Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "1 གཏན་ལ་ཕབ་པ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/13085  + (1 ཁུ་བའི་ལམ།)
  • Dictionaries/sgom sde tshig mdzod chenmo/8895  + (1 ཁེབས་པ། དྲི་མས་ཡོག་པ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2499  + (1 ཁོ་ན། གཅིག་པུ། ཁེར་རྐྱང༌། ༸གོང་ས་ཏཱ་ལའི་བླ་མའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་མི་ཉམས་གོང་འཕེལ་ཉམས་པ་གསོར་ཆུད་པ་བྱུང་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2487  + (1 ཁོག་པའི་ནང་དུ་མུ་ཏིག་ཆགས་ཐུབ་པའི་ཆུ་རུ་སྐྱེས་པའི་སྲོག་ཆགས།)
  • Dictionaries/sgom sde tshig mdzod chenmo/12744  + (1 ཁོང་ཁྲོ་ཞི་བར་བྱེད་པ། ཁོང་ཁྲོ་སྐྱུང་བ།)
  • Dictionaries/sgom sde tshig mdzod chenmo/10813  + (1 ཁོམ་མེད། མི་ཁོམ་པ།)
  • Dictionaries/sgom sde tshig mdzod chenmo/4447  + (1 ཁོས་ཤིག་ཅེས་པའི་དོན། རྗེའི་སྔགས་རིམ་ཆེན་1 ཁོས་ཤིག་ཅེས་པའི་དོན། རྗེའི་སྔགས་རིམ་ཆེན་མོ་ལས། ཕཊ་ནི་ཁོས་ཤིག་ཅེས་པའོ། །ཞེས་དང་། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཕཊ་ཕཊ་ཅེས་པ་ནི་དགས་པའོ། །ཞེས་གསུངས་སོ། །མགོ་བོ་ཚལ་པར་ཁོས་ཤིག་ཅེས་པ་ལྟ་བུ། འདིའི་ཁོས་ཤིག་ཅེས་པ་ནི་འགས་པའི་སྐུལ་ཚིག་ཡིན། ཕཊ་ནི་རྒྱ་གར་གྱི་ “ फटना ” དང་ “ फाड़ना ” ཞེས་པ་རལ་བ་དང་དབྲལ་བའི་དོན་ཡིན་པ་དེ་ལས་དྲས་པར་སེམས་སོ། །དབྲལ་བའི་དོན་ཡིན་པ་དེ་ལས་དྲས་པར་སེམས་སོ། །)
  • Dictionaries/sgom sde tshig mdzod chenmo/2959  + (1 ཁྱག་པ། ཡར་འདེགས་ནུས་པ།)
  • Dictionaries/sgom sde tshig mdzod chenmo/7196  + (1 ཁྱད་པར་རམ་ཡན་ལག་ཡོངས་སུ་མ་རྫོགས་པ། ཚད་མ་ལོངས་པ། གོང་མའི་ཁྱད་པར་རམ་ཡོན་ཏན་མ་ཐོབ་པ། ཁྱད་པར་རམ་ཡོན་ཏན་ལྷག་པོ་མེད་པ། དངོས་གཞི་ཙམ་པོའམ་ཙམ་པོ་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8049  + (1 ཁྱི་ཤིག)
  • Dictionaries/sgom sde tshig mdzod chenmo/11741  + (1 ཁྱིམ་པ་རབ་བྱུང་གི་ཆ་བྱད་ཅན་གྱི་མིང་། ཁྱི1 ཁྱིམ་པ་རབ་བྱུང་གི་ཆ་བྱད་ཅན་གྱི་མིང་། ཁྱིམ་པ་སེར་གཟུགས་ཅན། ཁྱིམ་པ་གྲྭ་གཟུགས་ཅན། ཁྱིམ་པ་བཙུན་གཟུགས་ཅན། རབ་བྱུང་གི་རྟགས་འཆང་བའི་ཁྱིམ་པ། གྲྭ་ཆས་གྱོན་པའི་ཁྱིམ་པ། ཁྱིམ་བཙུན་རྣམས་དོན་འདྲ། འདི་གྲྭ་ཆས་གྱོན་པའི་གྲྭ་ལོག་ལའང་གོ། སེར་ཁྱིམ་པ་ནི་ཁྱིམ་བཙུན་ཞེས་པ་དང་ཡང་དོན་འདྲ་སྟེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དབྱིག་གཉེན་གྱི་རྣམ་ཐར་འཆད་པའི་སྐབས་ལས། ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོས་པ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་སྐུ་འདས་ཏེ། རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སེར་ནི་སེར་མོ་བ་སྟེ་རབ་བྱུང་གི་མིང་ཡིན་པས་ཁྱིམ་པའི་རབ་བྱུང་ཞེས་པ་ལྟ་བུའི་དོན་ནོ། །ས་ཁྱིམ་པའི་རབ་བྱུང་ཞེས་པ་ལྟ་བུའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/3418  + (1 ཁྲལ། སྟོན་ཐོག་གི་དྲུག་ཆའི་སྤོགས། ཞེས་བསྟན་དར་ལྷ་རམས་པ་གསུང་། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༢༩བ༥ལས། ཤོ་གམ་ཞེས་བྱ་བ་ནི་ལམ་གྱི་དཔྱའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/4160  + (1 ག་དུས། དུས་གང་གི་ཚེ། དཔེར་ན་ནམ་འཆི་ངེས་མེད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4036  + (1 ག་བུར། གུར་གུམ། ཙནྡན་དན་དཀར་པོ། ཙནྡན་དན་དམར་པོ། གླ་རྩི་སྟེ་ལྔའོ། །དཱ་རི་ཀ་པས། ག་བུར་གུར་གུམ་ཙནྡན་དང༌། །ཙནྡན་དམར་པོ་གླ་རྩི་རྣམས། །སྔགས་བཟླས་ནས་ནི་བླུག་པར་བྱ། །ཞེས་གསུངས་སོ། །རྗེའི་སྔགས་རིམ་ཆེན་མོར་གཟིགས།)
  • Dictionaries/sgom sde tshig mdzod chenmo/3857  + (1 གང་གིས་མི་རྣམས་ཡུལ་གཞན་ནས་གཞན་དུ་འཁྲིད་པར་བྱེད་པ་པོ།)
  • Dictionaries/sgom sde tshig mdzod chenmo/2653  + (1 གང་ཞིག་རང་རྒྱུད་ལ་སྐྱེས་པ་ན་རང་རྒྱུད་རབ་ཏུ་མ་ཞི་བའམ་གདུང་བར་བྱེད་པའི་བྱེད་ལས་ཅན་གྱི་སེམས་བྱུང་ཞིག་ལ། ཉོན་མོངས་ཟེར།)
  • Dictionaries/sgom sde tshig mdzod chenmo/8303  + (1 གང་འདོད་སྟེར་བ།)
  • Dictionaries/sgom sde tshig mdzod chenmo/12432  + (1 གཅན་གཟན་སྟག་དང་གཟིག)
  • Dictionaries/sgom sde tshig mdzod chenmo/2945  + (1 གཉིད་ཐུང་ངམ་གཉིད་སྲབ་མོ། དེ་ཡང་ཐུམ་ནི་དུ1 གཉིད་ཐུང་ངམ་གཉིད་སྲབ་མོ། དེ་ཡང་ཐུམ་ནི་དུམ་བུའམ་ཐུང་ངུའི་དོན་དང་། ཕྲས་ནི་ཉལ་བའི་དོན་ནོ། །ཞིབ་ཏུ་བཤད་ན། ཐུམ་ཕྲས་ཞེས་པའི་ཐུམ་ནི། ཐུམ་བུའམ་དུམ་བུ། དུམ་ཙམ། ཐུམ་ཙམ་ཐུམ་ཙམ། དུམ་ཙམ་དུམ་ཙམ། ཐུང་ཐུང་། སྲབ་མོ་བཅས་ཀྱི་དོན། རྗེའི་ལམ་རིམ་ཆེན་མོ་ལས། རྣམ་པ་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་སེམས་གཞོལ་བར་མི་བྱེད་པར་བརྩོན་འགྲུས་ཀྱིས་ཟིན་པའི་སེམས་ཀྱིས་རི་དྭགས་བཞིན་དུ་ཐུམ་ཕྲས་ཀྱིས་ཉལ་བའོ། །ཞེས་གསུངས། ལམ་རིམ་ཆེན་མོར་ཐུམ་ཕྲས་ཞེས་འབྱུང་བ་ནི་གཉིད་སྲབ་མོ་ལ་གོ་དགོས། ཕྲས་ནི་འཕྲེས་པའམ་བསྙེས་པ་སྟེ་འཕྲེས་ཉལ་བརྒྱབ་པའི་དོན་ནོ། །མ་བསྙེས་པ་སྟེ་འཕྲེས་ཉལ་བརྒྱབ་པའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/10206  + (1 གཉིད་དུས་སུ་རྨི་ལམ་ལ་རྨི་ལམ་ཡིན་པར་ངོ་ཤེས་པ་ལ། རྨི་ལམ་ཟིན་པ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་དང་། རྗེའི་གསུང་ཟིན་བྲིས་གསང་འདུས་ཡིག་ཆུང་ཉེར་གཅིག་སོགས་ལས་བཤད། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་རང་རྣམ་དུའང་གསལ།)
  • Dictionaries/sgom sde tshig mdzod chenmo/795  + (1 གཉིས་དང་ལྡན་པ།)
  • Dictionaries/sgom sde tshig mdzod chenmo/3867  + (1 གཉིས། ཆ། ཟུང་བཅས་ཀྱི་དོན། འབྲས་ཀི་ལོ་དོ་1 གཉིས། ཆ། ཟུང་བཅས་ཀྱི་དོན། འབྲས་ཀི་ལོ་དོ་ཞེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། དོའི་འགྲེལ་བཤད་ཅིག་ལ། དོན་གྱི་ངོ་བོ་གང་ཡང་མི་སྟོན་པའི་ཚིག་གྲོགས་ཤིག དཔེར་ན། དོ་སྙོམས་པ། ཞེས་གསུངས་པ་ལ་སྐྱོན་འདི་སྣང་སྟེ། དོ་སྙོམས་པ་ཞེས་པའི་དོ་ནི་མཉམ་པའམ་སྙོམས་པའི་དོན་ཏེ། དཔེར་ན། དོ་ཤལ་ཞེས་པའི་དོ་ནི་མཉམ་པ་སྟེ་དཔུང་པ་གཡས་གཡོན་མཉམ་པར་ཡོད་པས་དོ། ཐུར་དུ་དཔྱང་ནས་ཡོད་པས་ཤལ་ཟེར་བ་བཞིན་ནོ། །དོའི་དོན་སྙོམས་པ་ཡིན་ན་འདིར་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འདིར་ཚིག་སྡེབ་སྦྱོར་དབང་གིས་བརྗོད་པའི་ཕྱིར་རོ། །ཇོ་བོ་རྗེ་ཟེར་བ་ལྟ་བུ་ཇོ་བོ་དང་རྗེ་ཞེས་པ་གཉིས་དོན་གཅིག་ཅིང་། བཤེས་གཉེན་དང་། གཞན་ཡང་། འདི་དང་འདྲ་བ་མང་དུ་ཡོད་དོ། །དོ་ཤལ་ལ་གཟིགས། དོ། ཞེས་པ་ཕན་ཚུན་དང་། གཡོན་གཡོན་གྱི་ཆ། ཞེས་པའི་དོན་ཡིན། གཡས་གཡོན་ཆ་སྙོམས་པ་ལ། དོ་སྙོམས་ཞེས་པ་ལྟ་བུ། ད་དུང་དཔྱད།ོམས་པ་ལ། དོ་སྙོམས་ཞེས་པ་ལྟ་བུ། ད་དུང་དཔྱད།)
  • Dictionaries/sgom sde tshig mdzod chenmo/12751  + (1 གཉེན་ཉེ་དུ། སྤུན་མཆེད།)
  • Dictionaries/sgom sde tshig mdzod chenmo/822  + (1 གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་དགོངས་པ་ཅན1 གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་དགོངས་པ་ཅན་བཞི་སྟེ། མཉམ་པ་ཉིད་གསུམ་ལ་དགོངས་ནས། སྟོན་པས་ང་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ་དང༌། དོན་གཞན་ལ་དགོངས་པ་ནི། ཕ་དང་མ་ནི་བསད་བྱས་ཤིང་། །ཞེས་སོགས་གསུངས་པ་དང༌། དུས་གཞན་ལ་དགོངས་པ་ནི། ལེ་ལོ་ཅན་གྱི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ཙམ་གྱིས་སྐྱེ་བར་གསུངས་པ་ལྟ་བུ་དང༌། གང་ཟག་གི་བསམ་པ་ལ་དགོངས་པ་ནི་སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །ཞེས་རྣམ་བཤད་སྙིང་པོའི་རྒྱན་ལས་གསུངས།ུའོ། །ཞེས་རྣམ་བཤད་སྙིང་པོའི་རྒྱན་ལས་གསུངས།)
  • Dictionaries/sgom sde tshig mdzod chenmo/5396  + (1 གཉེན། མཛའ་བཤེས། ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། །བྱ་དང་མི་བྱའི་ཚོད་ཤེས་པས། །མཁས་པས་དུས་ནི་འདའ་བར་བྱ། །)
  • Dictionaries/sgom sde tshig mdzod chenmo/4321  + (1 གཏེར་སྟོན་པདྨ་གླིང་པ་ལ་ངོ་འདྲ་གཉིས་བྱུང་1 གཏེར་སྟོན་པདྨ་གླིང་པ་ལ་ངོ་འདྲ་གཉིས་བྱུང་བའི་ངོ་མ་ནི། པདྨ་ཐང་ཡིག་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འགོས་ཀྱི་ཕག་རིར་གནས་གཞི་རྫོངས་ལ་འགེབས༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་། མེ་འབར་མཚོ་ལ་སྦས་པའི་གཏེར་འདི༔ མ་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་སློབ་དཔོན་ཉིད་ཀྱིས་ལུང་བསྟན་པའི་གཏེར་སྟོན་ཚད་ལྡན་ཞིག་གོ།ཀྱིས་ལུང་བསྟན་པའི་གཏེར་སྟོན་ཚད་ལྡན་ཞིག་གོ།)
  • Dictionaries/sgom sde tshig mdzod chenmo/3562  + (1 གདངས་དང་ང་རོ། སྐད་ཀྱི་སྒྲ་གདངས། དཔེར་ན་མགྲིན་པའི་དབྱངས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12573  + (1 གདུག་པ་ཅན་རྣམས་ལ་སྡིགས་པར་བྱེད་པའི་ཕྱག་རྒྱ་སྟེ། གུང་མོ་དང་སྲིན་མཛུབ་མཐེ་བོས་མནན་ཏེ་མཛུབ་མོ་དང་མཐེ་ཆུང་ཀེར་བ།)
  • Dictionaries/sgom sde tshig mdzod chenmo/6230  + (1 གདུལ་དཀའ་བ། གྱོང་པོ། མི་བསྲུན་པ། ཤིན་ཏུ་མྱུར་བར་ཁྲོ་བ་སྐྱེ་བའི་སྐྱེ་བོ།)
  • Dictionaries/sgom sde tshig mdzod chenmo/951  + (1 གདོང་པ། ངོ་གདོང་།)
  • Dictionaries/sgom sde tshig mdzod chenmo/5164  + (1 གདོང༌། བཞིན་རས།)
  • Dictionaries/sgom sde tshig mdzod chenmo/3691  + (1 གདོན་ཞིག་སྟེ། ཆུ་ནད་ཀྱི་བདག་པོ།)
  • Dictionaries/sgom sde tshig mdzod chenmo/2683  + (1 གནའ་བོ་པར་སིགPersiaཔར་སིའམ་པར་ཟིག་ཅེས་འབོད་པའི་ཡུལ་དེང་སང་ཨི་རཱན་Iran ཟེར་བ་དེའི་མིང༌། དགེ་འདུན་ཆོས་འཕེལ་གྱིས་ཀྱང་པར་སིག་གི་ཡུལ་ཏ་ཟིག་ཅེས་བཤད། རྒྱ་མིས་འདི་ལ་པོ་ཟི་པར་སིགཟེར། ཞིབ་ཕྲ་པར་སིག་ཅེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3875  + (1 གནའ་བོ་རྒྱལ་པོ་དང་བག་མ་སོགས་བསུ་ལེན་བྱེད1 གནའ་བོ་རྒྱལ་པོ་དང་བག་མ་སོགས་བསུ་ལེན་བྱེད་སའི་མིས་འདེགས་པའི་ཁྲི། བྱམས། ཕེབས་བྱམས། འགྱོགས། འགྱོགས་བྱམས། ཁྱོགས་ཁྲི། ཁྱོགས། དོ་ལི་ཞེས་པ་རྒྱ་གར་ཡུལ་སྐད་གྱི་ཌོ་ལིཟུར་ཆག་པར་སེམས་ཏེ། རྒྱ་གར་གྱི་སྐད་དུ་ डोली ཟེར་བའི་ཕྱིར་རོ། །རྒྱ་གར་བས་འདི་ལ་ पालकी ཡང་ཟེར། ལེགས་སྦྱར་གྱི་སྐད་དུ་ शिबिका ཟེར་ལ། ཕྱི་རྒྱལ་བས་ sedan chair ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར་མདོ་ལི་དང་། དག་གསར་དུ་འདོ་ལི་ཞེས་བྲིས་པ་གཉིས་ཀ་མི་ལེགས།ག་གསར་དུ་འདོ་ལི་ཞེས་བྲིས་པ་གཉིས་ཀ་མི་ལེགས།)
  • Dictionaries/sgom sde tshig mdzod chenmo/1050  + (1 གནའ་མར་ཕྱིན་ཟིན་པའི་བུད་མེད།)
  • Dictionaries/sgom sde tshig mdzod chenmo/12760  + (1 གནའ་རབས་ཀྱི་དུས་སུ་བོད་ཀྱི་མིང་ལ་སྤུར་རྒ1 གནའ་རབས་ཀྱི་དུས་སུ་བོད་ཀྱི་མིང་ལ་སྤུར་རྒྱལ་ཟེར། པུ་རྒྱལ་དང་པུར་རྒྱལ་རྣམས་དོན་འདྲ། དེབ་སྔོན་སྟོད་ཆ་༦༠ལས། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །དང་སྦྱར་ན་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12846  + (1 གནས་ནས་སྐྲོད་པའི་དོན། སྤྱུག་པ། སྤྱུགས་པ། སྤྱུག་པ། སྤྱུགས།)
  • Dictionaries/sgom sde tshig mdzod chenmo/9312  + (1 གནས་སྐབས།)
  • Dictionaries/sgom sde tshig mdzod chenmo/5135  + (1 གནོད་སྦྱིན་ཙིའུ་དམར་པོ། སྐྱིད་ཤོད་རྫོང་བཙན། སུམ་རིང་གྲི་བཙན། ཀང་ཀ་ནག་གི་ཀླུ་བཙན། ཙ་ལ་ཐོག་རྒྱུག་གིང་བཙན། ཧོར་བོད་ཀྱི་རྗེ་བཙུན། སྐུ་ལ་ཞལ་གྱི་བཙན་རྣམས་ཡིན་ཟེར། ཡང་བཙན་རྒོད་ཡམ་ཤུད་དམར་པོ། བཙན་རོལ་པ་སྐྱ་བདུན། བོད་ཁམས་ཡོངས་ཀྱི་བཙན་ཡིན་ཟེར།)
  • Dictionaries/sgom sde tshig mdzod chenmo/1087  + (1 གཙང་མ།)
  • Dictionaries/sgom sde tshig mdzod chenmo/3476  + (1 གཙོ་མོ།)
  • Dictionaries/sgom sde tshig mdzod chenmo/12364  + (1 གཞན་གྱི་ཡོན་ཏན་བརྗོད་པ་ལ་ཟེར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༢༠༡ན༣ལས། དེ་དག་གི་ཡོན་ཏན་བརྗོད་པ་ནི་སྙན་པར་སྨྲ་བ་སྟེ། ཞེས་གསུངས། ཡང་ན། གཞན་གྱི་ཡིད་དང་མཐུན་པའི་ཚིག་སྨྲ་བའོ། །)
  • Dictionaries/sgom sde tshig mdzod chenmo/3329  + (1 གཞན་གྱི་ཡོན་ཏན་མཐོང་ནས་སེམས་ལ་སྤྲོ་སྣང་ 1 གཞན་གྱི་ཡོན་ཏན་མཐོང་ནས་སེམས་ལ་སྤྲོ་སྣང་ (དགའ་སྣང) ཆེན་པོ་འཕེལ་བ་དེ་ལ་དད་པ་ཟེར། གཙང་པའི་སྐད་ལ། ཇ་ལ་དགའ་བའི་མི་ལ་ཇ་ལ་དད་པོ་དང་མི་ཇ་དད་ཅན་ཞེས་བརྗོད་པ་ལྟ་བུ། སྤྱིར་དད་པ་ལ་གསུམ་སྟེ། དཀོན་མཆོག་གི་ཡོན་ཏན་མཐོང་ནས་སེམས་ལ་སྤྲོ་སེམས་འཕེལ་བ་ལ་དང་བའི་དད་པ། དེ་ལ་ཡིད་ཆེས་བསྐྱེད་པ་ལ་ཡིད་ཆེས་ཀྱི་དད་པ། ཡོན་ཏན་དེ་དག་བདག་གིས་ཀྱང་ཅི་མ་རུང་སྙམ་པའི་མངོན་འདོད་ཀྱི་དད་པ་དང་གསུམ་མོ། །ང་སྙམ་པའི་མངོན་འདོད་ཀྱི་དད་པ་དང་གསུམ་མོ། །)
  • Dictionaries/sgom sde tshig mdzod chenmo/10148  + (1 གཞན་གྱིས་འཚེ་བ་མེད་པར་རང་དབང་དུ་གནས་པའི་དོན་ལ། ལི་ཤིའི་གུར་ཁང་གསུང་། བསྟན་དར་ལྷ་རམས་པའི་དག་ཡིག་ལས་ཀྱང་། གཞན་གྱིས་མཚེར་སྣང་མེད་པར་རང་དབང་དུ་གནས་པ་ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/1109  + (1 གཞན་གྲགས་ཀྱི་སྦྱོར་ངག་སྟེ། གཞན་ལ་གྲགས་པ་སྟེ་གྲུབ་པའི་སྒྲུབ་ངག་གོ། འདི་ལམ་རིམ་ཆེན་མོ་ལ་གཞི་བྱས། སྒྲུབ་ངག་ལ་རྗེས་དཔག་གི་ཐ་སྙད་སྦྱར་བ་ཡང༌། སྒྲུབ་ངག་ཡང་དག་ལ། གཞན་དོན་རྗེས་དཔག་གིས་ཐ་སྙད་བཏགས་པ་དང་འདྲའོ། །)
  • Dictionaries/sgom sde tshig mdzod chenmo/5825  + (1 གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་སེམས།)
  • Dictionaries/sgom sde tshig mdzod chenmo/11068  + (1 གཞན་ཕན་གྱི་བསམ་པ། ལྷད་མེད་ཀྱི་སྤྱི་སེམས་བཟང་པོ།)
  • Dictionaries/sgom sde tshig mdzod chenmo/6934  + (1 གཞན་ཡུལ། མི་གཞན་གྱི་ཡུལ། མི་གཞན་གྱི་ཡུལ་ཞེས་པའི་བར་གྱི་ཚིག་བསྡུས་ཏེ། མི་ཡུལ་ཞེས་སྨྲས་པ་ཡིན། ཟས་ཞིམ་པོ་དེ་རང་ཡུལ་ལ་ཟོས། སྐད་སྙན་པོ་དེ་མི་ཡུལ་ལ་བརྒྱབ། ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6908  + (1 གཞན་ལ་མཐོ་འཚམ་པའམ་གནོད་པ་བྱེད་པའི་དོན། རྗེའི་རིམ་ལྔ་གསལ་སྒྲོན་ལས། མི་བསྲུན་པ་ནི་གཞན་ལ་མཐོ་འཚམ་པའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/8596  + (1 གཞི་གཉིས་ཕན་ཚུན་སྦྲེལ་བྱེད་དམ་འདུམ་བྱེད་ཀྱི་དངོས་པོའི་མིང་། དབྱིན་ཇིས་Zip/Zipper ཟེར་བ་དེའོ། །བརྗོད་པའི་ཚེ་ “འཚེར” ཞེས་པ་ལྟ་བུར་བརྗོད། དཔེར་ན། གོས་ཐུང་གི་འཛེར་རྒྱག་དགོས་ལྟ་བུ།)