Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "2 བཅུད་ཀྱི་དྭངས་མ།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/1293  + (2 ཕོ་མོ་འདོད་ཆགས་ཤིན་ཏུ་ལངས་པ་ན་ཕོ་རྟགས་དང་མོ་རྟགས་ལས་འབབ་པའི་ཆུ་ལ་ཟེར། འདི་ལ་གསང་སྔགས་གཞུང་རྣམས་སུ་བདུད་རྩི་ཟེར།)
  • Dictionaries/sgom sde tshig mdzod chenmo/4535  + (2 ཕོ་མོའི་བར་དུ་འགྲོ་འོང་བྱེད་མཁན།)
  • Dictionaries/sgom sde tshig mdzod chenmo/6731  + (2 ཕོ་མོའི་རྟགས། དགེ་སློང་མཚན་རིང་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12910  + (2 ཕོ་མོའི་རྟགས། འདོམས་ཀྱི་སྦ་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2852  + (2 ཕོ་མོའི་ལུས་བཅུད་དྭངས་མ། ཐིག་ལེ་དཀར་དམར་ཞེས་པ་ལྟ་བུ། ཐིག་ལེ་ཞེས་པ་ཕོའི་ཁམས་དཀར་པོ་ལ་གྲགས་ཆེ།)
  • Dictionaries/sgom sde tshig mdzod chenmo/4254  + (2 ཕོ་རྟགས་ཀྱི་སྤྱིའི་གབ་མིང་ངམ། ཡང་ན་ཕོ་རྟགས་ཀྱི་མགྲིན་པ་ཡན་ཆད་དམ་ཕོ་རྟགས་ཀྱི་ཏོག་གི་མིང་།)
  • Dictionaries/sgom sde tshig mdzod chenmo/4270  + (2 ཕོ་སྟེ་སྐྱེས་བུ་མཚོན་པར་བྱེད་པའི་བདག་སྒྲ་ཞིག དཔེར་ན་ཞིང་པ། སྔགས་པ། བོད་པ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2754  + (2 ཕྱི་མའམ་རྗེས་མ། མཐའ་མཇུག)
  • Dictionaries/sgom sde tshig mdzod chenmo/12947  + (2 ཕྱིའི་སྦྱིན་པ་དང་། ནང་གི་སྦྱིན་པ། གཉི་གའ2 ཕྱིའི་སྦྱིན་པ་དང་། ནང་གི་སྦྱིན་པ། གཉི་གའི་སྦྱིན་པ་དང་གསུམ། ཕྱིའི་སྦྱིན་པ་ནི་ཟས་ནོར་སོགས་གཏོང་བའོ། །ནང་གི་སྦྱིན་པ་ནི་ལུས་སྲོག་གཏོང་བ་ལྟ་བུ། གཉི་གའི་སྦྱིན་པ་ནི་བྱ་རི་དྭགས་ལ་སྟེར་རྒྱུ་མ་རྙེད་ཚེ་བསྐྱུགས་ཏེ་བྱིན་པ་ལྟ་བུ་ལ་ཟེར་ཏེ། བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་རྗེ་གུང་ཐང་པས་མཛད་པ་ལས། ཕྱོགས་གཞན་ལ་འཚོ་བ་སློང་བར་ཕྱིན་ནས་ཕྱིར་ལྡོག་པའི་ལམ་དུ་བྱ་ཁྱི་ལྟོག་པ་མང་པོ་གཟིགས་ནས་གང་རྙེད་དེ་དག་ལ་བྱིན་ཏེ་ཕྱིར་ལག་སྟོངས་སུ་འོང་བའི་དུས་མང་ལ། རེས་འགའ་ཕྱག་ན་སྟེར་རྒྱུའི་ཟས་མེད་པའི་ཚེ་བཙན་ཐབས་སུ་བསྐྱུགས་ཏེ་དེ་དག་ལ་བྱིན་ནས་ཚིམ་པར་མཛད། འདིའང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སྦྱིན་པ་ལ་ཕྱི་དང་ནང་དང་གཉི་གའི་སྦྱིན་པ་གསུམ་དུ་བྱས་པའི་ཕྱི་མར་གསུངས་ཏེ། ཞེས་གསུངས།སུམ་དུ་བྱས་པའི་ཕྱི་མར་གསུངས་ཏེ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/8379  + (2 ཕྱུག་པོའི་མིང་དུ་བཤད།)
  • Dictionaries/sgom sde tshig mdzod chenmo/2670  + (2 ཕྱུགས་ཟོག་གི་རྐང་ལག་བཞིའི་ཚིགས་དཀྱིལ་མ་དང་རྨིག་པའི་བར་གྱི་ལྷུའི་མིང༌།)
  • Dictionaries/sgom sde tshig mdzod chenmo/6023  + (2 ཕྱུགས་ཟོག་འདོགས་སའི་ཐག་པ་འཕྲད་འཐེན་གྱི་མིང༌། རྡང་དང་དོན་གཅིག རྟ་རྡང་དང༌། མཛོ་རྡང༌། ཞེས་དང༌། རྟ་ཕོ་བྲེས་ལ་ཐོགས་དང༌། གོང་ཐང་མིས་རྒྱག་ཡོང་ཞེས་པ་ལྟ་བུ། ཕྱིས་སུ་རིམ་གྱིས་ཕྱུགས་ཟོག་འཇུག་སའི་ར་བ་ལའང་བྲེས་ཞེས་མིང་ཆགས་པ་ཡིན་འདུག)
  • Dictionaries/sgom sde tshig mdzod chenmo/4750  + (2 ཕྲ་བ་དང་དོན་འདྲ།)
  • Dictionaries/sgom sde tshig mdzod chenmo/5995  + (2 ཕྲན་དང་། ཆུང་བ། ཕྲ་མོ། དམན་པའི་དོན། མདོ་2 ཕྲན་དང་། ཆུང་བ། ཕྲ་མོ། དམན་པའི་དོན། མདོ་དཀོན་བརྩེགས་༼ ཁ་པ ༽༥༥ ན་༤ལས། མཚོ་བྲན་དང་། ཀླུང་དང་། ཞེས་གསུངས་ཤིང་། མཆིམས་མཛོད་༢༨༧ལས་ཀྱང་། གངྒཱ་ལ་སོགས་པ་ཆུ་བོ་ཆེན་པོ་བཞི་རེ་རེའང་ “ཆུ་བྲན” ལྔ་བརྒྱ་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་ནས། ཞེས་གསུངས་པ་ལྟར་རོ། །ས་ཕྱོགས་སུ་བསྐོར་ནས། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3950  + (2 ཕྲིས་པ།)
  • Dictionaries/sgom sde tshig mdzod chenmo/6163  + (2 ཕྲུག་གུ་རྩེད་མོ་རྩེ་བའི་གནས་ཀྱི་མིང་དུའང2 ཕྲུག་གུ་རྩེད་མོ་རྩེ་བའི་གནས་ཀྱི་མིང་དུའང་བཤད། སྒྲ་བཤད་ནི། མ་གྲངས་པ་ནི་རྒོད་བག་དང་། མ་དུལ་བ། མཉམ་པར་མ་བཞག་པ་བཅས་ཀྱི་དོན་ཡིན་ལ། གྲོལ་བ་ནི་མ་བསྡམས་པའམ་ཞིག་པའི་དོན་ཏེ། དཔེར་ན་མདུད་པ་གྲོལ་ཞེས་པ་ལྟ་བུ། དེ་ཡང་བྱུང་རྒྱལ་བག་མེད་དམ། རང་ཡན་དུ་སོང་བའམ་རེངས་པའི་དོན་ནོ། །སྤྱོད་འཇུག་ལས། མ་གྲངས་གྲོལ་བའི་ཁྲོད་གནས་ན། །སྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །ཞེས་གསུངས་པ་ལྟར་རོ། །ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འཇུག་འགྲེལ་པ་༢༣༨ལས། མ་གྲངས་གྲོལ་བ་རྒྱ་གར་གྱི་སྐད་དོད་གཅིག་ལ་བོད་སྐད་གཉིས་སུ་བསྒྱུར་བ་སྟེ་མཉམ་པར་མ་བཞག་པས་མ་གྲངས། རྣམ་པར་གཡེངས་པས་གྲོལ་བ་སྟེ་མ་བསྡམས་པར་སྤྱོད་པ་རང་ཡན་དུ་སོང་བའི་བྱིས་པ་ཙབ་ཀྲོལ་ཅན་ཞེས་བུ་སྟོན་སོགས་གསུང་ངོ་། །དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ལས་ཀྱང་། མ་གྲངས་པ་ནི་རླངས་པ་མ་ཡོལ་བ་སྟེ་ཤེད་མ་བྱེ་བའི་དོན་གྱི་བརྡ་རྙིང་ཡིན་ལ་གྲོལ་བ་ནི་བྱུང་རྒྱལ་དུ་བག་མེད་པར་སྤྱོད་པས་མི་སྲུན་པའི་དོན་ཏེ། ཞེས་ཀྱང་གསུངས་སོ། །བོད་རྒྱ་ཚིག་མཛོ་ཆེན་མོ་དང་། ལི་ཤིའི་གུར་ཁང་། བསྟན་དར་ལྷ་རམས་པ་སོགས་ཀྱིས། མ་དྲངས་དྲོལ་བ་ཞེས་གསུང་ཡང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས། རྒྱ་གར་གྱི་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏ། བུ་སྟོན་རིན་པོ་ཆེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་ཊཱི་ཀ། ཐུབ་བསྟན་ཆོས་ཀྱི་གྲགས་པའི་ཊཱི་ཀ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་ཊཱི་ཀ་སོགས་གཞུང་མང་པོར་མ་གྲངས་གྲོལ་བ་ཞེས་འབྱུང་ངོ་། །གཞུང་མང་པོར་མ་གྲངས་གྲོལ་བ་ཞེས་འབྱུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/5336  + (2 བཀག་པ། གང་བ། བརླན་པ། མིག་མཆི་མས་བརྣངས་ཞེ2 བཀག་པ། གང་བ། བརླན་པ། མིག་མཆི་མས་བརྣངས་ཞེས་པ་མིག་མཆི་མས་བཀག་པའམ་གང་བའི་དོན་དུ་དབྱངས་ཅན་དགའ་བློའི་འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་ལས་བཤད་དོ། །འདུལ་བ་ལུང་གཞི་གླེགས་བམ་༼ ང་པ ༽ལས། བྱང་ཆུབ་སེམས་དཔའ་ནི་འདི་འདྲ་བའི་དཀའ་བ་སྤྱོད་དེ། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། སྲན་ཀོ་ལ་འབྲུ་གཅིག་དང༌། རྒྱ་སྲན་འབྲུ་གཅིག་དང༌། མོན་སྲན་གྲེའུ་འགྲུ་གཅིག་དང༌། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་གསོལ་ཞིང་རྩྭའི་གདིང་བ་ལ་མནལ་ཏོ་ཞེས་སྨྲའོ། །དེ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་བུའི་མྱ་ངན་གྱིས་ནོན་པས་ལྷག་པར་སྙིང་ཁར་ན་ཞིང་མིག་མཆི་མས་བརྣངས་ཏེ་གདུངས་ནས། བཙུན་མོའི་འཁོར་དང་བཅས་པར་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །བཙུན་མོ་གྲགས་འཛིན་ཡང་ཁྱིམ་ཐབ་ཀྱི་གནས་སྐབས་དེ་ཐོས་ནས་ཁྱིམ་ཐབ་ཀྱི་མྱ་ངན་གྱིས་ནོན་ཏེ་གདོང་མཆི་མས་རླན་ཅིང༌། མེ་ཏོག་ཕྲེང་དང༌། རྒྱན་དང་སྤུད་པ་རྣམས་བོར་ནས་དཀའ་བ་སྤྱོད་པར་བྱེད་དེ། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། སྲན་ཀོ་ལ་འབྲུ་གཅིག་དང༌། རྒྱ་སྲན་འབྲུ་གཅིག་དང༌། མོན་སྲན་གྲེའུ་འབྲུ་གཅིག་དང༌། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་ཟ་ཞིང་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །ཞེས་དང་། རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། དེས་བྱང་ཆུབ་སེམས་དཔའ་ལུས་བསྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ། །མཐོང་ནས་མཆི་མས་བརྣངས་ཤིང་ངུས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞེས་དང་། དཀོན་བརྩེགས་༼ ཁ་པ ༽ལས། ཁྱོད་ཀྱི་ཕ་དང་མ་ཡང་མཆི་མས་བརྣངས་ཤིང་འདུག ཅེས་གསུངས་སོ། །མ་ཡང་མཆི་མས་བརྣངས་ཤིང་འདུག ཅེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10942  + (2 བཀའ་གདམས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང2 བཀའ་གདམས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་སྒྲོས་ཐོར་བུ་༣བ༢ལས། ཇོ་བོའི་ཞལ་ནས། སེམས་རིག་པ་སྟོང་པ་ཡིན། དེ་རིག་སྟོང་དབྱེར་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུའི་ཚོགས་གསོག་པ་དེ་སྤྱོད་པ་ཡིན། ཞེས་གསུངས་པ་ལྟར་རོ། །ོག་པ་དེ་སྤྱོད་པ་ཡིན། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3860  + (2 བཀའ་འགྱུར་དཀར་ཆག ཀློང་རྡོལ་བླ་མ་གསུང༌། 2 ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ།)
  • Dictionaries/sgom sde tshig mdzod chenmo/5280  + (2 བཀུར་སྟི་དང་མཆོད་པའི་དོན། རྗེད་པར་བྱ་བ་གཟིགས།)
  • Dictionaries/sgom sde tshig mdzod chenmo/9394  + (2 བཀོད་པ། རྣམ་འགྱུར། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༢༡ན༡ལས། ཡིད་ཀྱི་རོལ་པའམ། བཀོད་པ། རྣམ་འགྱུར། ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8118  + (2 བཀོད་པའམ་རྣམ་འགྱུར།)
  • Dictionaries/sgom sde tshig mdzod chenmo/3585  + (2 བགྱི་བ་དང་བྱ་བ་དང་དོན་གཅིག བཤེས་སྤྲིངས་ལས། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་སྨྲས་ཀྱང་རུང་ངོ་། །ཞིབ་པར་འོལ་ཡང་མི་དབྱི་ཞེས་པར་གཟིགས།)
  • Dictionaries/sgom sde tshig mdzod chenmo/10543  + (2 བགྲོ་གླེང༌།)
  • Dictionaries/sgom sde tshig mdzod chenmo/10331  + (2 བཅུག་པའམ་འཇུག་པའི་དོན། ཏུན་ཧོང་གི་ཡིག་རྙིང་ལས། ཟགས (ཟངས) ཁ་སྦྱར་གྱི་ནང་དུ་རྩལ་ཏེ་ཆུར་བསྐུར་བ། ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/872  + (2 བཅོལ་བ། གཞག་པ། གཏད་པ། དཔེར་ན་བཅོལ་ཏེ་བཞག་པ་ལ། རྒྱས་བཏབ་སྟེ་གཏམས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12723  + (2 བཅོལ་བའི་བརྡ་རྙིང་། སྤང་ལྟུང་ཕྱིར་བཅོས་སྐབས་ལྷུང་བཟེད་དགེ་འདུན་ལ་སྤངས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7197  + (2 བཏགས་པ་བ། དངོས་མིན་པ། རྫུན་མ། སི་ཏུ་འགྲེ2 བཏགས་པ་བ། དངོས་མིན་པ། རྫུན་མ། སི་ཏུ་འགྲེལ་ཆེན་ལས། སྐབས་འདིར་འགྲེལ་བྱེད་སྔ་མ་ཁ་ཅིག་གིས་དེར་ཕྱིན་ཏོ་ལྟ་བུ་སླར་བསྡུ་དངོས་ཡིན་ཞིང་རྫོགས་ཚིག་ཀྱང་ཡིན་པ་དང་། རྟག་གོ་ལྟ་བུ་སླར་བསྡུ་ཙམ་པོ་བ་དང་། བྱའོ་སྙམ་ནས་བྱེད་དོ་ལྟ་བུ་ཙམ་པོ་བའི་ཁོངས་སུ་གཏོགས་ཙམ་ལས་དོན་དུ་དེའང་མིན་པར་འདོད་པ་ཞིག་འདུག་པ། དེ་ལ་འདི་འདྲི་བར་བྱ་སྟེ། བྱའོ་ཞེས་པའི་འོ་སྒྲ་བརྗོད་པའི་ཚེ་འོ་སྒྲ་དེས་གང་ཞིག་སྡུད་དགོས་པའི་དོན་དེ་བསྡུས་པར་སོང་ངམ་མ་སོང་། སོང་ན་སླར་བསྡུ་དང་རྫོགས་ཚིག་དངོས་མིན་ཞེས་བསྙད་པའི་རྒྱུ་མཚན་ཅི་ཞིག དེ་ལ་ལྟོས་ཤིང་འབྲེལ་བའི་ཚིག་དེ་མ་ཐག་ཏུ་འབྱུང་བས་སོ་ཞེ་ན། ཞེས་སོགས་གསུངས་སོ། །་ཏུ་འབྱུང་བས་སོ་ཞེ་ན། ཞེས་སོགས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/10146  + (2 བཏང་སྙོམས་ལའང་འཇུག རྗེའི་ལམ་རིམ་ཆེན་མོ་ལས། དྲན་པ་དང་ཤེས་བཞིན་དང་འདུ་བྱེད་པའི་སེམས་པ་དང་རྣལ་དུ་འཇོག་པའི་བཏང་སྙོམས་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ། །ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1428  + (2 བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་ཉམས་ལེན་2 བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་ཉམས་ལེན་གྱི་མིང་། འདི་ལ་གསང་བའི་དམ་པའི་ཞེས་བརྗོད་པའི་རྒྱུ་མཚན་ནི། སྣོད་མིན་གསང་ཞིང་ཐེག་པ་ཆེན་པོའི་ཉམས་ལེན་གྱི་གནད་མཐར་ཐུག་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། སྤྱོད་འཇུག་དར་ཊཱིཀ་ལས་ཀྱང་། རྒྱུ་མཚན་དེས་ན་གང་ཞིག་བདག་དང་གཞན་རྣམས་ནི་སྲིད་པ་དང་ཞི་བའི་རྒྱུད་པ་ལས་མྱུར་དུ་བསྐྱབ་པར་འདོད་པ་དེས་བདག་དང་གཞན་དུ་བརྗེ་བྱ་བ་སྣོད་མིན་ལ་གསང་ཞིང་ཐེག་པ་ཆེན་པོའི་ལམ་གྱི་གནད་མཐར་ཐུག་པ་གསང་བའི་དམ་པ་སྤྱད་པར་བྱའོ། །ཞེས་གསུངས།ག་པ་གསང་བའི་དམ་པ་སྤྱད་པར་བྱའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/4780  + (2 བདག་ང་རང་ཞེས་པ་སྟེ། རང་ཉིད་དམའ་ས་འཛིན་པའི་ཚིག་ཅིག)
  • Dictionaries/sgom sde tshig mdzod chenmo/8767  + (2 བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ལུས། ཞེས་མཁས་པ་འགའ་གསུང༌།)
  • Dictionaries/sgom sde tshig mdzod chenmo/11583  + (2 བདེ་བ། ཚོར་བ་སིམ་པ་ཞེས་པ་ལྟ་བུ། རྗེའི་ལམ2 བདེ་བ། ཚོར་བ་སིམ་པ་ཞེས་པ་ལྟ་བུ། རྗེའི་ལམ་རིམ་ཆེན་མོ་ལས། སོ་སོའི་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་བ་ལངས་པ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི། ཞེས་གསུངས་པ་ལྟར་རོ། །་བསགས་པ་ལས་འབྱུང་གི། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/5104  + (2 བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ནི། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད། ཡེ་ཤེས་སྡེའི་འགྱུར།)
  • Dictionaries/sgom sde tshig mdzod chenmo/7380  + (2 བདེན་འཛིན། བདེན་པར་འཛིན་པའི་བློ། རྗེའི་ལ2 བདེན་འཛིན། བདེན་པར་འཛིན་པའི་བློ། རྗེའི་ལམ་རིམ་ཆེན་མོ་ལས། རྟོག་པ་ཐམས་ཅད་མཚན་མར་འཛིན་པ་ཡིན་པས་འཚང་རྒྱ་བ་ལ་གེགས་བྱེད་པའོ་སྙམ་དུ་འཛིན་བ་ནི། ཚུལ་མིན་ཡིད་བྱེད་བདེན་འཛིན་གྱི་རྟོག་པ་དང་། ཚུལ་བཞིན་ཡིད་བྱེད་ཡང་དག་པའི་རྟོག་པ་གཉིས་མ་ཕྱེད་པའི་སྐྱོན་ནོ། །ཞེས་དང་། ཡང་དེ་ཉིད་ལས། གཟུགས་ཚོར་སོགས་ཆོས་ཀྱི་སྤྲོས་པ་ལ་བདེན་པར་འཛིན་པའི་མ་རིག་པ་ནི། བདག་མེད་པའི་སྟོང་ཉིད་རྟོགས་པའི་ལྟ་བ་རྙེད་ནས་དེ་བསྒོམས་པས་ལྡོག་ལ། དེ་ལོག་ན་བདེན་འཛིན་གྱི་ཡུལ་ལ་དམིགས་ནས་སྡུག་མི་སྡུག་སོགས་ཀྱི་མཚན་མར་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལྡོག་གོ། དེ་ལོག་ན་འཇིག་ལྟའི་རྩ་བ་ཅན་གྱི་ཆགས་སོགས་ཉོན་མོངས་གཞན་རྣམས་ལྡོག་གོ །ཞེས་གསུངས་སོ། །ཉོན་མོངས་གཞན་རྣམས་ལྡོག་གོ །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4609  + (2 བཙོན་ཁང་ངམ་བཙོན་དོང་ལའང་འཇུག་པར་བཤད།)
  • Dictionaries/sgom sde tshig mdzod chenmo/7564  + (2 བཞི་བཅུ་ཞེ་གཅིག)
  • Dictionaries/sgom sde tshig mdzod chenmo/5182  + (2 བཟང་སྤྱོད་སྨོན་ལམ། བཟང་སྤྱོད་སྨོན་ལམ་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/4656  + (2 བཟོ་པའི་དགེ་རྒན། ཕྱི་མོ་ཞེས་པ་འདིར་གཙོ་བོའི་དོན་ཡིན།)
  • Dictionaries/sgom sde tshig mdzod chenmo/7630  + (2 བར་མཚམས་མེད་པ།)
  • Dictionaries/sgom sde tshig mdzod chenmo/8464  + (2 བརྒལ་བ་ལའང་འཇུག འདི་ཁམས་སྐད་ལ་ཡོད།)
  • Dictionaries/sgom sde tshig mdzod chenmo/6723  + (2 བརྒྱན་པའམ་སྤྲས་པ། ལེགས་བྲིས་མ་ལས། ཕྱག་གཉིས་ཨུཏྤལ་སྔོན་པོས་མཚན་པ་ནི། །ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1335  + (2 བརྗེད་པ། མ་གཡེལ་མ་གཡེལ་རྡོ་རྗེའི་དམ་ཚིག་དགོངས་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6046  + (2 བརྗོད་བདེའམ་རུང་ཐབས་ཅེས་ཀྱང་གསལ།)
  • Dictionaries/sgom sde tshig mdzod chenmo/11681  + (2 བརྗོད་བྱ་སྟོན་པའི་སྒྲ།)
  • Dictionaries/sgom sde tshig mdzod chenmo/9233  + (2 བརྟན་པ་འཇོམས་པར་བྱེད་པའི་དོན། ཡིད་ཀྱི་བརྟན་པ་འཇོམས་པར་བྱེད་པ་ལ། སྙིང་རིངས་པ་ཞེས་པ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། སྙིང་རིངས་པ་ཞེས་བྱ་བ་ནི་ཡིད་བརྟན་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/6869  + (2 བརྟན་པོ།)
  • Dictionaries/sgom sde tshig mdzod chenmo/10144  + (2 བརྟན་པོའམ་བརྟན་པ།)
  • Dictionaries/sgom sde tshig mdzod chenmo/10149  + (2 བརྟན་པོར་གནས་པའི་དོན། རྒྱལ་ཚབ་ཆོས་རྗེའི་སྤྱོད་འཇུག་དར་ཊཱིཀ་ལས། ལུས་བདེ་བའང་མི་འཐོབ་ལ་གཉིད་མི་འོང་ཞིང་སེམས་རྣལ་དུ་ཕབས་པའི་བརྟན་པའང་མེད་པར་འགྱུར་རོ། །ཞེས་གསུངས། སེམས་རྣལ་དུ་ཕབ་ཅེས་པའི་ཐད་དུ་གཟིགས།)
  • Dictionaries/sgom sde tshig mdzod chenmo/8140  + (2 བརྟས་པའི་དོན་ལའང་བཤད། ལུང་རྣམ་འབྱེད་༼ ཅ 2 བརྟས་པའི་དོན་ལའང་བཤད། ལུང་རྣམ་འབྱེད་༼ ཅ ༽༤༨བ ༥ལས། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཀུན་ཏུ་ཆགས་པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་དེ། ཞེས་གསུངས་པ་ལྟ་བུ། དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༤བ༤ལས། ཀུན་ཏུ་ཆགས་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་བརྟས་པར་བྱེད་པའོ། །ཀུན་ཏུ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་འབྱེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །་འབྱེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །)