Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "ལོ་གསར།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/12189  + (ལེ་ལོ་གསུམ་གྱི་ཡ་གྱལ་ཞིག་སྟེ། སེམས་ཞུམ་ནས་ལེ་ལོ་གསུམ་གྱི་ཡ་གྱལ་ཞིག་སྟེ། སེམས་ཞུམ་ནས་དགེ་སྦྱོར་རམ་བྱ་བ་ལ་མི་བརྩོན་པ་ལ་ཟེར། ཡང་ན་ལུས་སེམས་ཐང་ནས་བྱ་བ་ལ་འཇུག་མི་འདོད་པ་ལ་ཟེར། དཔེར་ན་འདི་འདྲ་སུས་བྱེད་ནུས་ཞེས་སེམས་ཞུམ་ནས་དགེ་སྦྱོར་ལ་མི་བརྩོན་པ་ལྟ་བུའོ། །རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༦༢བ༣ལས། སྒྱིད་ལུག་པ་ནི་བྱ་བ་རྣམས་ལ་སྒྲིམ་པ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །སྒྱིད་ལུག་པའི་ལེ་ལོ་དང་། བདག་ཉིད་ལ་བརྙས་པའི་ལེ་ལོ་གཉིས་ཀྱི་ཁྱད་པར་ནི། སྒྱིད་ལུག་པའི་ལེ་ལོ་ནི་ཁོ་བོ་ལྟ་ཅི་སྨོས་གཞན་སུས་ཀྱང་མི་ནུས་སོ་སྙམ་པའི་སེམས་ཞུམ་པ་ཡིན་ལ། བདག་ཉིད་ལ་བརྙས་པའི་ལེ་ལོ་ནི་གཞན་གྱིས་ནུས་ཀྱང་ཁོ་བོས་མི་ནུས་སོ་སྙམ་པའི་ལེ་ལོའོ། །ུས་ཀྱང་ཁོ་བོས་མི་ནུས་སོ་སྙམ་པའི་ལེ་ལོའོ། །)
  • Dictionaries/sgom sde tshig mdzod chenmo/1639  + (ལེ་ལོ་བྱས་ཏེ་འོལ་སྤྱི་ཙམ་དུ་བཙལ་བའི་དོན་ལ་བཤད། ཡང་། བྱ་སླ་བའམ་སླ་ཆོས་ཀྱི་མིང་། ཤཀ་མཆོག་པས། གོབ་ལོབ་ཅེས་པ་བྱ་སླའི་མིང་། །ཞེས་ཀྱང་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10721  + (ལེ་ལོའི་དབང་གིས་མཐུས་ཤོར་དུ་སོང་བ།)
  • Dictionaries/sgom sde tshig mdzod chenmo/1720  + (ལེ་ཤོར་མེད་པའི་དོན་དུ། དབྱངས་ཅན་དགའ་བློ་གསུང་། བསྒྲིན་པ་དང་དོན་འདྲ་བར་བཤད། བསྒྲིན་པ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/6128  + (ལེགས་ཉེས་འབྱེད་པའི་ཤེས་རབ་དང་ལྡན་པ། རྟོག་གེ་འབར་བ་ལས། བློ་ལྡན་ཞེས་བྱ་བ་ལ་བློ་ནི་རིགས་པ་དང་མི་རིགས་པ་དཔྱོད་པར་བྱེད་པའི་ཤེས་རབ་སྟེ། གང་དག་ལ་དེ་ཡོད་པ་ནི་བློ་ལྡན་ནོ། །)
  • Dictionaries/sgom sde tshig mdzod chenmo/9806  + (ལེགས་པ་བཞག་ནས་དམན་པ་ཞིག་ལེན་པའི་དཔེ།)
  • Dictionaries/sgom sde tshig mdzod chenmo/1003  + (ལེགས་པའི་དོན། འདི་བོན་པོའི་བརྡ་ཡིན་པར་ལི་གུར་དུ་གསུངས།)
  • Dictionaries/sgom sde tshig mdzod chenmo/3231  + (ལེགས་པའི་སྐར་མ་དང་འདྲ། ལེགས་པའི་སྐར་མ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10741  + (ལེགས་པའི་སྐར་མ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10723  + (ལེགས་པར་གདའ། ལགས་པར་གདའ་ཞེས་པ་རྣམས་དོན་གཅིག་ཡིན་པར་སེམས་ཤིང་། དེའི་དོན་ནི། ཡིན་ནས་འདུག ཡིན་པར་འདུག ཡིན་འདུག་ཅེས་པའི་དོན་ཡིན་འདྲ། དེབ་སྔོན་སྟོད་ཆ་༥༣༨ལས། གྲོགས་མཛད་པར་ཞལ་གྱིས་བཞེས་པའི་ཐུབ་པ་ནི་སློབ་དཔོན་ཕག་མོ་གྲུ་པ་” ལེགས་པར་གདའ།” ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8115  + (ལེགས་པར་བཏབ། སྤྱོད་འཇུག་ལས། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་གར་ལྷགས་པ་བཞིན། །ཉོན་མོངས་མཚོན་ལས་གཟུར་བྱ་ཞིང༌། །ཉོན་མོངས་དགྲ་རྣམས་འཇེབས་པར་བཏབ། །སྤར་གསར་ཕལ་ཆེར་དུ། ཉོན་མོངས་དགྲ་རྣམས་འཇེབས་པར་བརྟག །ཅེས་ཀྱང་འབྱུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/8116  + (ལེགས་པར་བརྟག འཇེབས་པར་བཏབ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/1318  + (ལེགས་པར་སྨིན་པ་དང་ལོ་འབྲས་རྒྱས་པའི་དོན་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/9311  + (ལེགས་སུ་རེ་བ་དང་ཉེས་སུ་དོགས་པ་སྟེ། ཡག་པོ་ཞིག་བྱུང་ན་སྙམ་པའི་རེ་བ་དང༌། སྡུག་ག་ཞིག་མི་ཡོང་ངམ་སྙམ་པའི་དོགས་པའོ། །)
  • Dictionaries/sgom sde tshig mdzod chenmo/13306  + (ལེགས་སྦྱར་གྱི་ཨ་རིང་པོ་ནི། ཤད་དང་བཅས་པའི་ཨ་ལ་དེ་ལ་ཟེར། བོད་ཡིག་གི་གཟུགས་སུ་བྱས་ན། ཨཱ་ཞེས་འ་ཆུང་བཏགས་པའི་ཨ་ལ་དེ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/12987  + (ལེགས་སྦྱར་དུ། བྷཻཥཛྱ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཞེས་པའོ། །སངས་རྒྱས་སྨན་བླ་སྟེ་ཚེ་ལྷ་ཞིག སྐུ་མདོག་སྔོན་པོ། ཕྱག་གཡས་ན་ཨ་རུ་ར་དང་། གཡོན་ན་ལྷུང་གཟེད་བསྣམས་པ་ཞིག སྨན་གྱི་བླ་ཞེས་པ་ནི། སྨན་གྱི་བླ་མ་ཞེས་པའི་དོན་རེད།)
  • Dictionaries/sgom sde tshig mdzod chenmo/4245  + (ལེན་པ་དང་ཐོབ་པ་དང་བཞག་པ་བཅས་ལའང་འཇུག་པར་བཤད།)
  • Dictionaries/sgom sde tshig mdzod chenmo/3709  + (ལེབ་ལེབ་མོར་བྱེད་པའི་དོན་ཡིན་པར། དབྱངས་ཅན་དགའ་བློ་གསུང་། རྗེའི་ལམ་རིམ་ལས། ལྕགས་ཀྱི་ས་གཞི་རབ་ཏུ་འབར་བ་ལ་གན་རྐྱལ་ལམ་ཁ་སྦུབ་ཏུ་བཞག་སྟེ། ལྕགས་ཀྱི་ཐོ་བ་ཚ་ཞིང་རབ་ཏུ་འབར་བས་བརྡུང་ཞིང་དམྱལ་བར་བྱེད་དོ། །ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4976  + (ལེབ་ལེབ། ཐལ་མོ་བཅར་ལེབ་ཅེས་པ་ལྟ་བུ། བཅར་བཅལེབ་ལེབ། ཐལ་མོ་བཅར་ལེབ་ཅེས་པ་ལྟ་བུ། བཅར་བཅར་པོ་དང་འདྲ། ལྗབ་ལྗབ་པོ་ལ་གཟིགས། ཅར་ལེབ་ཅེས་ཀྱང་སྣང་སྟེ། མཚོ་ཊཱིཀ་ལས། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་ཆོས་འདི་པའི་ལུགས་དང། ཐལ་མོ་ཅར་ལེབ་ཏུ་སྦྱར་བ་ནི་མུ་སྟེགས་པའི་ལུགས་ཡིན་ནོ་ཞེས་པུཎྱ་ཤྲཱི་ (སུཎྱ་ཤྲཱི་ཡིན་ནམ་དཔྱད) གསུང་ངོ་། །ཞེས་གསུངས་སོ། །ཱི་ཡིན་ནམ་དཔྱད) གསུང་ངོ་། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/1851  + (ལེབ་ལེབ། ལེབ། ལེབ་མོ། གླེགས་ཞེས་པའི་ཐད་ཀའིལེབ་ལེབ། ལེབ། ལེབ་མོ། གླེགས་ཞེས་པའི་ཐད་ཀའི་ཚིག་གི་གོ་དོན་ནི་ལེབ་ལེབ་བམ་ལེབ་མོའམ་ལེབ་ཅེས་པའི་དོན་ཡིན། འོན་ཀྱང་སྐབས་རེར་སྤང་ལེབ་ལའང་གོ་རུང་ངོ་། །རང་གི་རྣམ་བཤད་ལས། སྒོ་གླེགས་ཞེས་བྱ་བ་ནི་སྒོ་ལེབ་ལ་བྱ་སྟེ། ཞེས་དང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། སྒོ་གླེགས་ཞེས་བྱ་བ་ནི་སྤང་ལེབ་ཅེས་བྱ་བའི་ཤིང་སྟེ། དེས་སྒོ་དང་སྐར་ཁུང་གཅོད་པར་བྱེད་པའོ། །ཞེས་གསུངས་སོ། །ལུང་ཞུ་བ་༼ པ ༽༢༨༣ན༦ལས། སྒོ་ལེབ་ཀྱི་བྱ་བ་གང་ཞེ་ན། སྒོ་ལེབ་ཅེས་བྱ་བ་ནི་སྒོའི་འཕར་མ་སྟེ། དགེ་སློང་གིས་དེ་ལ་རྡུང་ན་ཡུན་རིང་དུ་བརྡུང་བར་མི་བྱ། ཞེས་སོགས་གསུངས་སོ། །ིང་དུ་བརྡུང་བར་མི་བྱ། ཞེས་སོགས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4975  + (ལེབ་ལེབ། ལྗབ་ལྗབ་པོ་ཡང་འཐད། དཔེར་ན་ཐལ་མོ་བཅར་བཅར་པོ་ཟེར་བ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9057  + (ལེའུའི་མིང་། རབ་ཏུ་བྱེད་པ་དང་འདྲ། འདིའི་དོགས་གཅོད་དང་བཅས་པ་ “རབ་ཏུ་བྱེད་པ” ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3667  + (ལོ་གསར་དང་རྟེན་འབྲེལ་མཛད་སྒོའི་སྐབས་ཅོག་ཙེལོ་གསར་དང་རྟེན་འབྲེལ་མཛད་སྒོའི་སྐབས་ཅོག་ཙེའམ་སྟེགས་བུའི་སྟེང་དུ་བཤམས་པའི་སྣུམ་ལ་བསྲེགས་པའི་ཁ་ཟས་དམར་པོའི་རིགས་ཤིག་གི་མིང་། ཁ་དོག་ཙམ་ལས་བཟོ་དབྱིབས་སོགས་དཀར་སྤྲོ་དང་འདྲ་བ་ཡིན། དཀར་སྤྲོ་ལ་གཟིགས། དམར་སྤྲོ་ཞེས་པའི་ཐ་སྙད་འདི་༸རྒྱལ་མཆོག་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་ཤོག་གྲངས་༦༤སོགས་སུ་སྣང་། ངོས་ནས་དམར་སྤྲོ་ཞེས་པ་དམར་ཟས་དང་འབྲེལ་བ་ཡོད་པས་ཡིན་ནམ་སྙམ་པ་ཡོད་ཀྱང་། དགུང་གྲངས་༨༢ལ་སོན་པ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ལ་མཁྱེན་རྒྱ་ཆེ་ཞིང་། བོད་ཀྱི་གཞུང་ཞབས་བགྲེས་གྲས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་སུ་དེ་སྐོར་བཀའ་འདྲི་ཞུས་པས། ཁོང་གིས་ཟས་ཚོན་དམར་པོ་བླུགས་ནས་བཟོས་པའི་ཁ་ཟས་ལ་དམར་སྤྲོ་ཟེར་བ་རེད་ཅེས་གསུངས་བྱུང་།ཁ་ཟས་ལ་དམར་སྤྲོ་ཟེར་བ་རེད་ཅེས་གསུངས་བྱུང་།)
  • Dictionaries/sgom sde tshig mdzod chenmo/3069  + (ལོ་གསར་དང་རྟེན་འབྲེལ་མཛད་སྒོའི་སྐབས་སུ་ཅོག་ཙེའམ་སྟེགས་བུའི་སྟེང་དུ་བཤམས་པའི་སྣུམ་ལ་བསྲེགས་པའི་ཁ་ཟས་ལ་ཟེར། དམར་སྤྲོ་ཞེས་པའང་ཁ་དོག་དམར་པོ་ཡིན་མིན་ཙམ་ལས་བཟོ་དབྱིབས་ལ་ཁྱད་པར་མེད།)
  • Dictionaries/sgom sde tshig mdzod chenmo/8502  + (ལོ་གསར་སྐབས་བཀྲ་ཤིས་བརྗོད་མཁན་གྱི་མིའི་མིངལོ་གསར་སྐབས་བཀྲ་ཤིས་བརྗོད་མཁན་གྱི་མིའི་མིང་། སྒྲ་བཤད་ནི། འབྲས་ནི་སྟོན་འབྲས་དང་དཀར་ནི་དཀར་ལུག་སོགས་ཕྱུགས་རིགས་འཕེལ་རྒྱས་ཇི་ལྟར་བྱུང་སྐོར་བརྗོད་ཅིང་། ལོ་འདིའི་ནང་དུའང་དེ་ལྟར་འབྱུང་བའི་གཤིས་བརྗོད་བྱེད་མཁན་ཡིན་པས་ཆ་ནས་འབྲས་དཀར་ཟེར་བ་རེད་ཅེས་ཤོད་སྲོལ་ཡོད། ཡང་ཨ་མདོ་ལུང་པ་སོགས་སུ་འབྲས་དཀར་ལ་བེར་དཀར་ཟེར་བ་ནི། འབྲས་དཀར་གྱི་ལག་ཏུ་བེར་ཀ་དཀར་པོ་ཞིག་ཡོད་པས་དེའི་ཆ་ནས་མིང་ཐོགས་པ་ཡིན་ཞེས་བཤད།ག་ཡོད་པས་དེའི་ཆ་ནས་མིང་ཐོགས་པ་ཡིན་ཞེས་བཤད།)
  • Dictionaries/sgom sde tshig mdzod chenmo/10761  + (ལོ་གསུམ་དང་ཟླ་བ་ཕྱེད་གསུམ། ལོ་གསུམ་ནི་གོ་སལོ་གསུམ་དང་ཟླ་བ་ཕྱེད་གསུམ། ལོ་གསུམ་ནི་གོ་སླ། ཕྱོགས་གསུམ་ནི་ཟླ་བའི་དཀར་ཕྱོགས་དང་དམར་ཕྱོགས་རེ་རེར་བརྩིས་པས་ཟླ་ཕྱེད་གསུམ་མོ། །ལོ་གསུམ་ཕྱོགས་གསུམ་ལ་ཞག་གྲངས་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ཡོད། གོང་གི་དཀར་ཕྱོགས་དང་དམར་ཕྱོགས་ཞེས་པ་ནི། ཡར་ངོ་ལ་ཟླ་བའི་དཀར་ཆ་འཕེལ་བ་དང༌། མར་ངོ་ལ་དམར་ཆ་འགྲིབ་པའི་རྒྱུ་མཚན་གྱིས་ཡིན།མར་ངོ་ལ་དམར་ཆ་འགྲིབ་པའི་རྒྱུ་མཚན་གྱིས་ཡིན།)
  • Dictionaries/sgom sde tshig mdzod chenmo/10765  + (ལོ་ཐོག་དང་སྒོ་ཕྱུགས་ཀྱི་བསྡུས་མིང་།)
  • Dictionaries/sgom sde tshig mdzod chenmo/10782  + (ལོ་ཐོག་ལེགས་པའམ། སྟོན་ཐོག་ཡག་པོ་བྱུང་བའི་དོན།)
  • Dictionaries/sgom sde tshig mdzod chenmo/2263  + (ལོ་ན་ཆེ་རུ་སོང་བ། ན་ཚོད་ཆེ་རུ་སོང་བ། ཆེན་པོ་ཆགས་པ། མདོ་སྡེ་ལས་བརྒྱ་པ་༼ ཧ ༽༦བ་ལས། དེ་ནས་གང་གི་ཚེ་ཁྱི་གུ་དེ་ཆེར་སྐྱེས་པ་དེའི་ཚེ། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4792  + (ལོ་ན་ཆེར་མ་ལོངས་པའི་སྲོག་ཆགས་ཀྱི་མིང་།)
  • Dictionaries/sgom sde tshig mdzod chenmo/4083  + (ལོ་ན་ཕྲ་བ་སྟེ། ལོ་ཆུང་ཆུང༌། ན་གཞོན། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལས་གོས་བཟང་གླེགས་བམ་དང་པོ་༦༩ ལས། ན་ཕྲ་བས་སྒོ་སྒེའུ་ཁུང་ནས་མྱུག་མྱུག་མངས་པར་གཉེར་པ་ནང་སོ་སྲེ་མོང་འདྲ་ཞེས་ལབས། ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5954  + (ལོ་པཎ་མང་པོས་མཉམ་རུབ་ཀྱི་ཐོག་ནས་མཛད་པའི་འཕགས་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཆེ་འབྲིང་གཉིས། བྱེ་བྲག་རྟོགས་བྱེད་ཆེན་པོ་དང་། འབྲིང་པོ་གཉིས་ཀ་སྡེ་དགེ་བསྟན་འགྱུར་སྣ་ཚོགས་༼ ཅོ་པ ༽ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/586  + (ལོ་བརྒྱ་ལོན་པའི་མི་རྒད་པོ་ཞིག་སངས་རྒྱས་ཀྱིལོ་བརྒྱ་ལོན་པའི་མི་རྒད་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་མཐར་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱས་ནས། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་མཆོད་པའི་གནས་སུ་གྱུར་པའི་སྤྲོ་བ་སྐྱེ་བ་དང་གཟེངས་བསྟོད་པའི་ལོ་རྒྱུས་ངོ་མཚར་བ་ཞིག འདི་མདོ་མཛངས་བླུན་༼ མདོ་སྡེ་ཨ་པ ༽གྱི་ལེའུ་བཅོ་ལྔ་པ་རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ་ཞེས་བྱ་བ་༡༧༣ན༤ན་བཞུགས་སོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ། སཱ་ལུ་ལྗང་པའི་མདོ། སོར་ཕྲེང་ལ་ཕན་པའི་མདོ། གཟུགས་ཅན་སྙིང་པོར་གདམས་པའི་མདོ། ཁྱིམ་བདག་དཔལ་སྐྱེས་ཀྱི་མདོ་སོགས་མཉམ་དུ་བཞུགས།མ་བདག་དཔལ་སྐྱེས་ཀྱི་མདོ་སོགས་མཉམ་དུ་བཞུགས།)
  • Dictionaries/sgom sde tshig mdzod chenmo/10769  + (ལོ་མ་ནི་འདིར་ཡལ་ག་ཕྲ་མོའི་མིང་ཡིན་ལ། འདབ་མ་ནི་ཤིང་ལོའི་མིང་ངོ་། །)
  • Dictionaries/sgom sde tshig mdzod chenmo/11307  + (ལོ་མ་བདུན་ཚན་དུ་བྱས་ནས་ཡོད་པའི་ཤིང༌།)
  • Dictionaries/sgom sde tshig mdzod chenmo/9839  + (ལོ་མང་པོ་དང་མི་རབས་སོགས་ཀྱི་བར་རྒྱུན་པར་འཇོག་པའི་གཏོར་མའི་མིང༌།)
  • Dictionaries/sgom sde tshig mdzod chenmo/5582  + (ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མའི་གཙོ་བོ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མཛད། འདི་ཇོ་བོའི་ལམ་སྒྲོན་གྱི་དགོངས་འགྲེལ་ཞིང༌། རྒྱལ་བ་ཙོང་ཁ་པས་འདིའི་གླེགས་བམ་གཟིགས་དུས་སུ་མཆོད་པ་སྣ་ཚོགས་ཀྱིས་བསུ་བ་མཛད་ཅིང༌། ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད་པར་བཤད།)
  • Dictionaries/sgom sde tshig mdzod chenmo/5581  + (ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཇོ་བོའི་ཆོས་རྣམས་ཁུ་བོ་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ལས་གནས་ནས་བསྟན་རིམ་མཛད།)
  • Dictionaries/sgom sde tshig mdzod chenmo/9712  + (ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། རྔོག་གི་རུས་ཀྱིལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། རྔོག་གི་རུས་ཀྱི་མིང་ཡིན། བོད་རབ་བྱུང་དང་པོའི་ས་ཕག་སྤྱི་ལོ་༡༠༥༩ལོར་སྐུ་འཁྲུངས། རྒྱལ་བས་ལུང་བསྟན་པར་ཡང་གྲགས་ཤིང་། ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་ནམ་ཚ་བོ་ཡིན་ཞིང་། དེ་ཡང་ལོ་ཙཱ་བ་ལེགས་པའི་ཤེས་རབ་ལ་གཅུང་པོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། ཤེས་རབ་ཀྱི་རྩ་ཕུལ་དུ་བྱུང་། ཁ་ཆེར་ལོ་བཅུ་བདུན་ཙམ་བཞུགས་ནས་མདོ་སྔགས་ལ་གསན་པ་རྒྱ་ཆེར་མཛད། འགྱུར་མཛད་པ་ཡང་ཤིན་ཏུ་མང་ཞིང་དག་ཅིང་དོན་བཟང་བས་ཀུན་གྱིས་ཚད་མར་བྱེད། བཤད་གྲྭ་མང་དུ་མཛད་པས་སྲས་ཀྱི་ཐུ་བོ་བཞི་སོགས་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། གསང་ཕུའི་གདན་སར་སེང་ཆེན་བརྒྱད་སོགས་རིམ་པར་བྱོན་ཅིང་། ཕྱིས་གླིང་སྟོད་ཀྱི་གདན་རབས་ཀྱང་བྱོན་ཏེ་བཤད་གྲྭའི་ཆུ་འགོ་ཡོངས་གྲགས་སུ་གྱུར། འདིའི་རྣམ་ཐར་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་ཡོད་པར་བཤད། རྔོག་ལོ་ཆེན་པོ། རྔོག་ལོ་བསྟན་པའི་ཉི་མ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ལོ་ཙཱ་བ་བློ་ལྡན་ཤེས་རབ་རྣམས་མཚན་གྱི་རྣམ་གྲངས་ཡིན།་བློ་ལྡན་ཤེས་རབ་རྣམས་མཚན་གྱི་རྣམ་གྲངས་ཡིན།)
  • Dictionaries/sgom sde tshig mdzod chenmo/7286  + (ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡན་གྱི་མཁས་པ་རྨ་དགེ་བའི་བློ་གྲོས་དང༌། ཁྱུང་པོ་གྲགས་སེ། (ཁྱུང་པོ་དེ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བ་དང་དུས་མཚུངས་སུ་བྱོན་པར་དེབ་སྔོན་དུ་གསལ) ཞེས་བྱ་བ་ལ་སོགས་པས་འཆད་ཉན་གྱིས་གཏན་ལ་ཕབ་པའི་ཚད་མའི་གཞུང་ལ་ཚད་མ་རྙིང་མ་ཟེར་རོ། །)
  • Dictionaries/sgom sde tshig mdzod chenmo/10773  + (ལོ་ཙྪ་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/10780  + (ལོ་འཁོར་དེ་གའི་ནང་དགེ་བཤེས་དམ་བཅའ་འཇོག་མཁན་གྱི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལྷ་རམས་འཛིན་གྲྭའི་མཚན་ཐོ་རྒན་ཤོས་ཀྱི་མིང༌།)
  • Dictionaries/sgom sde tshig mdzod chenmo/10779  + (ལོ་འཁོར་དེ་གའི་ནང་དགེ་བཤེས་དམ་བཅའ་འཇོག་མཁན་གྱི་གྲྭ་པའི་མིང༌།)
  • Dictionaries/sgom sde tshig mdzod chenmo/8589  + (ལོ་རེ་ཙམ་འཇོག་པའི་གཏོར་མ།)
  • Dictionaries/sgom sde tshig mdzod chenmo/10766  + (ལོ་ལྟར་བེའུ་འབྱིན་པ། ལོ་རེ་བཞིན་བེའུ་སྐྱེས་པ། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/3715  + (ལོ་སུམ་ཅུ་དང་ལྔ་བཅུའི་བར་གྱི་མི་ལ། དར་ལ་བབལོ་སུམ་ཅུ་དང་ལྔ་བཅུའི་བར་གྱི་མི་ལ། དར་ལ་བབ་པ་ཟེར། ཚོམས་ཀྱི་འགྲེལ་པ་༼ ཏུ ༽༦༦བ༧ལས། ལོ་ལྔ་བཅུ་ཕན་ཆད་ནི་རྒན་པོའོ། །ལོ་སུམ་ཅུའི་བར་དུ་ནི་གཞོན་པའོ། །བར་མ་ནི་དར་ལ་བབ་པའོ་ཞེས་ཁ་ཅིག་འདོད་དོ། །ཞེས་གསུངས་སོ། །འོན་ཀྱང་དེང་སང་ནི་མི་རྣམས་ཚེ་རིང་པོར་སྡོད་པས། ལོ་སུམ་ཅུ་ནས་དྲུག་ཅུའི་བར་ཙམ་ལ། དར་ལ་བབ་པ་བཞག་དགོས་པར་སྣང་ངོ་། །་བར་ཙམ་ལ། དར་ལ་བབ་པ་བཞག་དགོས་པར་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/1005  + (ལོ། གནམ་ལོའི་ཞེ་སར་དགུང་ལོ་ཟེར། བོད་རྒྱ་ཚིལོ། གནམ་ལོའི་ཞེ་སར་དགུང་ལོ་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར། གནམ་ལོ་ཞེས་པ་ལོའི་ཞེ་སར་བྱས་འདུག་ཀྱང་། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་གུར་ཁང་དུ་དགུང་ལོ་གནམ་ལོའི་ཞེ་སར་གསུངས་པར་གཞིགས་ན་འདི་ཞེ་ས་མིན་པ་ལྟ་བུར་སྣང་ངོ་། །འོན་ཀྱང་དཔྱད་དགོས་ཏེ། བཞུགས་པ་དང་གཞེས་པ་གཉིས་ཀ་ཞེ་ས་ཡིན་ཀྱང་། དེ་ཉིད་ལས། གཞེས་པ་བཞུགས་པའི་ཞེ་སར་གསུངས་པའི་ཕྱིར་རོ། །སྙམ་མོ། །གས་པའི་ཞེ་སར་གསུངས་པའི་ཕྱིར་རོ། །སྙམ་མོ། །)
  • Dictionaries/sgom sde tshig mdzod chenmo/8311  + (ལོག་གཡེམ་གྱི་མིང་། སྒྲ་བཤད་ནི། འདོད་པས་ལོག་པར་གཡེམ་པས་ན་འདོད་ལོག་ཅེས་བྱའོ། །དེ་ཡང་འདོད་པས་ལོག་པར་གཡེམ་པ་ནི་གཞན་དག་གི་ཆུང་མ་སུན་འབྱིན་པ་ལ་ཟེར་རོ། །)
  • Dictionaries/sgom sde tshig mdzod chenmo/8312  + (ལོག་གཡེམ་བྱས་པའི་དོན།)
  • Dictionaries/sgom sde tshig mdzod chenmo/10786  + (ལོག་པར་དད་སེལ་དང་དོན་འདྲ།)