Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "1 ས་ཆ། ས་གནས་ཞེས་པ་ལྟ་བུ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/11310  + (1 ལྗོན་ཤིང༌། ཤིང་ཆ།)
  • Dictionaries/sgom sde tshig mdzod chenmo/7482  + (1 ལྷ་དང་བླ་མ་སོགས་ཀྱི་ཞལ་མཐོང་བ། གཞོན་ནུའི་དུས་ནས་ཡི་དམ་གྱི་ལྷ་ཡི་ཞལ་གཟིགས་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11005  + (1 ལྷ་དབང་ཕྱུག་ཆེན་པོ།)
  • Dictionaries/sgom sde tshig mdzod chenmo/5051  + (1 ལྷ་སྤྱིའི་མིང་།)
  • Dictionaries/sgom sde tshig mdzod chenmo/10733  + (1 ལྷ་སྤྱིའི་མིང༌། སྒྲ་བཤད་ནི། དེ་རྣམས་ཀྱི་མགྲིན་པ། རྐང་པ། ལག་པ་རྣམས་ལ་བཀྲ་ཤིས་པའི་རི་མོས་ལེགས་པར་རམ་མཛེས་པར་བྲིས་ཡོད་པས་དེ་སྐད་དུ་བརྗོད། ཅེས་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༣ན༡ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/6522  + (1 ལྷན་ཅིག་ཏུ་གནས་པ།)
  • Dictionaries/sgom sde tshig mdzod chenmo/4760  + (1 ལྷའི་གཡོག་འཁོར་རམ། གདོན་གྱི་མིང་ཡིན་པར་ཡང་བཤད།)
  • Dictionaries/sgom sde tshig mdzod chenmo/8782  + (1 ལྷའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། འདི་རྣམས་ཀྱི་ཡིད་ལ་བསམ་པ་ཙམ་གྱིས་དགོས་དོན་ཐམས་ཅད་འགྲུབ་པས་ཡིད་བཟང་ངོ་། །ཞེས་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༢བ༢ལས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11128  + (1 ལྷའི་ཞལ་གྱི་སྒོ།)
  • Dictionaries/sgom sde tshig mdzod chenmo/11175  + (1 ལྷོགས་པ། ཀློག་ཐུབ་པའི་དོན། དུ་ཀཱུ་ལས་གོས་བཟང་ལས། རིམ་གྱིས་ཡེ་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་མ་རྣམས་དཔེ་ཐོག་ནས་ཁྲིད། ཅེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1206  + (1 ཤ་ཚགས་དམ་པ།)
  • Dictionaries/sgom sde tshig mdzod chenmo/6205  + (1 ཤ་ཟ་འབྱུང་པོའམ་ཡི་དྭགས་ཀྱི་རིགས་ཤིག མཆིམས་མཛོད་ལས། ཤ་ཟ་དང་སྨྱོ་བྱེད་དང་བརྗེད་བྱེད་དང་མ་མོ་དང་རྡུལ་ཁྲོད་ཀྱི་ཤ་ཟ་ལ་སོགས་པ་ནི་ཡི་དྭགས་སོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/7563  + (1 ཤ་སྟག ཁོ་ན། འབའ་ཞིག)
  • Dictionaries/sgom sde tshig mdzod chenmo/11517  + (1 ཤར་རྒྱག་གམ་ཐོགས་མེད་དུ་འགྲོ་བའི་དོན། སག་གིས་འགྲོ་ཞེས་པ་ལྟ་བུ། སོམ་སེལ་ལས། ཤར་གྱིས་འགྲོ་བ་སྟེ་ཐོགས་མེད་དུ་འགྲོ་བའི་དོན་ལ་བཤད། བེའུ་འགྲེལ་ལས། ལམ་ལྔ་རིམ་གྱིས་བགྲོད་ནས། ཐ་མ་སངས་རྒྱས་ཀྱི་སའི་བར་དུ་སག་གིས་འགྲོ་བ་ཡིན། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9349  + (1 ཤི་བའི་ལུས། སྲོག་དང་བྲལ་བའི་ལུས།)
  • Dictionaries/sgom sde tshig mdzod chenmo/7306  + (1 ཤིང་ལྗོན་པ་སྣ་ཚོགས་ཡོད་པའི་གནས།)
  • Dictionaries/sgom sde tshig mdzod chenmo/11252  + (1 ཤུགས་ཆེ་བ་དང་། སྟོབས་ཆེ་བ། ཧ་ཅང་། ཤིན་ཏུ1 ཤུགས་ཆེ་བ་དང་། སྟོབས་ཆེ་བ། ཧ་ཅང་། ཤིན་ཏུ། ལྷག་པར། མང་པོ། དྲག་པོ། མི་བཟད་པ་སོགས་ཀྱི་དོན། དཔེར་ན་ཚེ་འདིའི་སྣང་ཤས། ཕྱི་མའི་སྣང་ཤས། ཤས་མི་བཟོད་པའི་སྙིང་རྗེ་ཞེས་པ་ལྟ་བུ། དེ་ཡང་རྗེ་གུང་ཐང་པས་མཛད་པའི་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལས། སྡུག་བསྔལ་གྱིས་གཟིར་བའི་སྐྱེ་བོ་མཐོང་བ་ན་ཤས་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་དེའི་དོན་ལ་བརྩོན་པ་དང་། ཞེས་པ་ལྟ་བུ།ེས་ཏེ་དེའི་དོན་ལ་བརྩོན་པ་དང་། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1381  + (1 ཤུབ་བུས་སྨད་པའམ། རྒྱབ་ཏུ་ཁ་གཏོང་བ། གཤུང་བ། བཤུངས་པ། བཤུང་བ། ཤུངས།)
  • Dictionaries/sgom sde tshig mdzod chenmo/13152  + (1 ཤུལ་ལ་ཟེར། རྨ་ཤུལ་ལ། རྨ་སྲོལ་ཞེས་བརྗོད་པ་ལྟ་བུའོ། །སྤྱོད་འཇུག་ལས། དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང༌། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/9159  + (1 ཤེས་བྱ་ཡོན་ཏན་སྟོན་པའི་གཞུང༌། རིག་པའི་གཞུང་ལུགས། ལེགས་སྦྱར་དང་ཧིན་སྐད་དུ་ साहित्य ཟེར། དབྱིན་སྐད་དུ་literature, literary ཟེར། རིག་གཞུང་ཞེས་པའི་ཐོག་མའི་གོ་དོན་ནི་རྩོམ་ཡིག་དང་དཔེ་དེབ་སོགས་ཀྱི་མིང་ཡིན་ཀྱང་། ཕྱིས་འདིའི་གོ་དོན་ཁྱབ་ཆེ་རུ་སོང་བ་ཡིན་ནོ། །)
  • Dictionaries/sgom sde tshig mdzod chenmo/9154  + (1 ཤེས་བྱ་ཡོན་ཏན་སྤྱིའི་མིང༌། དཔེར་ན་རིག་གན1 ཤེས་བྱ་ཡོན་ཏན་སྤྱིའི་མིང༌། དཔེར་ན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པ་ལྟ་བུ། རིག་གནས། ཤེས་ཡོན། ཡོན་ཏན། བསླབ་བྱའི་གནས། ཤེས་བྱའི་གནས། སྦྱང་བྱའི་གནས་རྣམས་དོན་ཕལ་ཆེར་འདྲ་བར་སྣང་ངོ༌། །སྒྲ་བཤད་ནི། ཤེས་པར་བྱ་བའི་གནས་སམ་ཡུལ་ཡིན་པས་དེ་སྐད་ཅེས་བྱ་བའམ། ཡང་ན་རིག་པ་ནི་ཤེས་པ། གནས་ནི་ཡུལ་ཞེས་སྒྲ་བཤད་པའང་སྣང༌།ནི་ཤེས་པ། གནས་ནི་ཡུལ་ཞེས་སྒྲ་བཤད་པའང་སྣང༌།)
  • Dictionaries/sgom sde tshig mdzod chenmo/8926  + (1 ཤེས་བྱའམ་བསླབ་པར་བྱ་བ། རིག་པ་བཅས་ལ་ཟེར། 1 ཤེས་བྱའམ་བསླབ་པར་བྱ་བ། རིག་པ་བཅས་ལ་ཟེར། དཔེར་ན་ཤེས་ཡོན་ནམ་ཤེས་བྱ་ཡོན་ཏན་ཞེས་པ་དང་། ཡོན་ཏན་བསླབ་ཅེས་པ་ལྟ་བུ། འདི་ལ་རིག་པའང་ཟེར་ཏེ། དཔེར་ན། རིག་པ་ནངས་པར་འཆི་ཡང་བསླབ། །ཅེས་པ་ལྟ་བུ། སྒྲ་བཤད་ནི། བསྟེན་པར་བྱ་བ་ཡིན་པས་ན་ཡོན་ཏན་ཞེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༢༧ན༧ལས། ཡོན་ཏན་དང་ཕན་ཡོན་བཤད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་གོང་དུ་སྨོས་པ་རྣམས་ནི་བསྟེན་པར་བྱ་བ་ཡིན་པས་ན་ཡོན་ཏན་ཞེས་བྱ་སྟེ། ཞེས་གསུངས།ྱ་བ་ཡིན་པས་ན་ཡོན་ཏན་ཞེས་བྱ་སྟེ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/11680  + (1 ཤེས་རྒྱུད་ཀྱིས་བསྡུས་པའི་སྒྲ། སྒྲ་བཤད་ནི1 ཤེས་རྒྱུད་ཀྱིས་བསྡུས་པའི་སྒྲ། སྒྲ་བཤད་ནི། སེམས་ཅན་དུ་སྟོན་པ་ནི་སེམས་ཅན་ལ་ཟེར་ཞིང་དེའི་རྒྱུད་དང་འབྲེལ་བའི་སྒྲ་ཡིན་པས། སེམས་ཅན་དུ་སྟོན་པའི་སྒྲ་ཞེས་བྱའོ། །ཡང་ན་སེམས་ཅན་དུ་སྟོན་པ་ཞེས་བྱ་བ་ནི། སེམས་ཅན་ཡིན་པར་གོ་བྱེད་ཀྱི་སྒྲ་ཡིན་པས་དེ་སྐད་ཅེས་བྱ་སྟེ། དཔེར་ན་རྨ་བྱའི་སྒྲ་ཐོས་པ་ན་དེ་ནི་རྨ་བྱའི་སྒྲའོ་ཞེས་རྨ་བྱ་གོ་བའམ་སྟོན་པར་བྱེད་པ་བཞིན་ནོ། །དཔལ་ལྡན་ཟླ་བས་མཛད་པར་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས་ཏེ་བཀོད།པའི་ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/3863  + (1 ཤེས་རྒྱུད་འཇམ་པོ། རྒྱུད་ཞི་ཞིང་དུལ་བ། རྒ1 ཤེས་རྒྱུད་འཇམ་པོ། རྒྱུད་ཞི་ཞིང་དུལ་བ། རྒྱུད་འཇམ་པ། ངང་རྒྱུད་བཟང་བའམ་མི་གཞི་བཟང་བའི་དོན། ཀླུ་སྒྲུབ་ཀྱི་བཟང་སྤྱོད་འགྲེལ་པ་ལས། དེས་པ་ནི་རྒྱུད་འཇམ་པའོ། །ཞེས་དང་། རྒྱ་གར་གྱི་སློབ་དཔོན་བིདྱཱ་ཀ་ར་སིངྷས་མཛད་པའི་༼ སྐྱེས་རབས་རྒྱུད་ཀྱི་དཀའ་འགྲེལ ༽ལས་ཀྱང་། དུལ་བ་ནི་དེས་པ་སྟེ་འཇམ་པའོ། །ཞེས་གསུངས་པ་ལྟར་རོ། །་དེས་པ་སྟེ་འཇམ་པའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11502  + (1 ས་ཆ་དེ་རང་དུ་སྐྱེས་ཤིང་འཚར་ལོངས་བྱས་པའི་དོན།)
  • Dictionaries/sgom sde tshig mdzod chenmo/1038  + (1 ས་བརྒྱད་པར་ཡང་དག་མཐའ་ལ་སྙོམས་པར་འཇུག་ཀྱང་དེ་མངོན་དུ་བྱེད་པ་ལས་འདའ་བ་ལྟ་བུ་ལ་གནས་ནས་འདའ་བ་ཟེར། རྗེ་གུང་ཐང་པའི་གསུང་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/1266  + (1 ས་ལ་ཉལ་ནས་སྐྱེ་བའི་ཚེར་ལྡུམ་ཞིག ཚེར་མ་རྭ་མགོ་ཡང་ཟེར། དེའི་འབྲས་བུ་སྨན་བྱེད་ཆོག་ཅེས་བཤད།)
  • Dictionaries/sgom sde tshig mdzod chenmo/3964  + (1 ས་སྒང་གི་དོན་ཡིན་ནམ་སྙམ། འགའ་ཞིག་གིས་དྭག1 ས་སྒང་གི་དོན་ཡིན་ནམ་སྙམ། འགའ་ཞིག་གིས་དྭགས་ཞེས་པ་གསལ་པོའམ་སྣང་བ་དང་ལྡན་པའི་དོན་དུ་བཤད་པར་སྣང༌། འདིའི་གསལ་པོ་ཞེས་པ་རི་དང་ནགས་ཚལ་སྟུག་པོ་དང་མུན་པ་སོགས་ཀྱི་སྒྲིབ་གཡོག་མེད་པའི་མཐོང་རྒྱ་ཆེ་བའི་ས་སྒང་གི་མིང་ཡིན་ནམ་སྙམ། ལ་དྭགས་ཞེས་པ་ཡང་ལ་སྒང་ཞེས་པའི་དོན་ཡིན་ནམ་སྙམ་དཔྱད། ས་དཔྱད་ཐོག་མར་མདུན་རྒྱབ་དྭགས་ (གསལ་པོ) སྲིབ་ (མུན་པ་འཐིབས) བཞི་ཞེས་པ་ལྟ་བུ།ལ་པོ) སྲིབ་ (མུན་པ་འཐིབས) བཞི་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11547  + (1 སངས་པ། གཉིད་སད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5066  + (1 སངས་རྒྱས་ཀྱི་མཚན་བཟང་ཞིག་སྟེ། མངོན་རྟོགས1 སངས་རྒྱས་ཀྱི་མཚན་བཟང་ཞིག་སྟེ། མངོན་རྟོགས་རྒྱན་ལས། འདི་ཡི་སྐུ་ཡི་བདུན་དག་མཐོ་བ་དང་། །ཞེས་གསུངས་པ་ལྟར། ཕྱག་གཉིས་ཀྱི་རྒྱབ་གཉིས། ཞབས་གཉིས་ཀྱི་རྒྱབ་གཉིས་ཏེ་བཞི། ཕྲག་པའི་བར་གཉིས། ལྟག་པ་སྟེ་བདུན་མཐོ་བ་སྟེ་ཤས་ཁེངས་ཏེ་གཤོང་བུ་མེད་པ་ལ་ཟེར། འདུལ་བ་ལུང་གཞི་ལས། ལྷ་གཞོན་ནུའི་སྐུ་ནི་བདུན་མཐོ་བ་སྟེ། སྐུ་བདུན་མཐོ་བར་འཁྲུངས་པ་ནི་ཕྱག་གཉིས་དང༌། ཞབས་གཉིས་དང༌། དཔུང་མགོ་གཉིས་དང༌། ལྟག་པ་ལགས་ཏེ། ཞེས་གསུངས་ཤིང་། རྗེ་ཙོང་ཁ་པ་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང་། ཕྱག་ཞབས་བོལ་དང་ཕྲག་གོང་ལྟག་པའི་ཕྱོགས། །ཡོངས་སུ་གང་བས་མི་མཉམ་མེད་པའི་སྐུ། །ཞེས་གསུངས་ཤིང་། རྗེའི་ལེགས་བཤད་གསེར་ཕྲེང་༡༡༧བ༣ ལས་ཀྱང་། བདུན་མཐོ་བ་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་གོང་གཉིས་དང་ལྟག་པ་རྣམས་ཤས་ཁེངས་པ་ལ་དགོངས་རྒྱན་ལས་སོ། །རྣམ་འགྲེལ་ལས་དཔུང་མགོ་གཉིས་ཞེས་སོ། །ཞེས་གསུངས་སོ། །རྒྱ་གར་མཁས་པའི་གཞུང་དང་རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་རྒྱན་སོགས་ཀྱི་དགོངས་པ་དང་མཐུན་ནོ། །དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༡༠༣༣ལས། ཕྱག་ཞབས་ཀྱི་མཐེབ་ཆེན་གྱི་རྩ་བའི་ཀྱོང་བཞི། སྒྲོག་རུས་ཀྱི་ཀྱོང་གཉིས། ལྟག་པའི་ཀྱོང་སྟེ་བདུན་པོ་མི་མངོན་པར་ཤས་གང་བས་བདུན་མཐོ་བ། ཞེས་གསུངས་པའང་གོང་དང་འདྲ།ང་བས་བདུན་མཐོ་བ། ཞེས་གསུངས་པའང་གོང་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/9829  + (1 སངས་རྒྱས་ཀྱི་མཚན་བཟང་ཞིག་སྟེ། ཞབས་མཐིལ་གྱི་བཞི་ཆ་ཕྱིར་འཕགས་པས་རྟིང་པ་ཡངས་པ་ཞེས་བྱའོ། །རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཞབས་ཀྱི་བཞི་ཆ་ཕྱིར་འཕགས་རྟིང་པ་ཡངས། །ཞེས་གསུངས། མངོན་རྟོགས་རྒྱན་ལས། སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/9138  + (1 སངས་རྒྱས་ཀྱི་ལུང་གིས་ཟིན་པའི་རི་བོ་འབིགས1 སངས་རྒྱས་ཀྱི་ལུང་གིས་ཟིན་པའི་རི་བོ་འབིགས་བྱེད། རི་ནག་པོ་འབིགས་བྱེད། འབིགས་བྱེད་ཅེས་ཀྱང་བྱ། ཀཽ་ཤམྦྷི་ནས་ལྷོ་ཕྱོགས་སུ་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང༌། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གསུང༌། རྒྱ་གར་བས་བིནྡྷྱ་ཅལ་ཟེར་གྱི་ཡོད་འདུག གཏམ་རྒྱུད་གསེར་གྱི་ཐང་མ་ན་གསལ། ཀཽ་ཤམྦྷི་ནས་ལ་གཟིགས། ཡང་ན་ཡོངས་གྲགས་སུ་བྲག་དམར་སྤོ་མཐོ་ཞེས་བྱ་བ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། འཕགས་བོད་གཉིས་ཀྱི་སོ་མཚམས། སྔོན་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་སྒྲུབ་པ་མཛད་པའི་གནས་རི་རྩ་ཆེན་ཞིག་སྟེ། སྤང་གི་དབུས་སུ་བྲག་རི་རྩེ་མོ་རྣོ་ལ་དཔངས་མཐོ་བ། མཐའ་ཆུ་ཡིས་བསྐོར་ལ། སྨན་གྱི་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་པ། གྲུབ་ཐོབ་དང་རྣལ་འབྱོར་པ་རྣམས་ཀྱི་བསྟི་གནས་ཤིག་གོ། སྒྲ་བཤད་ནི། རྩེ་མོ་རྣོ་བས་འབིགས་བྱེད་ཅེས་བཏགས་པར་སེམས་སོ། །འདི་སྐོར་རྗེ་མི་ལའི་རྣམ་མགུར་ཤོག་གྲངས་༤༡༦ནས་༤༢༠ན་གསལ། སྒྲོལ་བསྟོད་ལས། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པའི། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་གསུངས་པའི་འབིགས་བྱེད་ཀྱང་རི་ནག་པོ་འབིགས་བྱེད་འདི་རང་ལ་ཟེར་བ་ཡིན། དངུལ་ཆུའི་སྒྲོལ་བསྟོད་ཀྱི་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསལ།ྒྲོལ་བསྟོད་ཀྱི་ཊཱིཀ་ལས་ཀྱང་དེ་བཞིན་དུ་གསལ།)
  • Dictionaries/sgom sde tshig mdzod chenmo/8587  + (1 སའི་གོ་ལ་ཡོངས་རྫོགས་world ལ་འཛམ་བུ་གླིང་ཟེར།)
  • Dictionaries/sgom sde tshig mdzod chenmo/10911  + (1 སི་པན་གྱི་ཞེ་ས།)
  • Dictionaries/sgom sde tshig mdzod chenmo/5326  + (1 སུམ་རྟགས་སམ་སྒྲའི་གཞུང༌། སུམ་རྟགས་སམ་སྒྲ1 སུམ་རྟགས་སམ་སྒྲའི་གཞུང༌། སུམ་རྟགས་སམ་སྒྲའི་གཞུང་ལ་ལེགས་སྦྱར་དུ་བྱཱ་ཀ་ར་ཎ་ཞེས་བྱ་ལ། དེ་ནི་ལུང་སྟོན་པ་ཞེས་པ་ཡིན་ལ་དེ་ལས་བརྡ་སྤྲོད་པ་ཞེས་པའི་མིང་རིམ་གྱིས་ཆགས་ཤིང༌། བོད་དུ་སུམ་རྟགས་ལ་ལུང་སྟོན་པ་ཞེས་པའི་ཐ་སྙད་འདི་མ་འཇགས་པར་བརྡ་སྤྲོད་པ་ཞེས་པའི་ཐ་སྙད་ཆགས་པའི་རྒྱུ་མཚན་གང་ཡིན་དཔྱད། སྒྲ་བཤད་ནི། བཤད་བྱའམ་བརྗོད་བྱའི་དོན་གཞན་ལ་གོ་བརྡ་སྤྲོད་པས་ན་བརྡ་སྤྲོད་པ་ཞེས་བྱ་བ་ཡིན་སྟེ། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་༦༡ལས། བརྡ་སྤྲོད་པ་ནི། སྒྲའི་མཚན་ཉིད་དམ་བརྗོད་དོན་གྱི་བརྡ་གདུལ་བྱ་ལ་ངོ་སྤྲད་ནས་གོ་བར་བྱེད་པ་ཡིན་ཞིང༌། ཞེས་གསུངས་པ་ལྟར་དང༌། ལུང་སྟོན་པ། གོ་བརྡ་སྤྲོད་པ། ངོ་སྤྲོད་པ་རྣམས་མིང་གི་རྣམ་གྲངས་ཡིན།ོད་པ། ངོ་སྤྲོད་པ་རྣམས་མིང་གི་རྣམ་གྲངས་ཡིན།)
  • Dictionaries/sgom sde tshig mdzod chenmo/11640  + (1 སེན་མོ་གྲི་སོགས་ཀྱིས་གཅོད་པ།)
  • Dictionaries/sgom sde tshig mdzod chenmo/11686  + (1 སེམས་ཀྱི་ཆོས་ཉིད། སེམས་ཉིད་ཅེས་པའི་ཉིད་ས1 སེམས་ཀྱི་ཆོས་ཉིད། སེམས་ཉིད་ཅེས་པའི་ཉིད་སྒྲའི་སྐད་དོད། ཏ་ཏྭ་ཞེས་པ་སྟོང་ཉིད་ཡིན་པས་སེམས་རྐྱང་མིན་པར་དེའི་གནས་ལུགས་ལ་གོ་དགོས་པ། དཔེར་ན་སེམས་སྟོང་པ་ཉིད་ལ་སྦར་འཛིན་བྱས་ལྟ་བུ། (བཀའ་རྙིང) སེམས་ཀྱི་ཆོས་ཉིད་དམ་བདེ་གཤེགས་སྙིང་པོ། སྒྲ་བཤད་ནི། སེམས་ཞེས་པས་སེམས་རང་གི་ངོ་བོ་དང༌། ཉིད་ཅེས་པས་ཆོས་ཉིད་དེ་སེམས་ཀྱི་གནས་ལུགས་བསྟན་པར་བཞེད།ཆོས་ཉིད་དེ་སེམས་ཀྱི་གནས་ལུགས་བསྟན་པར་བཞེད།)
  • Dictionaries/sgom sde tshig mdzod chenmo/11657  + (1 སེམས་ཀྱི་མིང༌། བསྲུང་དགོས་པ་དང་བག་ཟོན་བྱེད་དགོས་པས་སེམས་རྨ་ཡི་གཟུགས་སུ་བཀོད་པའོ། །སྤྱོད་འཇུག་ལས། མ་དྲངས་དྲོལ་བའི་ཁྲོད་གནས་ན། །སྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང༌།། སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང༌། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2876  + (1 སེམས་ཀྱི་ཞེ་ས།)
  • Dictionaries/sgom sde tshig mdzod chenmo/12408  + (1 སེམས་ཁམས་མི་བདེ་བའི་ནད་རིགས་ཤིག་གི་མིང་།)
  • Dictionaries/sgom sde tshig mdzod chenmo/11645  + (1 སེམས་དང་སེམས་བྱུང་གི་བྱེ་བྲག་མ་ཕྱེད་པའི་སེམས་སྤྱི་ཙམ་པ་ཞིག་ལའང་སེམས་ཞེས་ཟེར་ཏེ། དཔེར་ན་ང་སེམས་པ་སྐྱིད་པོ་འདུག་མི་འདུག་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10583  + (1 སེམས་བྱུང་སེམས་པ། ལས་ཀྱི་མཚན་ཉིད།)
  • Dictionaries/sgom sde tshig mdzod chenmo/6134  + (1 སེམས་མི་གསལ་བ། ཡི་མུག་པ། མི་བདེ་བ། པཎ་ཆེན་ཤཱཀ་མཆོག་པས། བློང་བློང་ཞེས་པ་ཡི་ཆད་པའི། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/11675  + (1 སེམས་མེད་བེམ་པོ།)
  • Dictionaries/sgom sde tshig mdzod chenmo/8795  + (1 སེམས་འགུལ་ཐེབས་ངེས་ཀྱི་མྱོང་བའམ་ཉམས་མྱོང་། ཡིད་ཁུལ་བའི་མྱོང་བ།)
  • Dictionaries/sgom sde tshig mdzod chenmo/1272  + (1 སེམས་ཤུགས་གཅོག་པ།)
  • Dictionaries/sgom sde tshig mdzod chenmo/1270  + (1 སེམས་ཤུགས་སྤོར་བའམ། སེམས་འཕང་མཐོ་རུ་གཏོང་བ།)
  • Dictionaries/sgom sde tshig mdzod chenmo/7560  + (1 སེམས། ཁ་ཞེ་གཉིས་མེད་ཅེས་པ་དང་། ཞེ་འཁོན། ཞེ་སྡང་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11832  + (1 སེལ་བའི་སྐུལ་ཚིག སེལ་བ། བསལ་བ། བསལ་བ། སོལ། དཔེར་ན་དྲི་མ་སོལ་ཅིག་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12619  + (1 སོ་ཐར། བྱང་སེམས། གསང་སྔགས་ཀྱི་སྡོམ་པ་དང་གསུམ། སྡོམ་གསུམ་རབ་དབྱེ་ཞེས་པ་ལྟ་བུ།)