའོ། །ཅེའོ། །ཤེའོ་གསུམ་ནི། ཞེས་བྱའོ། །ཟེར་རོ། །དེ་འདྲ་ཟེར་རོ། །ཞེས་པ་དང་དོན་འདྲ་བར་ཚིག་གི་མཇུག་སྡུད་པའི་དོན་ལ་འཇུག དཔེར་ན་རི་རྣམས་ཀྱི་གཙོ་བོ་ཡིན་པས་ན་རིའི་རྒྱལ་པོ་ཞེའོ་ལྟ་བུ་དང༌། ཚིག་དོན་ཀུན་རྟོགས་ཤེའོ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4424  + (རྫོགས་རིམ་གྱི་དབང་དུ་བྱས་ན། སྒྱུ་ལུས་གཙོ་བརྫོགས་རིམ་གྱི་དབང་དུ་བྱས་ན། སྒྱུ་ལུས་གཙོ་བོར་བཤད་པའི་རྒྱུད་ལ་ཕ་རྒྱུད་དང༌། འོད་གསལ་གཙོ་བོར་བཤད་པའི་རྒྱུད་ལ་མ་རྒྱུད། བསྐྱེད་རིམ་གྱི་དབང་དུ་བྱས་ན། ཡས་བབས་བས་བརྟན་གྱི་དགའ་བཞི་ཚིག་ཟིན་ལ་མེད་ཅིང༌། བར་དོ་ལམ་འཁྱེར་གྱི་ལྷ་སྐུའི་རྣལ་འབྱོར་ཡོད་པ་ལ་ཕ་རྒྱུད་དང༌། ཡས་བབས་མས་བརྟན་གྱི་དགའ་བཞི་ཁྱད་པར་ཅན་ཚིག་ཟིན་ལ་ཡོད་ཅིང༌། བར་དོ་ལམ་འཁྱེར་ཡི་གེ་ནཱ་དའི་གཟུགས་ཡོད་པའི་རྒྱུད་ལ་མ་རྒྱུད་ཟེར་རོ། ། རླུང་དང་གཏུམ་མོ་བསྒོམ་པ་སོགས་ཀྱི་ཐབས་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཤེས་རབ་ཀྱི་ཆ་གཙོ་བོར་གཏན་ལ་འབེབས་པ་དེ་ལ་མའི་རྒྱུད་དང༌། ཤེས་རབ་དེ་ཉིད་ལྷའི་རྣམ་པར་བཞེངས་པའི་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་ལ་ཕ་རྒྱུད་ཅེས་བྱའོ། །ཞེས་རྗེའི་གསུང་གསང་འདུས་དཀའ་གནས་ཟིན་བྲིས་ལས་གསུངས།ི་གསུང་གསང་འདུས་དཀའ་གནས་ཟིན་བྲིས་ལས་གསུངས།)
  • Dictionaries/sgom sde tshig mdzod chenmo/6151  + (རྫོགས་རིམ་གྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པརྫོགས་རིམ་གྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་མིང༌། བྷཱུ་ནི་བྷཱུ་ཉྫ་སྟེ་ཟ་བ། སུ་ནི་སུ་ཏཱ་སྟེ་གཉིད་ལོག་པ། ཀུ་ནི་ཀུ་ཊི་ས་ར་སྟེ་བཤང་བར་འགྲོ་བའོ། །དེ་གསུམ་ཙམ་ཞིག་བྱེད་པ་མིན་པ་ཡེ་རྒྱ་ལ་བརྟེན་ནས་བདེ་སྟོང་བསྒོམ་པའོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། དེས་ན་ཟ་བ། གཉིད་ལོག་པ། བཤང་བར་འགྲོ་བ་ཙམ་མ་གཏོགས་བྱ་བ་གཞན་གང་ཡང་མི་བྱེད་པར་ཡེ་རྒྱ་ལ་བརྟེན་ནས་འོད་གསལ་བསྒོམ་པའོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ལས་ཀྱང༌། བྷཱུ་ནི་བྷཱུཉྫ་སྟེ་ཟ་བ། སུ་ནི་སུ་བྷ་སྟེ་གཉིད་ལོག་པ། ཀུ་ནི་མི་ཀུ་ཋ་སྟེ་བཤང་གཅིའི་ཕྱིར་འཆག་པ་སྟེ་ལུས་འཚོ་བའི་ཟས་ཙམ་བཟའ་བ་དང༌། འོད་གསལ་གྱི་གཉིད་ལོག་པ་དང༌། འཆག་སར་འགྲོ་བ་ཙམ་མ་གཏོགས་གཞན་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་དོན་ནོ། ། ཞེས་པ་ནས། དེས་སྤྱོད་པ་གཞན་གཉིས་ལ་ཕྱིའི་ཕྱག་རྒྱ་བསྟེན་པའི་དོད་འདིར་གཉིད་ཀྱི་འོད་གསལ་སྒོམ་པ་ཡིན་པས་རྟག་ཏུ་གཉིད་ལོག་པར་བྱེད་པ་ཡིན་ནོ། །དེས་ནས་བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་ལ་ནི་བྷཱུ་སུ་ཀུའི་སྤྱོད་པ་ཞེས་བྱའོ། །ཞེས་གསུངས།བྷཱུ་སུ་ཀུའི་སྤྱོད་པ་ཞེས་བྱའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/9700  + (རྭ་ཅོ་ལས་བཟོས་པའི་ཁྲག་དང་ཆུ་སེར་སོགས་རྔུབ་པའམ་འཇིབ་འཐེན་བྱེད་པའི་སྨན་པའི་ཡོ་བྱད་ཅིག འདི་ལ་རྔུབ་རུ་ཡང་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར་རྔུབ་ར་ཞེས་ཝ་ཟུར་ཆད་པའི་སྐྱོན་འདུག)
  • Dictionaries/sgom sde tshig mdzod chenmo/12647  + (རྭ་ཅོ་ལས་བཟོས་པའི་སྣ་ཐ་བླུག་སྣོད། འདི་རིམ་གྱིས་སྣ་ཐ་བླུག་སྣོད་སྤྱིའི་མིང་དུ་ཆགས། སྒྲ་བཤད་ནི། སྣ་ནི་སྣ་ཐའི་བསྡུས་ཚིག་ཡིན་ལ། རུ་ནི་རྭ་ཅོའི་མིང་སྟེ། དཔེར་ན་གླང་གོག་གི་རྭ་ཅོ་ལ་གླང་རུ་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4826  + (རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་སློབ་མ་ཞིག དེབ་སྔོན་སྟོད་ཆ་༤༥༦ན་གསལ། བོད་ཀྱི་ལོ་ཙཱ་བ་གྲགས་ཆེ་བ་བརྒྱ་དང་གོ་གཅིག་གི་མཚན་ཐོ་བུ་སྟོན་ཆོས་འབྱུང་དུ་གསལ་བའི་ནང་ནས། ཨང་གྲངས་༡༠༣ པ་དེ་ཡིན། སེ་ར་རྗེ་བཙུན་པའི་སྐབས་དང་པོའི་སྤྱི་དོན་དུ་ཟུར་ཙམ་གསལ།)
  • Dictionaries/sgom sde tshig mdzod chenmo/5706  + (རླིག་འབྲས་བཏོན་པའི་སྐྱེས་པའི་མིང་ཡིན། ཉུག་རུམ་ཟེར་བ་དེའི་མིང་ངོ་། །ཙནྡྲ་ད་སེའི་བོད་དབྱིན་ཚིག་མཛོད་ནང་། བུད་མེད་དགའ་བྲལ་གྱི་དོན་བཤད་པ་ན། དགའ་བ་དང་བྲལ་བའི་བུད་མེད་ཅེས་དབྱིན་སྐད་དུ་བསྒྱུར་བ་ནི་ནོར་རོ། །)
  • Dictionaries/sgom sde tshig mdzod chenmo/6101  + (རླིངས་པ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/10449  + (རླུང་ཁ་སྦྱོར་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10452  + (རླུང་གི་ཉམས་ལེན། རླུང་བུམ་པ་ཅན་དང༌། ངག་དབེན་གྱི་སྐབས་སུ་རྡོ་རྗེ་བཟླས་པ་ལྟ་བུའི་ཉམས་ལེན་རྣམས་སོ། །)
  • Dictionaries/sgom sde tshig mdzod chenmo/8691  + (རླུང་གི་མཚན་ཉིད། སྒྲ་བཤད་ནི། ཡང་ཞིང་ཞེས་པས་ངོ་བོ། གཡོ་བ་ཞེས་པས་བྱེད་ལས་དངོས་པོ་གཞན་གཡོ་བ་དང་རྒྱས་པར་བྱེད་པས་དེ་སྐད་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/10462  + (རླུང་གི་རྣལ་འབྱོར་ཞིག རླུང་ཁ་སྦྱར། ཁ་སྦྱར།རླུང་གི་རྣལ་འབྱོར་ཞིག རླུང་ཁ་སྦྱར། ཁ་སྦྱར། རླུང་བུམ་པ་ཅན་རྣམས་མིང་གི་རྣམ་གྲངས་ཡིན། སྒྲ་བཤད་ནི། སྟེང་འོག་གི་རླུང་ལྟེ་འོག་ཏུ་ཆིར་གྱིས་མནན་ཏེ་དབྱིབས་བུམ་པ་ལྟར་ཡོད་པས་དེ་སྐད་ཅེས་བྱའོ། །དེ་བསྒོམ་ཚུལ་ནི། ལུས་དྲང་པོར་བསྲང་སྟེ། ལག་པ་གཉིས་ཀྱི་མཐེབ་ཆེན་ནང་དུ་དགུག ཐད་ཀ་ནས་རླུང་ཤིན་ཏུ་དལ་ལ་རིང་བར་ནང་དུ་བརྔུབས་ཏེ། ལྟེ་འོག་ཙམ་དུ་མཆིལ་མ་སྒྲ་མེད་ཅིག་མིད་ནས་ཆིར་གྱིས་མནན། དེའི་རྗེས་སུ་འོག་རླུང་ལྟེ་འོག་ཏུ་མི་དྲག་པ་ཞིག་དྲངས་ཏེ། ཁ་སྦྱར་དུ་བཟུང༌། ཤེས་པ་ལྟེ་བའི་རྩ་འཁོར་གྱིས་དབུས་སུ་གཏད་ལ། ནུས་ཚད་དུ་འཛིན་པ་ནི་བུམ་པ་ལྟར་གང་བ་སྟེ། རླུང་མི་ཐུབ་པ་ན་ཁ་ནས་ཡེ་མ་ཤོར་བར་སྣ་སྒོ་ནས་དལ་བུས་གཏོང་བ་ནི། དམིགས་གསལ་མེད་པ་ཐམས་ཅད་དུ་ཤེས་པར་བྱའོ། །ཞེས་རྗེའི་གསུང་ལྟར་བཀོད། རླུང་གི་རྣལ་འབྱོར་ལ་དུས་འཁོར་ནས་རླུང་བུམ་པ་ཅན་ལ་རྩལ་དུ་འདོན་པ་དང༌། འཕགས་སྐོར་གྱི་གཞུང་ནས་རྡོ་རྗེ་བཟླས་པ་སོགས་ལ་རྩལ་དུ་འདོན་པར་རྗེའི་གསུང་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ན་གསལ།ེའི་གསུང་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ན་གསལ།)
  • Dictionaries/sgom sde tshig mdzod chenmo/902  + (རླུང་ངམ་དབུགས་འབྱུང་རྔུབ་དང་འབྲེལ་ནས་གཏོང་རླུང་ངམ་དབུགས་འབྱུང་རྔུབ་དང་འབྲེལ་ནས་གཏོང་ལེན་བསྒོམ་པ་ལ་ཟེར། ཐོག་མར་རང་གི་ཚེ་འདིའི་མ་དེ་གསལ་བཏབ་ལ། དེ་ནས་རང་གི་སྣ་གཡས་ནས་རླུང་ཕྱིར་འབུད་པ་དང་མཉམ་དུ་རང་གི་བདེ་དགེ་རྣམས་འོད་དཀར་པོའི་རྣམ་པར་སོང་བ། རང་གི་མའི་སྣ་གཡོན་པ་ནས་ཞུགས་ཏེ་བདེ་བ་དང་ལྡན་པར་བསམ་ལ་གཏོང་བའི་ཉམས་ལེན་གྱིས་བྱམས་པ་བསྒོམ་པ་དང༌། ཡང་རང་གི་མས་གཙོས་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ལ། དེ་ལྟ་བུའི་སྡུག་བསྔལ་དང་སྡིག་པ་རྣམས་འོད་ནག་པོའི་རྣམ་པར་རང་གི་མའི་སྣ་གཡས་ནས་ཐོན། རླུང་ནང་དུ་རྔུབ་པ་དང་མཉམ་དུ་རང་གི་སྣ་གཡོན་ནས་ཞུགས་ཏེ། སྙིང་གའི་བདག་འཛིན་བཅོམ་པར་བསམ་ལ་ལེན་པའི་ཉམས་ལེན་གྱིས་སྙིང་རྗེ་བསྒོམ་པ་ལ་ཟེར། དེ་ལྟར་བསྒོམས་པས་མྱོང་བ་ཅུང་ཟད་ཐོན་པ་ན། དེ་ནས་རང་གི་ཕ་སོགས་གཉེན་རྣམས་དང་། དེ་ནས་བར་མའི་སེམས་ཅན། དེ་ནས་དགྲ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །ཡང་ན། སྟབས་བདེ་བར་མོས་ན། སྣ་བུག་གཡས་གཡོན་ནས་འབྱུང་རྔུབ་བསམ་མི་དགོས་པར། དབུགས་ཕར་གཏོང་བ་ན་དེ་དང་འགྲོགས་ནས་རང་གི་བདེ་དགེ་ཐམས་ཅད་གཞན་ལ་ཕངས་པ་མེད་པར་གཏང་། ཚུར་རྔུབ་པའི་ཚེ་གཞན་གྱི་སྡིག་སྡུག་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་རང་གི་སྙིང་དབུས་སུ་ཐིམ་པར་བསམ་མོ། །མདོར་ན་གཏོང་ལེན་གཉིས་པོས་བྱམས་སྙིང་རྗེ་གཉིས་རྩལ་དུ་བཏོན་ནས་བསྒོམ་པ་ཡིན་ཏེ། བྱམས་པའི་དམིགས་པ་རྩལ་དུ་བཏོན་ནས་བསྒོམ་པ་གཏོང་བའི་ཉམས་ལེན་དང་། སྙིང་རྗེའི་དམིགས་པ་རྩལ་དུ་བཏོན་ནས་བསྒོམ་པ་ལེན་པའི་ཉམས་ལེན་གཉིས་སོ། །བཏོན་ནས་བསྒོམ་པ་ལེན་པའི་ཉམས་ལེན་གཉིས་སོ། །)
  • Dictionaries/sgom sde tshig mdzod chenmo/10455  + (རླུང་ཆམ་ལ་དབབ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/11118  + (རླུང་དབུ་མར་ཐིམ་པའི་སྟོབས་ཀྱིས་བདེ་སྟོང་སྦརླུང་དབུ་མར་ཐིམ་པའི་སྟོབས་ཀྱིས་བདེ་སྟོང་སྦྱོར་བའི་ཡེ་ཤེས་ལ། ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར། དེ་ཡང་གོ་སླ་བར་བཤད་ན། ལྷན་སྐྱེས་ཀྱིས་བདེ་བས་སྟོང་ཉིད་རྟོགས་པ་ན། དེ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། རྣམ་དཔྱོད་ཅན་གྱིས་ནི་བདག་མེད་པའི་དོན་ཕུ་ཐག་ཆོད་པར་ངེས་པའི་ལྟ་བ་དང༌། ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོ་འདྲེན་པའི་ཐབས་མཐའ་ཆོད་པའི་མན་ངག་ལ་ཞུགས་ནས། བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཚོལ་བ་ལ་འགུས་པར་བྱའོ། །ཞེས་གསུངས། ཡང་དེ་ཉིད་ལས། འདོད་པའི་ཡུལ་ལོངས་སྤྱད་པ་ལས་བྱུང་བའི་ཞུ་བའི་བདེ་བ་དང༌། ཆོས་ཐམས་ཅད་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང༌། བྱ་བྱེད་ཐམས་ཅད་འཐད་པ་རྨི་ལམ་དང་སྒྱུ་མ་ལྟ་བུའི་ཚུལ་གྱིས་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་ངེས་པའི་སྒོ་ནས། བདེ་སྟོང་སྦྱོར་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ཐབས་མཁས་པ་དང་མི་ལྡན་པ་རྣམས་ལ་འཇིགས་པ་ཆེན་པོ་འདྲེན་པའི་ཡུལ་རྣམས་ཟིལ་གྱིས་གནོན་པར་གསུངས་པ་བཞིན་དུ་ཕྲ་ཞིང་མཛངས་ལ་ཡངས་པའི་བློ་གྲོས་ཀྱིས་བདེ་བ་དང་སྟོང་པ་སྦྱོར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པའི་ཐབས་ལ་རྒྱུན་མི་འཆད་པར་བརྟག་པར་བྱའོ། །ཞེས་གསུངས་སོ། །ལྷན་སྐྱེས་ཀྱི་བདེ་བ་ལ་གཟིགས།ེས་གསུངས་སོ། །ལྷན་སྐྱེས་ཀྱི་བདེ་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12702  + (རླུང་ནད་ཅན་གྱི་ནད་པ་ལྟ་བུར་ཤ་དང་མར་སོགས་ཞག་ཚི་ཅན་གྱི་ཟས་སྦྱིན་ཏེ་ནད་གསོ་བའི་བཅོས་ཐབས་ཤིག སྒྲ་བཤད་ནི། སྣུམ་ནི་ཞག་ཚི་དང༌། བཅོས་ནི་བཅོས་ཐབས་སོ། །དཔེར་ན་སྐྱ་བཅོས་དང༌། སྣུམ་བཅོས་ཟེར་བ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5473  + (རླུང་ནད་བཅོས་པའི་ཐབས་ཤིག་སྟེ་སྣུམ་གྱི་བྱུག་པ་འབྱུག་ཅིང་ལག་པས་མཉེ་ཞིང་འཕུར་འཕུར་གཏོང་བའི་དོན།)
  • Dictionaries/sgom sde tshig mdzod chenmo/5445  + (རླུང་བསེར་བུ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/7871  + (རླུང་བསྡམས་ནས་ཡིད་ཀྱིས་བཟླ་བ། རླུང་བསྡམས་ནས་ཡིད་བཟླས་བྱེད་པ།)