Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "1 ནུས་པའམ་སྟོབས་ཀྱི་དོན།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/12639  + (1 དེ་ལ་སྣ་ཚོགས་པདྨ་འདབ་མ་བཞི་ཅན་ནི། ཕྱོགས་བཞིའི་འདབ་མ་དམར། མེ་རླུང་སེར། བདེན་བྲལ་ལྗང༌། དབང་ལྡན་ནག ལྟེ་བ་ལྗང༌། གེ་སར་སེར་བ་དང་བཅས་པའི་པདྨ་མའོ། །)
  • Dictionaries/sgom sde tshig mdzod chenmo/3865  + (1 དེས་ནི་དེས་པ། ཤིང་ནི་ཚིག་ཕྲད་དེ། དེས་པ་དང་། ཞེས་པའི་དོན་ནོ། །བཟང་སྤྱོད་སྨོན་ལམ་ལས། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/2880  + (1 དོན་གཉེར།)
  • Dictionaries/sgom sde tshig mdzod chenmo/8618  + (1 དོན་གྱི་འོད་གསལ་མངོན་དུ་འགྱུར་བའི་ཐབས་ཉེ1 དོན་གྱི་འོད་གསལ་མངོན་དུ་འགྱུར་བའི་ཐབས་ཉེ་བའི་རྒྱུ་ནས་བཟུང་སྟེ་ཟུང་འཇུག་མ་ཐོབ་པའི་བར་གྱི་རྫོགས་རིམ་ནི། བཞི་པ་འོད་གསལ་གྱི་རིམ་པའི་ངོ་བོའོ། །འོད་གསལ་དབྱེ་ན། ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད། དང་པོ་དང་སྟོང་ཉིད་དོན་གཅིག ཡུལ་ཅན་གྱི་འོད་གསལ་ལའང་། སྤྱི་དོན་གྱི་འོད་གསལ་དང་། (ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་བའི་ཡིད་ཤེས་རགས་པས་སྟོང་ཉིད་རྟོགས་པའི་ཡུན་ཅན་གྱི་འོད་གསལ་ལ། སྤྱི་དོན་གྱི་འོད་གསལ་ཟེར) སྦས་དོན་འོད་གསལ། (བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཡུལ་ཅན་གྱི་འོད་གསལ་ལ། སྦས་དོན་གྱི་འོད་གསལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། བདེ་བ་ཆེན་པོས་དེ་ཁོ་ན་ཉིད་རྟོགས་པ་ནི་སྦས་དོན་དང༌། ཞེས་གསུངས་སོ) དོན་གྱི་འོད་གསལ་ (ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་འོད་གསལ་ལ། དོན་གྱི་འོད་གསལ་ཟེར། དེ་ལ་མཐར་ཐུག་གི་འོད་གསལ་ཞེས་ཀྱང་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དུ་སོང་བ་དང༌། དེར་མ་སོང་བའི་དཔེའི་འོད་གསལ་གྱི་མཚན་ཉིད་རྣམས་ལེགས་པར་ཁོང་དུ་ཆུད་ནས་ཁྱད་པར་བྱེད་པ་དགོས་སོ། །ཞེས་གསུངས་པ་ལྟར་རོ) བཅས་ཡོད་དོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་ནི། ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་དང་། ནང་གི་སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་ཐམས་ཅད་སྟོང་པ་ཡིན་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོབ་པ། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པ། སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ། སྔགས་བླ་མེད་ཀྱི་ས་དང་པོ་ཐོབ་པ་རྣམས་དུས་མཉམ་མོ། །རྫོགས་རིམ་དངོས་གྲུབ་སྙེ་མ་ལས། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །སྒྱུ་ལུས་དངོས་སུ་བསྐྱེད་ནུས་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་དང་དེའི་ཐབས་ཉེ་བའི་རྒྱུ་རྣམས་ལ་ནི་འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱའོ། །ཞེས་གསུངས་སོ། །ང་ཆུབ་པའི་རིམ་པ་ཞེས་བྱའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10542  + (1 དོན་མེད་ཀྱི་གཏམ། བསྟན་དར་ལྷ་རམས་པ་གསུང༌།)
  • Dictionaries/sgom sde tshig mdzod chenmo/9342  + (1 དྲ་མིག་གི་དབྱིབས་ཅན་གྱི་རི་མོའམ་དངོས་པོའི་མིང་། སྒྲ་བཤད་ནི། དབྱིབས་རེའུ་སྟེ་ར་ཕྲུག་གི་མིག་ལྟར་གོར་གོར་ཡིན་པའི་ཆ་ནས་རེའུ་མིག་ཅེས་བཏགས།)
  • Dictionaries/sgom sde tshig mdzod chenmo/5282  + (1 དྲན་པ་ཉམས་ཤིང་བརྒྱལ་བར་བྱེད་པའི་ཡི་དྭགས་1 དྲན་པ་ཉམས་ཤིང་བརྒྱལ་བར་བྱེད་པའི་ཡི་དྭགས་སམ་གདོན་ཞིག དབང་དོན་དེ་ཉིད་ཡང་གསལ་༦༥བ༦ལས།་བརྗེད་བྱེད་ནི། ཨཔསྨཱར་ཞེས་བྱ་བ་དྲན་པ་ཉམས་ཤིང་བརྒྱལ་བར་བྱེད་པའི་གདོན་གྱི་མིང་སྟེ་བརྗེད་བྱེད་ཅེས་བྱ་ཞེས་པ་ལྟར་དང་། ཞེས་གསུངས། མཆིམས་མཛོད་ལས། ཤ་ཟ་དང་སྨྱོ་བྱེད་དང་བརྗེད་བྱེད་དང་མ་མོ་དང་རྡུལ་ཁྲོད་ཀྱི་ཤ་ཟ་ལ་སོགས་པ་ནི་ཡི་དྭགས་སོ། །ཞེས་གསུངས། སྒྲ་བཤད་ནི། བརྗེད་པར་བྱེད་པ་སྟེ་དྲན་མེད་དུ་བརྒྱལ་བར་བྱེད་པས་ན་བརྗེད་བྱེད་དོ། །མེད་དུ་བརྒྱལ་བར་བྱེད་པས་ན་བརྗེད་བྱེད་དོ། །)
  • Dictionaries/sgom sde tshig mdzod chenmo/9093  + (1 དྲས་ཧྲུག་གི་མིང་། དཔེར་ན་ཀོ་བའི་རས་མ་ཞེས1 དྲས་ཧྲུག་གི་མིང་། དཔེར་ན་ཀོ་བའི་རས་མ་ཞེས་པ་ལྟ་བུ། འདུལ་བ་ལུང་གཞི་༼ ཁ་པ ༽ལས། སྔོན་གྱི་ཚེ་རབས་གཞན་རྣམས་སུ། །བདག་ནི་ལྷམ་མཁན་གྱུར་པ་ན། །མུ་གེ་བྱུང་ནས་དེ་ནས་བདག །ཀོ་བའི་རས་མ་རྣམས་འཚེད་དོ། །བཟའ་བར་བྱ་བ་ཁོ་ནའི་ཕྱིར། །ཀོ་བའི་རས་མ་འཚེད་པ་ལས། །དགེ་སྦྱོང་གཞན་ཞིག་ཟས་ཀྱི་ཕྱིར། །བསོད་སྙོམས་ལ་ནི་བྱོན་པ་དང༌། །དེ་ལ་བདག་གིས་སེམས་དད་པས། །ཀོ་རས་ཀྱི་ནི་ཐུག་པ་བྱིན། །ཅེས་གསུངས་པ་ལྟར་རོ། །་ཀྱི་ནི་ཐུག་པ་བྱིན། །ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10639  + (1 དྲི་བཟང་པོ་འཐུལ་བའི་ལི་ཤིའི་མེ་ཏོག་གི་ཤིང་སྡོང་གུར་ཕུབ་པའི་དབྱིབས་ལྟར་སྟེང་དུ་ཟླུམ་པོར་འཁྱིལ་ནས་ཡོད་པ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/1276  + (1 དྲི་ལན་སོགས་འཇལ་བའི་དོན། དྲིན་གཟོ་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10806  + (1 དྲིན་ལན་ལོག་འཇལ་བྱེད་པ། རྗེའི་ལམ་རིམ་ཆེན་མོ་ལས། མི་བཟོད་པ་དང་བཟོད་པའི་སྐྱོན་ཡོན་ཤེས་རབ་ཀྱིས་རྟོགས་ནས་སེམས་བཏུལ་བས་ལོག་སྒྲུབ་དང་སྡུག་བསྔལ་གྱིས་མི་འཕྲོག་པ་དང༌། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9126  + (1 དྲེད་མོང་།)
  • Dictionaries/sgom sde tshig mdzod chenmo/7233  + (1 དྲོད་ངར། དྲོད། མེའི་ཚ་བ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6185  + (1 དྲོད་མེད་པ་སྟེ་བསིལ་བའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/4233  + (1 ན་ཚོད་མཉམ་པ།)
  • Dictionaries/sgom sde tshig mdzod chenmo/7048  + (1 ནག་ཁུང༌། མུན་ནག)
  • Dictionaries/sgom sde tshig mdzod chenmo/979  + (1 ནག་པོ། དབུ་སྐྲ་བུང་བ་ལྟར་གནག་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4131  + (1 ནང་པ་སངས་རྒྱས་པ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་འཛིན་པའི་གང་ཟག་ལ་ཟེར། རང་སྡེ། ནང་པ། ཆོས་འདི་པ། སངས་རྒྱས་པ་རྣམས་མིང་གི་རྣམ་གྲངས།)
  • Dictionaries/sgom sde tshig mdzod chenmo/4122  + (1 ནང་ཚན། དབྱེ་བ། དཔེར་ན་ཐེག་དམན་གྱི་ནང་གསེས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12985  + (1 ནད་བཅོས་ཐབས་ཁང༌།)
  • Dictionaries/sgom sde tshig mdzod chenmo/4155  + (1 ནན་ཏན།)
  • Dictionaries/sgom sde tshig mdzod chenmo/4175  + (1 ནམ་མཁའ།)
  • Dictionaries/sgom sde tshig mdzod chenmo/10231  + (1 ནས་ཀྱི་ཟན། ཞེས་རྒྱལ་མཆོག་བདུན་པ་གསུང་།)
  • Dictionaries/sgom sde tshig mdzod chenmo/7593  + (1 ནས་འབྲུ་བཞི་བཅུ་ཞེ་བརྒྱད་ཀྱི་ལྗིད་ཚད་ལ། 1 ནས་འབྲུ་བཞི་བཅུ་ཞེ་བརྒྱད་ཀྱི་ལྗིད་ཚད་ལ། ཞོ་གང་ཡིན་ཟེར། ཞོ་གང་ལ་སེ་བ་བརྒྱད་དམ་ནས་འབྲུ་བཞི་བཅུ་ཞེ་བརྒྱད་ཡོད་དོ། །དེ་ཡང་དཔེར་ན། ནས་འབྲུ་དྲུག་ལ། སེ་བ་གཅིག སེ་བ་བརྒྱད་ལ། ཞོ་གང་། ཞོ་བརྒྱད་ལ། སྲང་གང་ཞེས་རྩི་བ་བཞིན་ནོ། །འདི་གསེར་དངུལ་སོགས་ཀྱི་ལྗིད་ཚད་འདེགས་གཞི་ཡིན་ལ། ཇ་དམར་སོགས་ལྗིད་ཚད་འདེགས་གཞི་ནི་གོང་དང་མི་འདྲ་བར་བཤད་དེ། སེ་བ་གང་གི་ཚད་ནི་གོང་དང་འདྲ་ལ། སེ་བ་ཉི་ཤུ་ལ་ཞོ་གང་། ཞོ་བཅུ་ལ་སྲང་སོགས་མི་འདྲ་བར་བཤད་དོ། །འདི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་གླེགས་བམ་གཉིས་པའི་ཤོག་གྲངས་༢༤༧ན༥ལས། མ་རུའམ་ཀ་ཀ་ནི་གཉིས་ལ་སེ་བ། དེ་ཉི་ཤུ་ལ་ཞོ། ཞོ་བརྒྱད་ལ་གསེར་སྲང་། དེ་བཞི་ལ་ཕུལ་ཉག་གང་དུ་འཇོག་ཅེས་གོང་གི་དེ་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་སྣང་ངོ་། །ཡང་འཆི་མེད་མཛོད་ལས། འཇལ་བྱེད་སྲང་དང་སོར་དང་བྲེ། །མ་རུ་ལྔ་སོགས་མ་ཤ་ཀ། །དེ་དག་བཅུ་དྲུག་ཞོ་ཡིན་ཏེ། །ཞོ་བཞི་ལ་ནི་སྲང་གང་ངོ་། །ཞེས་ཀྱང་གསུངས་སོ། །འདི་གཡའ་སེལ་༢༣༡བ༣ན་གསལ་ལོ། །2 གྷ་རམ་ gram དྲུག་༦ཙམ་ཀྱི་ལྗིད་ཚད་ཀྱི་མིང་ལ་བཤད་པའང་ཡོད། དེ་ལ་རགས་རྩིས་བྱེད་ན་བྱེ་མ་ཀ་ར་teaspoon ཐུར་མ་གཅིག་དང་ཕྱེད་ཙམ་གྱི་ལྗིད་ཚད་ཡོད། ཅུང་ཟད་སྤྲོས་ཏེ་བཤད་ན། ཞོ་གང་ལ་རྒྱ་གར་གྱི་ Tola ཏོ་ལ་ཕྱེད་ལྷག་ཙམ་ཡོད་ཟེར་བས། དེས་ན་ཏོ་ལ་གཅིག་ལ་གྷ་རམ་༡༡.༦༦ཡོད་པས་དེའི་ཕྱེད་ལྷག་ཙམ་མོ། །ཡང་ན། དབྱིན་ཇིས་རྒྱ་གར་དབང་སྒྱུར་བྱེད་སྐབས་སུ་བཟོས་པའི་དངུལ་གྱི་སྒོར་མོའམ་དོང་ཙེ་ silver Rupee coin “རུ་པཱི” ཟེར་བ་དེའི་ཕྱེད་ཚད་དོ། །རྒྱ་གར་གྱི་ཏོ་ལ་དང་པ་ཀསྠན་གྱི་ཏོ་ལར་ཡང་ལྗིད་ཚད་ཀྱི་ཁྱད་པར་ཅུང་ཟད་ཡོད་པའང་ཤེས་པར་བྱའོ། །3 གྷ་རམ་གཉིས་དང་གྲངས་ཆུང་བརྒྱད་ gram ༢.༨ ཀྱི་ལྗིད་ཚད་ལའང་། ཞོ་གང་དུ་བཤད་པ་ཡོད་དེ། དུས་རབས་བཅུ་དགུ་པའི་ནང་བོད་དབྱིན་ཚིག་མཛོད་རྩོམ་པ་པོ་ལ་དྭགས་ཁུལ་དུ་ཡེ་ཤུའི་ཆོས་སྤེལ་མཁན། ཧཡེ་ནཁེ། ཡཙ་ཀ་Heinrich Jaschke (1817-1883) ཟེར་བ་ཁོང་གིས། ཞོ་གང་ལ་1/10 ounce ཨའུནསེ་གཅིག་གི་བཅུ་ཆ་ལ་བཤད་པས། གོང་དུ་བཤད་པ་ལྟར་གྷ་རམ་གཉིས་དང་གྲངས་ཆུང་བརྒྱད་ gram ༢.༨ ཀྱི་ལྗིད་ཚད་དོ། །གོང་གི་འགྲེལ་བཤད་དེ་དག་འདུལ་བའི་མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་བཤད་པའི་སྐབས་སུ་ཉེ་བར་མཁོ་ཞིང་གལ་ཡང་ཤིན་ཏུ་ཆེ་བ་ཡིན་ནོ། །རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ད་དུང་ཡང་དཔྱད་པར་འོས་སོ། །ལྡན་པ་རྣམས་ཀྱིས་ད་དུང་ཡང་དཔྱད་པར་འོས་སོ། །)
  • Dictionaries/sgom sde tshig mdzod chenmo/11618  + (1 ནུ་མ་སླེབས་ཙམ་དུ་འཕྱང་བའི་མུ་ཏིག་གི་འཕྲེ1 ནུ་མ་སླེབས་ཙམ་དུ་འཕྱང་བའི་མུ་ཏིག་གི་འཕྲེང་བའི་མིང་། འདི་ལ་དོ་ཤལ་ཕྱེད་པ་ཡང་ཟེར། སེ་མོ་དོ་དང་དོ་ཤལ་གྱི་ཁྱད་པར་ནི། མུ་ཏིག་གི་འཕྲེང་བ་ནུ་མ་སླེབས་ཙམ་དུ་འཕྱང་བ་ནི་སེ་མོ་དོ་དང་། ལྟེ་བ་སླེབས་ཙམ་དུ་འཕྱང་བ་ནི་དོ་ཤལ་ལོ། །དོ་ཤལ་ཕྱེད་ལ་སེ་མོ་དོ་ཞེས་བྱ་སྟེ། འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་དེ་གཉིས་ནི་རིང་ཐུང་གི་ཁྱད་པར་ཙམ་མོ། །འདུལ་བ་རྣམ་འབྱེད་འགྲེལ། ལུང་ཕྲན་ཚེགས་འགྲེལ། ལུང་གཞིའི་འགྲེལ་པ། མཚོ་ཊཱིཀ་སོགས་རྒྱ་བོད་ཀྱི་གཞུང་མང་པོར་ལེགས་པར་བརྟགས་ཏེ་བཀོད་དོ། །བོད་རྒྱ་ཚིག་མཛོད་ཆེན་མོར། སེ་མོ་དོའི་འགྲེལ་བཤད་ལ་དོ་ཤལ་ཞེས་གསུངས་འདུག་པ་ལ་དག་བཅོས་དགོས་ཏེ། སེ་མོ་དོ་དང་དོ་ཤལ་ཕྱེད་པ་དོན་གཅིག་ཡིན་ལ། དོ་ཤལ་དང་དོ་ཤལ་ཕྱེད་པ་གཉིས་ལ་ནི་རིང་ཐུང་གི་ཁྱད་པར་ཡོད་པར་གོང་དུ་བཤད་པ་ལྟར་ཡིན་པས་ཁྱད་པར་ཕྱེད་པར་བྱའོ། །དུ་བཤད་པ་ལྟར་ཡིན་པས་ཁྱད་པར་ཕྱེད་པར་བྱའོ། །)
  • Dictionaries/sgom sde tshig mdzod chenmo/11336  + (1 ནུས་སྟོབས། ནུས་ཤུགས་ཆེན་པོ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10787  + (1 ནོར་བ། ནོར་འཁྲུལ། ཕྱིན་ཅི་ལོག ལོག་པའི་ལམ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10590  + (1 ནོར་ཚོལ་བ། འཚོ་བ། སོ་ཚིས། དེས་གལ་ཏེ་ཞིང་དང་། ཚོང་གི་ལས་ཀྱི་མཐའ་དེ་དང་དེ་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4327  + (1 པདྨ་ཁ་རྒྱས་པ། པདྨ་ཁ་བྱེ་བ།)
  • Dictionaries/sgom sde tshig mdzod chenmo/4318  + (1 པདྨ་སེར་པོའི་མིང༌། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/4346  + (1 པདྨའི་ལྟེ་བ་ལ་ཟེར། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། པདྨའི་སྙིང་པོ་ནི་ལྟེ་བ་ཡིན་ཏེ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/4385  + (1 པོ་མཐོ་དང་འདྲ། འབུར་འབུར་རམ་ཙོག་ཙོག་གི་མིང་།)
  • Dictionaries/sgom sde tshig mdzod chenmo/3959  + (1 ཕ་མ་ཤི་བའི་ཕྲུག་གུའི་མིང་། དྭ་བ་ཞེས་ཀྱང་1 ཕ་མ་ཤི་བའི་ཕྲུག་གུའི་མིང་། དྭ་བ་ཞེས་ཀྱང་ཟེར། སྒྲ་བཤད་ནི། འདིའི་དྭ་ཞེས་པ་ལེགས་སྦྱར་གྱི་སྦྱིན་པའི་སྐད་དོད་དཱ་ན་ཞེས་པ་ཟུར་ཆག་པ་སྟེ། གཞན་གྱི་སྦྱིན་པའམ་བཀའ་དྲིན་གྱིས་གསོས་པས་ན་དྭ་ཞེས་བརྗོད་དེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༨༧བ༣ ལས། དྭ་ཞེས་བྱ་བ་ནི་ཕ་ཤི་བའི་བུ་སྟེ་གཞན་གྱིས་གསོས་པའི་ཕྱིར་རོ། །ཞེས་གསུངས།སྟེ་གཞན་གྱིས་གསོས་པའི་ཕྱིར་རོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/4477  + (1 ཕ་རོལ་གྱིས་ཞེས་པའི་ཚིག་སྣ་བསྡུས་པའོ། །དཔེར་ན་ཕས་ཕམ་པ་དང་། ཕས་བསུ་བ་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4432  + (1 ཕ་རོལ་ཚུ་རོལ། དཔེར་ན་ཆུ་ཕ་རོལ་ཚུ་རོལ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4430  + (1 ཕ་རོལ།)
  • Dictionaries/sgom sde tshig mdzod chenmo/12990  + (1 ཕན་པ།)
  • Dictionaries/sgom sde tshig mdzod chenmo/8047  + (1 ཕན་ཚུན་ཁ་འབྲལ་དུ་མེད་པའི་ཚུལ་དུ་ཡོད་པ། ཕ1 ཕན་ཚུན་ཁ་འབྲལ་དུ་མེད་པའི་ཚུལ་དུ་ཡོད་པ། ཕན་ཚུན་དམ་དུ་བཅིངས་ནས་ཡོད་པ། འབྱར་བ་དང་དོན་གཅིག འདུལ་བ་ལུང་གཞི་རྒྱ་ཆེར་འགྲེལ་པ་སྡེ་དགེ་སྤར་མའི་༼ཙུ་པ༽༡༩༠བ༣ལས། སྨིན་མ་འཇར་བ་ཞེས་བྱ་བ་ནི་སྨིན་མའི་སྤུ་རྣམས་ནང་འཇར་ཞིང་འདབ་ཆགས་སུ་འབྱོར་བའོ། །ཞེས་གསུངས་པ་ལྟར་རོ། །འབྱར་བ་ལ་གཟིགས།བའོ། །ཞེས་གསུངས་པ་ལྟར་རོ། །འབྱར་བ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2518  + (1 ཕམ་ཉེས། གྱོང་གུན།)
  • Dictionaries/sgom sde tshig mdzod chenmo/8973  + (1 ཕལ་པ། དཀྱུས་མ། ཡོངས་གྲགས། སྤྱིར་བཏང་། དམ1 ཕལ་པ། དཀྱུས་མ། ཡོངས་གྲགས། སྤྱིར་བཏང་། དམིགས་བསལ་གྱི་ལྡོག་ཕྱོགས་སོགས་ལ་འཇུག རྗེའི་ལམ་རིམ་ཆེན་མོ་དང་། ལེགས་བཤད་སྙིང་པོ། དགོངས་པ་རབ་གསལ་སོགས་རྗེའི་ལེགས་བཤད་རྣམས་སུ། རང་དགའ་བ་ཞེས་འབྱུང་གི་རང་ག་བ་ཞེས་བྲིས་པ་མི་སྣང་ངོ་། །རྗེའི་ལམ་རིམ་ཆེན་མོའི་ནང་རང་དགའ་བ་ཞེས་པའི་ཚིག་འདི་ལན་བཅུ་དྲུག་དང་། དགོངས་པ་རབ་གསལ་དུ་བཅུ་དགུ་སྣང་ངོ་། །་དང་། དགོངས་པ་རབ་གསལ་དུ་བཅུ་དགུ་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/10185  + (1 ཕལ་པོ་ཆེ།)
  • Dictionaries/sgom sde tshig mdzod chenmo/8282  + (1 ཕལ་སྐད་ལ་འདོད་ཆགས་ཞེས་པ་འཁྲིག་སྤྱོད་ལ་གོ མི་དཀྱུས་མའི་ཁྲོད་དུ་འདོད་ཆགས་ཟེར་ན་ངོ་ཚའི་གནས་སུ་བརྩི་བས་འཛེམ་དགོས།)
  • Dictionaries/sgom sde tshig mdzod chenmo/854  + (1 ཕུགས་ཀྱི་བསམ་དོན། ཕུགས་ཀྱི་འདོད་དོན། རྗེ1 ཕུགས་ཀྱི་བསམ་དོན། ཕུགས་ཀྱི་འདོད་དོན། རྗེ་གུང་ཐང་པས། སྡིག་དང་སྡུག་བསྔལ་གཞན་གྱི་གཏན་ངན་སོགས། །ཁྱད་དུ་བསད་ནས་འབད་པས་ཤ་ཐང་དུ། །བསྒྲུབས་པའི་རྒྱུ་ནོར་ལོངས་སྤྱོད་ཡོད་དོ་ཅོག །ལྷག་མ་མེད་པར་བདག་ལ་གཏད་པ་ན། །གཏན་གྱི་འདུན་མ་འགྲུབ་བཞིན་དགའ་བ་སྐྱེས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་པ་ལྟར་རོ། །ོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/5787  + (1 ཕོ་ཉ། བང་ཆེན། ཡིག་འཕྲིན་སྐྱེལ་གཏོང་བྱེད་1 ཕོ་ཉ། བང་ཆེན། ཡིག་འཕྲིན་སྐྱེལ་གཏོང་བྱེད་མཁན་དང་སྦྲག་པའི་མིང་། སྒྲ་བཤད་ནི། ཨ་ཙི་འདི་བྱ་ཡང་མ་ཡིན་རྟ་ཡང་མ་ཡིན་ཀྱང་དེ་འདྲའི་མགྱོགས་པ་ལ་ཨང་ཞེས་ཡ་མཚན་དང་ངོ་མཚར་བའི་ཁྱད་པར་སྟོན་པའི་ཚིག་ཅིག ཡང་འགའ་ཞིག་གིས། བྱ་ལས་བུལ་ཞིང་རྟ་ལས་མགྱོགས་ཙམ་དུ་འགྲོ་བས་ན་དེ་སྐད་ཅེས་བཏགས་ཞེས་གསུང་མཁན་ཡང་ཡོད། སྤྱིར་བཏང་བྱ་མ་ཞེས་པ་གོང་དུ་བཤད་པ་ལྟར་བྱ་མ་ཡིན་ཞེས་པའི་དོན་ཡིན།གོང་དུ་བཤད་པ་ལྟར་བྱ་མ་ཡིན་ཞེས་པའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/5866  + (1 ཕོའི་ཐིག་ལེ་དཀར་པོ་དང༌། བུད་མེད་ཀྱི་ཟླ་མཚན་དམར་པོ་གཉིས་ཀྱི་མིང༌།)
  • Dictionaries/sgom sde tshig mdzod chenmo/9861  + (1 ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏགས་ཙམ་གྱིས་བཞག་པའི་གྲུབ་མཐའ་ལ་རྟོག་གེ་ཞེས་བྱ་ལ། དེ་ལྟ་བུའི་གྲུབ་མཐའ་སྟོན་པའི་བསྟན་བཅོས་ལ། རྟོག་གེའི་བསྟན་བཅོས་ཟེར།)
  • Dictionaries/sgom sde tshig mdzod chenmo/9855  + (1 ཕྱི་རོལ་མུ་སྟེགས་པ།)
  • Dictionaries/sgom sde tshig mdzod chenmo/10537  + (1 ཕྱིའི་རྒྱ་མཚོའི་ནང་ན་ཁྱབ་འཇུག་གིས་བྱས་པའི་རྣམ་སྣང་གི་སྐུ་ཡོད་པ་དང་ཉེ་བའི་གླིང་ཕྲན་ཞིག་ལ་བཞེད།)
  • Dictionaries/sgom sde tshig mdzod chenmo/5695  + (1 ཕྱིར་ཐོན་པའམ་དོན་པ། མི་གྲལ་ནས་བུད། ལྟོ་བ་ཕྱིར་བུད། མཚན་མ་ཕྱི་ལ་བུད་ལྟ་བུ། བུད་དང་འབུད་ལ་དོན་གཞན་ཡང་ཡོད་པ་ཚིག་མཛོད་རྣམས་སུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/11148  + (1 ཕྱུགས་ར། ཕྱུགས་འདོགས་སའི་ར་བ། ཕྱུགས་ལྷས་རྣམས་དོན་གཅིག)