Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "ཤིང་ཐོག་ཀུ་ཤུ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/10859  + (ཤི་བའི་དོན། ཕྱི་མའི་ལྔ་ལམ་དུ་གྱུར་པ་དང་དོན་གཅིག ལྔ་ནི། སྐྱེ་བ། རྒ་བ། ན་བ། རྒུད་པ། འཆི་བ་སྟེ་ལྔའོ། །)
  • Dictionaries/sgom sde tshig mdzod chenmo/4648  + (ཤི་བའི་དོན། ལྔ་ནི། སྐྱེ་བ། རྒ་བ། ན་བ། རྒུད་པ། འཆི་བ་སྟེ་ལྔའོ། །ལྔ་པའི་ལམ་དང་དོན་གཅིག ཡང་ན་དང་པོ་མངལ་དུ་ཞུགས་པ། གཉིས་པ་སྐྱེ་བ། གསུམ་པ་རྒས་པ། བཞི་པ་ན་བ། ལྔ་པ་ཤི་བས་ན་དེ་སྐད་ཅེས་བརྗོད་དོ། །)
  • Dictionaries/sgom sde tshig mdzod chenmo/473  + (ཤི་བའི་མིང་།)
  • Dictionaries/sgom sde tshig mdzod chenmo/11902  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/11922  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/11924  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/11925  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/11926  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/11938  + (ཤི་བའི་མིང་གི་རྣམ་གྲངས་ཤིག)
  • Dictionaries/sgom sde tshig mdzod chenmo/3772  + (ཤི་བའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་དུས་ཀྱི་ཆོས་དང་ལྡན་པ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3789  + (ཤི་བའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི་དུས་ལས་འདས་པ་ཞེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3770  + (ཤི་བའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། དུསཤི་བའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ལ་དུས་ཞེས་བྱ་བ་ནི། འཚོ་བའི་མཐའི་དུས་ཏེ་འཆི་བའོ། །ཆོས་ཞེས་བྱ་བ་ནི་ངོ་བོ་ཉིད་དེ། དུས་ཀྱི་ཆོས་འཆི་བ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༦ན༤ལས་གསུངས་པ་ལྟར་རོ། །ྣམ་པར་བཤད་པ་༼ ཚུ ༽༥༦ན༤ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11282  + (ཤི་ལ་ཁད་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11283  + (ཤི་ལ་ཁད་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11284  + (ཤི་ལ་ཁད་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/11286  + (ཤི་ལ་ཁད། ཤི་གྲབས་བྱེད་པ། ཤི་མིན་རོ་མིན། ཤི་མ་གསོན། ཤི་མིན་གསོན་མིན་རྣམས་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/10868  + (ཤིག་ཟ་བ་འཕྲུག་བྱེད།)
  • Dictionaries/sgom sde tshig mdzod chenmo/11290  + (ཤིང་གཅིག་གི་ཉེ་འདབ། སྒྲ་བཤད་ནི། ཤིང་གཅིག་ནི། ཤིང་དེས་གྲིབ་མས་ཤིང་གཞན་མི་ནོན། ཤིང་གཞན་གྱི་གྲིབ་མས་ཤིང་དེ་མི་ནོན་པའམ། ཡང་ན་རྒྱང་གྲགས་གཅིག་གི་ཁོར་ཡུག་ཏུ་ཤིང་གཞན་མེད་པ་ལ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལྟར་བཀོད། དྲུང་ནི་རྩ་བའམ་ཉེ་འདབས་ཀྱི་མིང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/596  + (ཤིང་གཤག་པ་དང་། ཡོ་བྱད་དམ་པོར་བྱེད་པའི་ཤིང་བུ་ཞིག)
  • Dictionaries/sgom sde tshig mdzod chenmo/11295  + (ཤིང་གི་འབྲས་བུ། ཤིང་འབྲས། སྒྲ་བཤད་ནི། ཏོག་ཅེས་པ་རྩེ་མོའི་དོན་ཡིན་པས་ཤིང་གི་རྩེ་མོའམ་ངོས་སུ་སྐྱེས་པས་ཤིང་ཏོག་ཅེས་བྱའོ། །ཤིང་ཐོག་བྲིས་པ་ནི་ཡིག་རྙིང་གི་འབྲི་ཚུལ་ལ་ཏོག་དང་ཐོག་གཉིས་རེ་མོས་སུ་འབྲི་བས་གདམ་ང་ཅན་ཡིན་པས་དོན་འདྲའོ། །)
  • Dictionaries/sgom sde tshig mdzod chenmo/10897  + (ཤིང་གི་ཡལ་ག་ཕྲ་མོ། ཤིང་གི་ཡལ་ག་གསར་པ།)
  • Dictionaries/sgom sde tshig mdzod chenmo/11291  + (ཤིང་གི་ར་བ།)
  • Dictionaries/sgom sde tshig mdzod chenmo/7538  + (ཤིང་ཆེན་པོ་བརྒྱད་ཀྱི་རྩེ་མོར། ཤར་དུ་གླང་པོཤིང་ཆེན་པོ་བརྒྱད་ཀྱི་རྩེ་མོར། ཤར་དུ་གླང་པོའི་གདོང་ཅན་དཀར་པོ། ལྷོར་མ་ཧེའི་གདོང་ཅན་སྔོན་པོ། ནུབ་ཏུ་སྦྲུལ་གདོང་ཅན་དཀར་པོ། བྱང་དུ་མི་གདོང་ཅན་སེར་པོ། བྱང་ཤར་དུ་གླང་གདོང་ཅན་དཀར་པོ། ཤར་ལྷོར་ར་སྐྱེས་གདོང་ཅན་དམར་པོ། ལྷོ་ནུབ་ཏུ་རོ་ལངས་གདོང་ཅན་སྔོན་པོ། ནུབ་བྱང་དུ་ཤ་བའི་གདོང་ཅན་དུད་ཁ་སྟེ་བརྒྱད་དོ། །དེ་ཐམས་ཅད་ཀྱང་དྲག་ཅིང་གཏུམ་ལ་རྫུ་འཕྲུལ་ཆེ་བ། ཞལ་གཅིག་ཕྱག་གཉིས་པ། ཤིང་གསེབ་ནས་ལུས་ཕྱེད་ཕྱིར་འཐོན་པ། གཡས་ཐོད་པ་ཁྲག་གིས་གང་བ་འཛིན་ཅིང༌། གཡོན་ཐམས་ཅད་གཏོར་མ་བཟུང་ནས་བྲེལ་བའི་ཚུལ་དུ་གནས་པའོ། །་གཏོར་མ་བཟུང་ནས་བྲེལ་བའི་ཚུལ་དུ་གནས་པའོ། །)
  • Dictionaries/sgom sde tshig mdzod chenmo/9512  + (ཤིང་ཏོག་ཆི་བི་ཁ་སྐྱེ་བའི་ཤིང་སྡོང་། རྒྱ་ཤུག་གི་འབྲུ་ཞེས་པའི་ཐད་དུ་གཟིགས། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། བྱ་རྒོད་སེན་མོ་འབྲས་ཟླུམ་ཅན། །དཔའ་སྐྱེས་ས་སྟོབས་རྒྱ་ཤུག་གོ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11298  + (ཤིང་ཏོག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/8489  + (ཤིང་ཐོག་ཨ་མྲའི་མིང་། ཐང་སན་ཙང་ལམ་ཡིག་ལས། ཨ་མྲ་ཞེས་པ་འབྲ་གོ་སྟེ་རིགས་གཉིས་ཡོད་པ་ཆེ་ཆུང་གཉིས་ལས་ཆུང་བ་ནི་ཁ་དོག་སྔོན་པོ་སྨིན་པ་ན་སེར་པོར་འགྱུར་རོ། །ཆེ་བ་ནི་སྨིན་པ་ཡང་སྔོན་པོར་གནས་པ་སྟེ་རིགས་གཉིས་སོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/5856  + (ཤིང་དང་ལྕགས་དང་ཟངས་དང་རས་སོགས་གྲུ་བཞི་ནར་མོར་དྲས་པའི་ཚལ་བུ། བརྗེད་བྱང༌། ཁ་མིང༌། ཁ་བྱང༌། ཆུང་བ། ཤིང་བྱང༌། མཛད་འགྱུར་ལ་བཅས་ལ་འཇུག་པར་བཤད།)
  • Dictionaries/sgom sde tshig mdzod chenmo/6324  + (ཤིང་དུམ་གྱི་མེ་མྱུར་བར་བསྐོར་བ་ལས་དབྱིབས་གོར་གོར་པོར་སྣང་བ་དེ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/4120  + (ཤིང་ནགས་མཐུག་པོ།)
  • Dictionaries/sgom sde tshig mdzod chenmo/8606  + (ཤིང་ནྱ་གྲོ་དྷ། པ་ལཀྵ། ཨུ་དུམྦཱ་ར། པིསྤལ། མཎྜལ་མཎྜ་དང་ལྔའོ། །དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ནང་གསལ་ལོ། །)
  • Dictionaries/sgom sde tshig mdzod chenmo/6323  + (ཤིང་ཕྱེད་ཚིག་པའི་སྣེ་མོའི་མེ་ལ་ཟེར། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༣༧ན༤ལས། མགལ་མེ་ནི་ཤིང་ཕྱེད་ཚིག་པའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཤིང་མགལ་དུམ་གྱི་མེ་ཡིན་པས་ན་དེ་སྐད་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/11836  + (ཤིང་མེར་བསྲེགས་པའི་རོ་ཏོའམ། རང་བཞིན་གྱིས་གཏེར་ནས་ཐོན་པའི་རྡོ་སོལ།)
  • Dictionaries/sgom sde tshig mdzod chenmo/11250  + (ཤིང་ཚ་ཚ་ཟེར་བ་ཚེར་མ་རྩུབ་ལ་རིང་བ་ཅན་གྱི་ཤིང་ཞིག་གམ། དམྱལ་ཁམས་ན་ཡོད་པའི་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་རྣོ་ལ་ཁ་ཐུར་དུ་བལྟ་བའི་སྡོང་པོ་ཞིག)
  • Dictionaries/sgom sde tshig mdzod chenmo/8649  + (ཤིང་ཞིག)
  • Dictionaries/sgom sde tshig mdzod chenmo/3257  + (ཤིང་ཞིག་གི་མིང་ཡིན་པར་བཤད། རྒྱལ་ཁམས་རིག་པསཤིང་ཞིག་གི་མིང་ཡིན་པར་བཤད། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཚིག་གསལ་གྱི་འགོར། ཅི་སྟེ་ཡང་དགོན་པའི་ཐིག་ལེ་བཞིན་སོགས་ཀྱི་ཚིག་གོ་དཀའ་ཡང་དེ་ཡང་དགོན་པའི་ཐིག་ལེ་བྱ་བ་ཨརནྣེ་ཏི་ལ་ཀཱཿབྱ་བའི་ཤིང་ཞིག་གི་མིང་ཡིན་ཟེར་ཅིང་། ཤིང་དེ་གཅིག་མཐོང་ཡང་མང་ཚིག་སྦྱོར་བས་རྣམས་ལ་མཐའ་གཅིག་ཏུ་དོན་མི་དགོས་པའི་དཔེ་དང་། ཞེས་གསལ།་གཅིག་ཏུ་དོན་མི་དགོས་པའི་དཔེ་དང་། ཞེས་གསལ།)
  • Dictionaries/sgom sde tshig mdzod chenmo/5735  + (ཤིང་འབྲས་བེ་ཏའི་ཤིང་སྡོང་། བེ་ཏའི་ཤིང་སྡོང་གི་མིང་གི་རྣམ་གྲངས་ནི་མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ནཱ་རི་ཀེ་ལཱ་འབྲས་བུ་རྟག །འབྲས་བུའི་ཕུང་པོ་ས་འཚོ་འདབ། །ཏ་ལའི་རྒྱལ་པོ་མི་མོ་རྩེ། །བེ་ཏའི་ཤིང་དང་གཤོལ་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/1528  + (ཤིང་འཚོང་དབུལ་པོ་ཞིག་གིས་ཤིང་བཙོངས་པའི་རིནཤིང་འཚོང་དབུལ་པོ་ཞིག་གིས་ཤིང་བཙོངས་པའི་རིན་དུ་དོང་ཙེ་གཉིས་ཤིག་བྱུང་བ་དེ་སངས་རྒྱས་གསེར་ཐུབ་དང་དེའི་ཉན་ཐོས་དང་བཅས་པར་དད་པའི་སེམས་ཀྱིས་ཕུལ་བའི་དགེ་བའི་རྩ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ། ལག་ན་གསེར་གྱི་དོང་ཙེ་རྟག་ཏུ་ཐོགས་པར་སྐྱེས་པར་གྱུར་ཏོ། །འདི་མདོ་མཛངས་བླུན་མདོ་སྡེ་༼ ཨ ༽༡༥༠བ༥ན་བཞུགས་སོ། །་མཛངས་བླུན་མདོ་སྡེ་༼ ཨ ༽༡༥༠བ༥ན་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/8908  + (ཤིང་ཡོངས་འདུ་ས་བརྟོལ་སྟེ་དཔག་བསམ་གྱི་ཤིང་གི་མིང་། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། གསེར་ཤིང་གསེར་གྱི་གདོང་ཅན་དང་། །ཀུ་མུད་ལོ་མ་འདབ་ཟུང་ལྡན། །རྔ་ཡབ་ཅན་དང་ཕུན་ཚོགས་འཕེལ། །ས་བརྟོལ་ས་འཇོམས་དཔག་བསམ་ཤིང་། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11305  + (ཤིང་རྟ་བཞོན་ནས་དམག་རྒྱག་པའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/10096  + (ཤིང་རྟ་རང་གི་ཡན་ལག་དང་གཅིག་དང༌། ཐ་དད། རྟེནཤིང་རྟ་རང་གི་ཡན་ལག་དང་གཅིག་དང༌། ཐ་དད། རྟེན་དང༌། བརྟེན་པ། ལྡན་པ། ཚོགས་པ། དབྱིབས་དང་བདུན་དུ་བཙལ་བས་མི་རྙེད་ཀྱང་བཏགས་ཙམ་དུ་ཡོད་པར་སྒྲུབ་པའི་རིགས་པའོ། །འདི་གང་ཟག་གི་བདག་འགོག་པའི་རིགས་པའི་གཙོ་བོར་རྗེའི་ལམ་རིམ་ཆེན་མོ་དང་དྲང་ངེས་ལེགས་བཤད་སྙིང་པོ་སོགས་སུ་གསུངས། རིགས་པ་དང་པོ་བཞི། མདོ་ལས་ཕྱི་རོལ་མུ་སྟེགས་པ་འགོག་བྱེད་དུ་གསུངས། ལྡན་པའི་རིགས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་བྱེ་མདོ་སོགས་འགོག་བྱེད་དུ་རྩ་བ་ཤེས་རབ་ལས་གསུངས། ཚོགས་པ་དང་དབྱིབས་སུ་མེད་ཚུལ་གྱི་རིགས་པ་ནི། དཔལ་ལྡན་ཟླ་བས་སེམས་ཙམ་པ་དང་རང་རྒྱུད་པ་འགོག་བྱེད་དུ་དབུ་ལ་འཇུག་པར་གསུངས་ཞེས་ཀློང་རྡོལ་བླ་མ་གསུང༌། ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱི་༼ གཞུང་ལུགས་དུ་མའི་བརྗོད་བྱ་སྣ་ཚོགས་པ་མིང་གི་སྒོ་ནས་གསལ་བར་བསྟན་པ ༽ལས། དགག་བྱའི་བདག་ནི་ཕུང་དང་གཅིག་ཉིད་༡མིན། །རང་བཞིན་གྱིས་ཀྱང་ཐ་དད་ཡོད་མིན་༢ཞིང༌། །ཕུང་པོ་རྣམས་དང་རང་བཞིན་གྱིས་༣མི་ལྡན། །ཕུང་པོར་རང་བཞིན་གྱིས་ནི་བརྟེན་༤མ་ཡིན། །ཕུང་རྣམས་དེ་ལའང་དེ་ལྟར་བརྟེན་༥པ་མིན། །ཕུང་པོའི་ཚོགས་༦པ་བདག་མིན་དབྱིབས་མ་༧ཡིན། །རྣམ་བདུན་རིགས་པར་དབུ་མའི་གཞུང་ནས་བཤད། །ཅེས་གསུངས་སོ། །ས་པར་དབུ་མའི་གཞུང་ནས་བཤད། །ཅེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/6974  + (ཤིང་རྟའི་འཁོར་ལོ་ཆག་པའི་དོན་ཡིན། ཚོམས་༢༥ལསཤིང་རྟའི་འཁོར་ལོ་ཆག་པའི་དོན་ཡིན། ཚོམས་༢༥ལས། དཔེར་ན་བྱིས་པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་སུ། །ལན་ངན་དག་ཏུ་འགྲོ་བྱེད་པས། །མིག་ཆག་སེམས་ཁོང་ཆུད་པ་ལྟར། །ཞེས་གསུངས་སོ། །དེའི་ཐད་ཀྱི་ཚོམས་འགྲེལ་༼ ཏུ ༽༡༣༡ན༡ལས། མིག་ཆག་ཅེས་བྱ་བ་ནི་མིག་འདི་ལ་ཆག་པ་ཡོད་པ་ནི་མིག་ཆག་སྟེ། ཤིང་རྟའི་འཁོར་ལོ་ཆག་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10944  + (ཤིང་རློན་འབྲས་བུ་མ་སྨིན་པ། །ལྟ་སྟངས་བྱས་ཙམཤིང་རློན་འབྲས་བུ་མ་སྨིན་པ། །ལྟ་སྟངས་བྱས་ཙམ་ས་ལ་ལྷུང༌། །མཁྲེགས་ཤིང་གྱེན་དུ་སྐྱེས་པ་རྣམས། །ལྟ་སྟངས་བྱས་ཙམ་ཐུར་དུ་འགུག །རྒྱང་རིང་མེ་ཏོག་དྲི་ལྡན་རྣམས། །ལྟ་སྟངས་བྱས་ཙམ་དྲུང་དུ་འདུ། །རླུང་གིས་དྲག་ཏུ་བཏབ་པ་ལ། །ལྟ་སྟངས་བྱས་ཙམ་རྩ་མི་གཡོ། །དེ་དག་ལྟ་སྟངས་དངོས་གྲུབ་བཞི། །ཞེས་གསུངས་པ་ལྟར་རོ། །ཀློང་རྡོལ་བླ་མའི་གླེགས་བམ་དང་པོ་༡༡༨ན་གསལ།།ཀློང་རྡོལ་བླ་མའི་གླེགས་བམ་དང་པོ་༡༡༨ན་གསལ།)
  • Dictionaries/sgom sde tshig mdzod chenmo/10770  + (ཤིང་ལོའི་ཐུམ་པོ་སྟེ། རྒྱ་གར་དུ་སྡེར་མའམ་ཟསཤིང་ལོའི་ཐུམ་པོ་སྟེ། རྒྱ་གར་དུ་སྡེར་མའམ་ཟས་སྣོད་ཀྱི་ཚབ་ཏུ་ཀེ་ལའི་ལོ་མ་བེད་སྤྱོད་བྱེད་པས། དེ་འདྲའི་ཤིང་ལོ་མང་པོ་བརྩེགས་ནས་བཞག་པ་ཟེར་བར་སྙམ་མོ། །དབྱངས་ཅན་དགའ་བློའི་འདུལ་བའི་གླེང་འབུམ་ལས་བྱུང་བའི་བརྡ་བཀྲོལ་༤བ༦ལས། རྒྱ་གར་བ་རྣམས་ཤིང་ཏ་ལའི་ལོ་མར་འབྲས་ཆན་སོགས་བླངས་ནས་ཟ་ཟེར་རོ། །ཞེས་གསུངས་ཀྱང་། དེ་ནི་ཤིང་ཐོག་ཀེ་ལའི་ལོ་མ་ཡིན་གྱི། ཏ་ལའི་ལོ་མ་མ་ཡིན་ནོ། །ད་ལྟ་མནོ་བསམ་གཏོང་དུས་རྒྱ་གར་གྱི་ལུགས་སྲོལ་དེ་གཙང་སྦྲ་ལྡན་པའི་ལུགས་སྲོལ་ཁྱད་དུ་འཕགས་པ་ཞིག་ཡིན་པར་སྣང་ངོ་། །ས་སྲོལ་ཁྱད་དུ་འཕགས་པ་ཞིག་ཡིན་པར་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/10882  + (ཤིང་ལྕང་མའི་བྱེ་བྲག་ཅིག་ཡིན་པར་བཤད།)
  • Dictionaries/sgom sde tshig mdzod chenmo/11191  + (ཤིང་ཤ་པ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/12053  + (ཤིང་སྐྱེར་ཁའམ། དེའི་ཁ་དོག་གི་མིང་སྟེ། དཀར་པོ་དང་འདུས་པའི་སེར་པོ་ཤས་ཆེ་བའི་ཁ་དོག་ཅིག)
  • Dictionaries/sgom sde tshig mdzod chenmo/11297  + (ཤིང་སྒྲུག་མཁན། ཤིང་འཐུ་མཁན། སྒྲ་བཤད་ནི། ཐུན་ཞེས་པ་འདིར་འཐུ་བའི་དོན་ཡིན། དཔེར་ན་རྩྭ་འཐུ་མཁན་ལ། རྩྭ་ཐུན་ཟེར་བ་ལྟ་བུ། ལུང་རྣམ་འབྱེད་༼ ཅ ༽༥༡བ༦ལས། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/1765  + (ཤིང་སྟག་པའམ་དེའི་ཤུན་པའི་མིང་། དཔེར་ན་རྣ་བའི་དབང་པོ་གྲོ་ག་གཅུས་ནས་བཅད་པ་ལྟ་བུ། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/13171  + (ཤིང་སྨན་གྱི་རིགས་ཤིག འདི་ཞང་ཞུང་གི་སྐད་ཡིན་པར་བཤད། ཡང་གཞན་དུ་ཤིང་གི་བྱེ་བྲག་ཅིག་ཅེས་དང༌། ཤིང་སྨན་གྱི་བྱེ་བྲག་ཅེས་འབྱུང་བ་ཐམས་ཅད་དོན་འདྲ་བར་སེམས་སོ། །)
  • Dictionaries/sgom sde tshig mdzod chenmo/1357  + (ཤིན་ཅང་གི་ས་ཁུལ་ཞིག་གི་མིང་ཡིན་པར་སེམས། གརཤིན་ཅང་གི་ས་ཁུལ་ཞིག་གི་མིང་ཡིན་པར་སེམས། གར་ལོག་ནི་Qarlug or Karlug ཞྭ་སྒབ་པས་ཡར་ཀན་Yarkhand གྱི་ཕྱོགས་ལ་ངོས་འཛིན་བྱས་འདུག་ཅིང་། ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༤༣ལས། གར་ལོག་གི་ཡུལ་གང་དུ་ཡོད་རྩད་དཔྱོད་བྱ་ཕྱིར་ཧིལ་ཕུག་གྱི་དབྱིན་དེབ་ “Die Qarlug inder Tibetischen Literatur” , Oriens, p,  3 (London, 19 50) pp.190- 208 ཞེས་པའི་ནང་ལ་ཡར་ཀན་གྱི་ཕྱོགས་སུ་ངོས་འཛིན་བྱས་འདུག་ཅིང་། ང་རང་གིས་ཀྱང་དེ་ལྟར་ཡིན་པར་སེམས་སོ། །ཞེས་གསལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་ཚིག་མཛོད་ནང་གར་ལོག་གི་སྐོར་ཅུང་ཟད་རྒྱས་ཙམ་སྣང་བ་དེར་བལྟ་བར་བྱའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། གར་ལོག་ནི། སྔར་ཁ་ཆེ་ཡུལ་གྱི་མི་རིགས་ཏུ་རུ་ཀའི་ནང་གསེས་ཡན་ལག་ཅིག་ཡིན་ཞིང་། དུས་རབས་བཅུ་གཅིག་པར་དེའི་རྒྱལ་པོ་ཞིག་གིས་ལྷ་བླ་མ་ཡེ་ཤེས་འོད་བཀྲོངས། ཞེས་ཀྱང་གསུངས་འདུག་པས་ད་དུང་ཞིབ་ཏུ་དཔྱད་པར་འཚལ་ལོ། །ུངས་འདུག་པས་ད་དུང་ཞིབ་ཏུ་དཔྱད་པར་འཚལ་ལོ། །)