Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "2 ཡང་ན་ཞེས་པའི་དོན།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/8456  + (2 འབུར་ཚུགས་སམ་འབུར་བ། འདུལ་བའི་གླེང་འབུམ་ལས། གོས་ས་འབུས་པ་ཞིག་གི་འོག་ཏུ་སྦས། ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/9784  + (2 འབུལ་བ་ལེགས་པར་ཐོབ་བོ་ཞེས་པའམ། རྔན་པ་ལེགས་པར་ཐོབ་བོ་ཞེས་པའི་དོན་ནོ། །)
  • Dictionaries/sgom sde tshig mdzod chenmo/1226  + (2 འབེན་སོགས་ལ་སྣུན་པའི་གྲབས་བྱེད་པའི་དོན། འབེན་ལ་མེ་མདའ་གཟིར་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5167  + (2 འབོད་ཚིག་ཅིག་སྟེ། སྙན་པའི་ཚིག་གིས་འབོད་པ།)
  • Dictionaries/sgom sde tshig mdzod chenmo/13062  + (2 འབོད་སྒྲ་ཞིག་སྟེ་ཀྱེ་དང་དོན་གཅིག བསོ་ནི་བོན་གྱི་འབོད་པའི་སྒྲ་སྟེ་ཀྱེ་དང་འཇུག་པ་གཅིག་གོ། ཞེས་ཚེ་ཏན་ཞབས་དྲུང་གསུང་ངོ་། །)
  • Dictionaries/sgom sde tshig mdzod chenmo/3595  + (2 འབྱུང་ཁུངས་སམ། འབྱུང་ཁུངས་མཐར་ཐུག མཐར་ཐུག་པའི་རྩ་བ། རྩ་བ་མཐར་ཐུག་རྗེའི་འགྲེལ་པ་བཞི་སྦྲགས་ལས། དྷཱ་ཏུ་ནི་དབྱིངས་དང་ཁམས་ཏེ། མཐར་གཏུགས་པའི་རྩ་བའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8500  + (2 འབྲས་ཆན་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/1041  + (2 འབྲས་བུ་ལ་ཟེར། འཕགས་པ་ཐོགས་མེད་ཀྱི་གཏན་ལ་དབབ་པ་བསྡུ་བ་༤༩ན༧ལས། འབྱུང་བ་ཆེན་པོ་རྣམས་ནི་གནས་ཡིན་ལ། རྒྱུར་བྱས་པའི་གཟུགས་རྣམས་ནི་གནས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/8660  + (2 འབྲས་བུ།)
  • Dictionaries/sgom sde tshig mdzod chenmo/8542  + (2 འབྲུག་ཡུལ། (Bhutan))
  • Dictionaries/sgom sde tshig mdzod chenmo/1277  + (2 འཛེམ་ཟོན་དང་མཁས་པའི་དོན། འདིའི་གཟོ་བ་ཞེས་པ་ཡུལ་སྐད་དུ་གཟོ་པོ་བྱེད་ཅེས་པ་དེའོ། །དབྱིན་སྐད་དུ་ careful ཟེར་བ་དང་འདྲ། རྗེའི་ལམ་རིམ་ཆེན་མོ་ལས། སྨྲ་མཁས་པ་ནི་ཇི་ལྟར་བཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་བློ་ལ་སྐྱེལ་བ་ལ་གཟོ་བའོ། །ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/8597  + (2 འཛེར་ཐག་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10650  + (2 འོག་ནས་གྱེན་དུ་འགྲོ་བ། ལུགས་ལྡོག་གི་དགའ་བ་བཞི་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8619  + (2 འོད་སྣང་ངམ་འོད་གསལ་པོ།)
  • Dictionaries/sgom sde tshig mdzod chenmo/10079  + (2 ཡང་། ཉེ་ཉོན་ཉི་ཤུའི་བཅུ་པ་ནི། ཁོང་ཁྲོའི་2 ཡང་། ཉེ་ཉོན་ཉི་ཤུའི་བཅུ་པ་ནི། ཁོང་ཁྲོའི་ཆར་གཏོགས་གང་ཞིག གཞན་ལ་སྙིང་བརྩེ་བ་སོགས་མེད་ཅིང་མཐོ་འཚམས་པར་འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ། །རང་གིས་མཐོ་འཚམས་པར་འདོད་པས་སྙིང་བརྩེ་བ་མེད་པ། གཞན་བྱེད་དུ་འཇུག་འདོད་པས་སྙིང་རྗེ་བ་མེད་པ། གཞན་གྱིས་བྱེད་པ་མཐོང་ངམ། ཐོས་ན་རྗེས་སུ་ཡི་རངས་པས་བརྩེ་བ་མེད་པའོ། །བྱེད་ལས་ནི། གཞན་ལ་མཐོ་འཚམས་པའི་ལས་ཅན་ནོ། །ཀུན་བཏུས་དར་ཊཱིཀ་ལྟར་རོ། །་པའི་ལས་ཅན་ནོ། །ཀུན་བཏུས་དར་ཊཱིཀ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/4322  + (2 ཡང་། པདྨ་གླིང་པ་བརྫུན་མ་འདིས་ས་སྐྱའི་ཤཱཀ2 ཡང་། པདྨ་གླིང་པ་བརྫུན་མ་འདིས་ས་སྐྱའི་ཤཱཀྱ་མཆོག་ལྡན་པ་དང་ངན་པ་ལག་སྦྲེལ་གྱིས་ཅིག་གིས་ལུང་བསྟན་བརྫུན་མ་བརྩམས་ཤིང་། ཅིག་ཤོས་ཀྱིས་གཏེར་ནས་འདོན་ཁུལ་གྱིས་རྗེ་རྒྱལ་བ་གཉིས་པར་སྙིང་འདར་ཞིང་སྐྱི་གཡའ་བའི་མཚན་སྨད་བསམ་ཡུལ་འདས་པ་ཞུ་མཁན་གྱི་པད་གླིང་བརྫུན་མ་ཞིག་བྱུང་བ་དེ་ནི། གཏེར་སྟོན་པདྨ་གླིང་པ་ཞེས་པའི་གཏེར་སྟོན་ཚད་ལྡན་དེ་དང་མི་རབས་གཉིས་ཀྱི་བར་ཁྱད་ཡོད་པ། མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ཏེ། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༧ན༢ལས། བྱང་བདག་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྒོལ་ངན་ཚར་གཅོད་ལས། ༀ་སྭསྟི། སངས་རྒྱས་བཞུགས་དུས་འཁོར་རྣམས་ཕལ་ཆེ་མོ། །འབད་མེད་ལྟ་བུར་གྲོལ་བར་སྣང་གྱུར་ཀྱང་། །སྔོན་ཚེ་ལམ་ལ་སློབ་པའི་བག་ཆགས་ཉིད། །ཐུགས་རྗེས་སད་ནས་གསུང་གིས་གྲོལ་བར་ངེས། །དེ་ལ་ལེགས་སྐར་ཐུབ་པའི་ཞབས་འབྲིང་སྐབས། །རང་རྒྱུད་ལུང་གིས་ཁེངས་པའི་ང་རྒྱལ་གྱིས། །སྟོན་པའི་མཛད་ལ་ལོག་ལྟས་སྨད་ཚུལ་རྣམས། །རྒྱས་པར་པདྨ་ཐང་ཡིག་སོགས་ལས་གསུངས། །དེ་ལ་བསམ་ནས་ཆེན་པོ་ཤཱཀ་མཆོག་དང་། །པདྨ་གླིང་པར་འཆོས་པའི་སྙིང་ཆེན་གཉིས། །རྗེ་བཙུན་བླ་མའི་འཕྲིན་ལས་ཉིན་བྱེད་འོད། །ཕྲག་དོག་སྦྲང་བུའི་གཤོག་པས་སྒྲིབ་སྙམ་སྟེ། །ཁོ་པ་མཁས་པ་ཡིན་པས་འདི་བརྩམ་ཞིང་། །ཁྱོད་ནི་གྲུབ་ཐོབ་ཡིན་པས་འདོན་དགོས་ཞེས། །གྲོས་ངན་བཤམས་ཤིང་དགེ་སློང་བཞི་བཏང་སྟེ། །ཡར་འབྲོག་མཚོ་ཡི་འགྲམ་དུ་གཏེར་དུ་སྦས། །དེ་ཉིད་པད་གླིང་བརྫུས་མས་བཏོན་པས་ན། །ཐང་ཡིག་བཤད་པའི་ལེགས་སྐར་རྣམ་ཐར་དང་། །རྗེ་བཙུན་བླ་མས་ལྷ་སའི་ཇོ་བོ་ལ། །དབུ་རྒྱན་ཞུས་སོགས་བསྙེན་བཀུར་མཛད་པ་སྦྱར། །འདི་ལ་འཁྲུལ་ནས་རྙིང་མ་ཕྱག་ཆེན་སོགས།། རྗེས་འབྲངས་སྐྱེ་བོ་བླུན་པོ་མང་པོ་ཡིས། །ཐེག་ཆེན་ཆོས་དང་གང་ཟག་སྤོང་བའི་ལས། །འཛེམ་མེད་བསགས་པ་མཐོང་ཚེ་ཤེས་ལྡན་ཀུན། །ལུས་སེམས་འདར་ཞིང་སྙིང་ནས་སྐྱོ་ཤས་བསྟེན། །དུས་གསུམ་མཁྱེན་པས་ལུང་བསྟན་ཚུལ་རྣམས་ལ། །མ་དག་ཉེས་སྐྱོན་དྲི་མས་མ་གོས་རུང་། །འདི་ནི་བརྫུན་མ་ཡིན་ཕྱིར་ནང་འགལ་མང་། །འདི་ཡི་རྒྱུ་མཚན་ཞིབ་ཞུས་འདི་ལྟར་འབུལ། །མཁའ་ལྡིང་མཁའ་ལ་མཁའ་ཡི་མཐའ་འཚོལ་ལྟར། །བདག་རྨོངས་བདག་འདྲས་བདག་ཉིད་ཆེན་པོའི་ཚུལ། །བརྗོད་དཀའ་བརྗོད་ཀྱང་བརྗོད་ནུས་མ་ཡིན་མོད། །དད་པས་དད་ལྡན་དད་པ་བསྐྱེད་ཕྱིར་དང་། །ལོག་སྨྲ་ལོག་ཞུགས་ལོག་རྟོག་ལྡོག་ཕྱིར་དང་། །ཡིད་སྐྱོན་ཡིད་གཉིས་ཡིད་རབ་བསྒྱུར་བའི་ཕྱིར། །ལུང་བསྟན་ལུང་རྣམས་ལུང་བཞིན་བཤད་པ་ཡི། །ཚིག་འདིས་ཚིག་ངན་ཚིག་རྣམས་ཚིག་མེད་བྱས། །དེ་ལ་རྒྱལ་པོའི་བཀའ་ཆེམས་བཀའ་ཁོལ་མར། །དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པས། །དེ་ཡི་གར་ཕྱོགས་ཞེས་པ་ཙོང་ཁར་ངེས། །སྙིང་པོའི་མཐའ་རྟེན་ཞེས་པ་བླ་མའི་མཚན།། ཀུན་དགའ་སྙིང་པོར་རོལ་པའི་རྡོ་རྗེས་གསོལ། །ཞལ་ཡང་བསྒྱུར་ཞིང་ཞེས་པ་ཇོ་བོ་ལ། །དབུ་རྒྱན་ཕུལ་བའི་ཁུངས་སུ་འཁྲུལ་པ་མེད། །བསྙེན་བཀུར་དམ་པ་མཛད་ཅེས་གསུངས་པའི་དོན། །ཐུབ་པའི་དབང་པོས་རྒྱ་གར་འཕགས་ཡུལ་དུ། །ཁྲ་བླ་ཡར་ངོའི་ཚེས་གྲངས་བཅོ་ལྔའི་བར། །ངོ་མཚར་ཆོ་འཕྲུལ་མི་འདྲ་བཅོ་ལྔ་བསྟན། །དེ་དང་རྗེས་མཐུན་རྒྱལ་བ་གཉིས་པས་ཀྱང་། །འཕགས་ཡུལ་གཉིས་པ་ཆོས་འཁོར་ལྷ་ས་རུ། །ཡོངས་ལ་གྲགས་པའི་དུས་ཆེན་བཅོ་ལྔ་ཡི། །དཀར་པོའི་ཕྱོགས་ལ་མཐོང་ཐོས་དྲན་རེག་ཀུན། །དོན་དང་ལྡན་པའི་ཇོ་བོ་རྣམ་གསུམ་ལ། །སྣ་ཚོགས་རིན་ཆེན་འདུས་པའི་དབུ་རྒྱན་སོགས། །མཆོད་པའི་བྱེ་བྲག་མི་འདྲ་བཅོ་བརྒྱད་བཅོ་ལྔས་མཆོད། །དེ་བཞིན་དགེ་འདུན་ཁྲི་ཕྲག་བསྙེན་བཀུར་ཞིང་། །སྟོན་པའི་འཁྲུངས་རབས་ལ་སོགས་ཆོས་ཆར་ཕབ། །དེ་ཡི་མཐུ་ལས་ངོ་མཚར་ཆོ་འཕྲུལ་ལྟས། །བརྗོད་བྲལ་བསམ་གྱིས་མི་ཁྱབ་བྱུང་ཚུལ་རྣམས། །ཕྱོགས་ཙམ་རྣམ་ཐར་དཀར་ཆག་གསུམ་དུ་གསལ།།དེ་ལྟར་རཏྣ་གླིང་པའི་གཏེར་ཡིག་ཏུ། །དགེ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། །ཞེས་སོགས་ལུང་བསྟན་མཐའ་ཡས་འཁྲུལ་པ་མེད། །དཔྱོད་ལྡན་རྣམས་ལ་ཐེ་ཚོམ་མི་འཚལ་མོད། །ཀུན་སློང་སྐྱོན་ཅན་གཏེར་ཡིག་འདི་འདྲ་ཡིས། །རྟོག་དཔྱོད་ (མ་དཔེར། རྟོགས་བརྗོད་ཅེས་གསལ) མེད་པའི་སྐྱེ་བོ་བསླུ་མཐོང་བས། །འདི་ནི་བརྫུན་མ་ཁོ་ནར་བཤད་པར་སྣང་། །རྒྱུ་མཚན་རྣམ་ཐར་པདྨ་ཐང་ཡིག་ལས། །འགོས་ཀྱི་དགོན་པ་ཕག་རིའི་རྫོང་ལ་འགེབས། །ལ་སྟོད་སྟག་རིར་དུག་གི་ཚོང་དུས་འོད། །མེ་སྤར་མཚོ་ལ་སྦས་པའི་གཏེར་ཁ་འདི། །མ་བཞག་འདོན་པའི་རྟགས་དེར་བསྟན་ནས་འོང་། །ཨུ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་། །ཞེས་གསུངས་དེ་ལྟར་སྤྲུལ་སྐུ་པད་གླིང་དངོས། །རིན་ཆེན་སྒང་གི་དགོན་སྡེ་བཅོམ་སྐབས་སུ། །འབྱུང་བར་གསུང་འདིས་གསལ་བར་བསྟན་པས་ན། །ལུང་བསྟན་བརྙེས་པའི་པདྨ་གླིང་པ་དང་། །སྔོན་བྱུང་པད་གླིང་བརྫུན་མ་གཉིས་ཀྱི་བར། །མི་རབས་གཉིས་ཙམ་སོང་བས་དུས་མི་མཚུངས། །འདི་ནི་གཏེར་སྟོན་འབྱུང་དུས་འགལ་བའི་སྐྱོན། །དེས་ནས་གཏེར་སྟོན་རྒྱལ་པོ་པད་གླིང་པ། །གདུལ་བྱའི་དབང་གིས་སྦས་པའི་ཚུལ་གྱི་བྱོན།། ཅི་ཕྱིར་ཞེ་ན་ཨོ་རྒྱན་འཁྲུལ་མི་མངའ། །དེ་བཞིན་འདོན་པའི་ཡུལ་ལའང་སྐྱོན་ཆགས་ཏེ། །ལུང་བསྟན་བཞིན་དུ་པདྨ་གླིང་པས་ནི། །ཟབ་གཏེར་མེ་སྦར་མཚོ་ནས་འདོན་པར་གསུངས། །པད་གླིང་བརྫུན་མས་ཡར་འབྲོག་མཚོ་ནས་བཏོན། །དེས་ན་འདོན་པའི་ཡུལ་ཀྱང་འཁྲུལ་བ་ཡིན། །གཏེར་ཡིག་ཚིག་ལའང་ཡིད་བརྟན་མི་རུང་སྟེ། །ལེགས་སྐར་སོགས་ཀྱིས་སྟོན་པ་སྨད་ཚུལ་ཚུན། །ངེས་དོན་དངོས་གནས་ཡིན་ན་འདུལ་ལུང་ལས། །སངས་རྒྱས་དངོས་ལ་སྨད་པའི་རྣམ་སྨིན་འབྲས། །བསྐལ་པར་མནར་མེད་གནས་པར་གསུངས་པ་དང་། །བསྐལ་ཆེན་གཅིག་ལའང་བར་བསྐལ་བརྒྱད་ཅུའི་ཡུན། །བར་བསྐལ་རེ་རེ་ཙམ་གྱི་ཡུན་ཚད་ལའང་། །རྒྱ་དཔང་དཔག་ཚད་གཅིག་གི་ཁྱོན་ལྡན་རྫིང་། །སྐྲ་ཡིས་ཡོངས་གང་ལོ་བརྒྱར་ལོན་པ་དང་། །སྐྲ་ཉག་རེ་ཙམ་བཏོན་པས་རྫོགས་པའི་ཚད། །བར་བསྐལ་གཅིག་ཙམ་རྫོགས་པ་བླ་མ་བཞེས་བཞེད། །དེས་ན་དགེ་སློང་ལེགས་པའི་སྐར་མ་དང་། །རྒྱལ་བ་བློ་བཟང་གྲགས་པའི་བར་ཙམ་ལ། །བསྐལ་ཆེན་ཚེ་ཚད་རྫོགས་པ་ལྟ་ཅི་སྨོས། །བར་བསྐལ་གཅིག་གི་སྟོད་ཆའང་མ་རྫོགས་པས། །འདུལ་བ་ལུང་དང་འགལ་བ་ཁོ་ནར་སྣང་།། གཞན་ཡང་གནོད་བྱེད་མང་སྟེ་བཏང་སྙོམས་བཞག །ཐང་ཡིག་ནང་དུ་འདྲ་མིན་མང་བཤད་ཀྱང་། །ཆོས་སྐྱོན་མ་ཡིན་རྗེས་འཇུག་འཕྲི་བསྣན་ལྷད། །ཡང་ན་ཕྱི་མ་མ་དག་རིམ་བརྒྱུད་སྐྱོན། །ཞེས་སོགས་མང་དུ་གསུངས་སོ། །་བརྒྱུད་སྐྱོན། །ཞེས་སོགས་མང་དུ་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/2594  + (2 ཡང་། ཡང་སྐྱར། སྙིང་པོའི་ཡང་སྙིང་པོར། ཉེ་སྙིང་ཟེར་བ་ལྟ་བུ། རྗེའི་གསུང་ལ་གཞི་བྱས།)
  • Dictionaries/sgom sde tshig mdzod chenmo/960  + (2 ཡང་ཀུན་མཁྱེན་བུས་རྦ་བཞེད་ནས་གདོང་དམར་གྱི་ཡུལ་རྒྱ་ནག་ལ་བཤད་གསུངས་ཀྱང༌། དེ་ལ་དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༡༦༨ན་དགག་པ་མཛད་དེ། གདོང་དམར་གྱི་ཡུལ་བོད་ཡུལ་ཉིད་ལ་ངོས་གཟུང་དགོས་པར་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/8588  + (2 ཡང་གནའ་བོ་རྒྱ་གར་ལའང་འཛམ་བུ་གླིང་ཟེར། འད2 ཡང་གནའ་བོ་རྒྱ་གར་ལའང་འཛམ་བུ་གླིང་ཟེར། འདུལ་བ་ལུང་གཞི་༼ ཁ་པ ༽རྟའི་རྒྱལ་པོ་ཤུགས་ཅན་གྱི་གཏམ་རྒྱུད་ལས། རྒྱ་གར་ལ་འཛམ་བུ་གླིང་ཞེས་ཡང་ཡང་ཐ་སྙད་མཛད་ཡོད། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་༤༧ཕྲེང་༧ལས། རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་ད་ལྟའི་རྒྱ་གར་ཡོངས་སུ་རྫོགས་པ་བྱང་གི་ཕྱོགས་ཆ་དང་བཅས་པ་འདི་ལ་ཛམྦུ་དྭི་པ། जम्बुद्वीप,Jambudvipa ཞེས་གྲགས། སིངྒ་ལ་པའི་Shri Lankan ཡུལ་མི་བྱིངས་རྣམས་ད་དུང་ཡང་རྒྱ་གར་ལ་འཛམ་བུ་གླིང་དུ་འབོད་ཅིང་། བོད་དང་རྒྱ་སོགས་དེའི་ཁོངས་མིན་པར་བྱེད། གདུང་བ་གཞི་ (འདི་འདུལ་བ་གཞི་ཡིན་མིན་དཔྱད) སོགས་ཀྱི་ཡུལ་ (འདིའི་ཡུལ་ཞེས་པའི་ཚིག་འདི་ལྷག་སྐྱོན་ཡིན་མིན་ལའང་དཔྱད་པར་འཚལ། འདུལ་བ་གཞི་སོགས་ཀྱི་སྔོན་རབས་རྙིང་མ་རྣམས་ལས། ཞེས་བཀླག་རྒྱུ་ཡིན་ནམ་སྙམ་ཡང་དཔྱད་དོ) སྔོན་རབས་རྙིང་མ་རྣམས་ལས་འཛམ་གླིང་ཡུལ་གྲུ་གང་བཤད་པ་ཕལ་ཆེར་ཀྱང་རྒྱ་གར་དང་དེའི་ཉེ་འཁོར་མི་རིང་བའི་ཕྱོགས་ནས་རྙེད་པ་ཤ་སྟག་ཡིན། དུས་འཁོར་ནས་ལྷོ་གླིང་བདུན་རྩིས་པའི་མཐར་འཛམ་གླིང་བྱུང་བ་དང་། མུ་སྟེགས་ཀྱི་གླིང་བདུན་དེ་ལྟར་རྩིས་པའི་ལྷོ་མཐར་བྷཱ་ར་ཏའི་ཡུལ་བྱུང་བས་ཀྱང་འཛམ་གླིང་ཆུང་ངུ་དེ་རྒྱ་གར་ཙམ་དུ་གསལ། དེ་ཉིད་བསྡུས་པའི་འགྲེལ་པའི་དབུར་་བྷ་ཏཔྲདེ་ཤེ་ཟུར་གསུམ་སོག་པའི་དབྱིབས་དང་རྡོ་རྗེ་གདན་ལྟེ་བར་བྱས་པ་ཡང་རྒྱ་གར་ཙམ་དུ་སྣང་། ཞེས་གསུངས་སོ། །སྒྲ་བཤད་ནི། ཛམྦུ་པྲཀྵ་ཞེས་བྱ་བའི་ཤིང་གིས་ཉེ་བར་མཛེས་པས་འཛམ་བུ་ཞེས་བྱ་ལ། མཐའ་ཆུས་བསྐོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་གླིང་ཞེས་བྱའོ། །མདོར་ན་ཤིང་ཛམྦུ་གང་དུ་སྐྱེ་བའི་ཡུལ་ལ་འཛམ་བུ་གླིང་ཞེས་བརྗོད་པ་ཡིན་ནོ། །བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཇམྦུ་Jambuམ་བྲིས་པར། ཛམྦུ་Zambu ཞེས་བྲིས་པའི་རྒྱུ་མཚན་ནི་ད་ལྟ་ཡང་སུ་ལའང་བཤད་དུ་མེད་ཅིང་། རྒྱ་གར་གྱི་དབྱངས་གསལ་ནང་ཇ་མ་གཏོགས་ཛ་ཞེས་མི་འབྱུང་ལ། མ་ཟད་ཁོང་ཅག་གིས་ཛ་ཞེས་བརྗོད་ཀྱང་མི་ཤེས་པ་མངོན་སུམ་མཐོང་ཆོས་ཡིན་པའི་ཕྱིར། མ་དག་རྒྱུན་འབྱམས་སུ་སོང་བར་ངེས་སོ། །ཇམྦུའི་ཤིང་Jambu treeཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་བ་ཡིན་ནམ་སྙམ་ན། རྒྱུན་དུ་ང་ཚོའི་གོམས་གཤིས་ལ་དེ་ནི་སྔོན་བསྐལ་པ་བཟང་པོའི་དུས་ཀྱི་མི་རྣམས་ཀྱི་ལོངས་སྤྱད་བྱའམ་དེ་དག་གིས་མཐོང་ཐོས་སུ་གྱུར་པ་ལས། འོ་ཅག་དུས་རབས་ཉེར་གཅིག་པའི་སོ་སྐྱེ་ཐ་མལ་པ་རྣམས་ཀྱིས་དངོས་སུ་ལོངས་སྤྱོད་པའམ་མཐོང་དུ་མེད་པའི་ལྗོན་ཤིང་རྩ་བ་དང་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ཡིན་ངེས་སྙམ་ཡང་། དེ་ནི་དེ་ལྟར་ཏན་ནས་མིན་ཏེ། དེ་ནི་ཡོངས་གྲགས་སུ་འཇའ་མཱུན་Jamun ཟེར་བའི་ཤིང་འབྲས་མདོག་དམར་སྨུག་རོ་མངར་ལ། དབྱིབས་འཇོང་ཞིང་ཆེ་ཆུང་བུད་མེད་ཀྱི་མཐེ་བོང་ལས་ཆུང་ཙམ་པ་ཞིག་ཡོད་པ་དེའི་ཤིང་སྡོང་ལ། འཛམ་བུའི་ཤིང་ཟེར་ཞིང་། ཤིང་འབྲས་དེ་ལ་Jambul, Jamun, Jamblang (Syzgium cumini) ཟེར། དེ་ནི་རྒྱ་གར་གྱི་ཡུལ་གྲུ་སྤྱི་དང་། ལྷག་པར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ངེད་རང་ཆོས་སྒོར་མ་ཞུགས་གོང་བྱིས་པའི་དུས་སུ་འཁྱམས་ཉུལ་བྱེད་སའི་གཞིས་གྲོང་བདུན་པ་དང་འབྲས་སྤུངས་དགོན་པ་གཉིས་ཀྱི་དབར་གྱི་ལུང་གཤོང་གི་ཉེ་འདབས་སུ་རྒྱ་གར་གྱི་ཞིང་ཁའི་ནང་འཛམ་བུའི་ཤིང་ཆེན་པོ་ཞིག་ཡོད་པ་དེ་རང་ལ་ངོས་གཟུང་དགོས། ཆུང་དུས་དེར་འཛེགས་ནས་ཤིང་འབྲས་མང་དུ་འཐུས་པ་ད་ལྟ་ཡང་དྲན་ཞིང་། སྐབས་ཤིག་ཡར་འཛེགས་ནས་མར་འབབ་མ་ཐུབ་པར་ཡུན་རིང་ལུས་ཏེ་དཀའ་སྡུག་ཆེ་ཙམ་བྱུང་བ་ཡང་གསལ་ལེར་དྲན་ནོ། །M. Monier-Williams གྱི་ཚིག་མཛོད་དུ། ཛམྦུ་ཞེས་པ་rose apple (Eugenia Jambolana or another species) ཞེས་པའི་ཤིང་ཏོག་དེ་ལ་ངོས་འཛིན་བྱས་འདུག་ཅིང་། ཡང་འགའ་ཞིག་གིས་རྒྱ་གར་སྐད་དུ་Amrood, अमरुद, དང་ཕྱི་རྒྱལ་བས་Guava, ཟེར་བ་དེ་རེད་ཡང་ཟེར།དང་ཕྱི་རྒྱལ་བས་Guava, ཟེར་བ་དེ་རེད་ཡང་ཟེར།)
  • Dictionaries/sgom sde tshig mdzod chenmo/2433  + (2 ཡང་དག་པ། ཕྱིན་ཅི་མ་ལོག་པ།)
  • Dictionaries/sgom sde tshig mdzod chenmo/1039  + (2 ཡང་དག་མཐའ་ལ་གནས་ཀྱང་དེ་མངོན་དུ་བྱེད་པ་ལས་འདའ་བས་གནས་ནས་འདའ་བ་ཞེས་བྱ། དེ་ནི་ཆང་བཏུངས་ཀྱང་ར་མ་བཟི་བ་དང་འདྲ་བ་ཡིན་པར་བཤད།)
  • Dictionaries/sgom sde tshig mdzod chenmo/9862  + (2 ཡང་དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་བློ་ལ་རྟོག་པའམ་རྟོག་གེ་ཞེས་བྱ་ལ། དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་རྟོག་གེའི་བསྟན་བཅོས་ཞེས་བྱའོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་སོགས་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/11740  + (2 ཡང་ན་ཁྱིམ་པ་སེར་གཟུགས་ཅན་གྱི་ཁྱིམ་ཁང་གི་མིང་། སེར་ནི་སེར་མོ་བ་སྟེ་རབ་བྱུང་གི་མིང་ཡིན་ལ་དེའི་རྟགས་འཆང་བའི་ཁྱིམ་པའི་ཁྱིམ་ཞེས་པའོ། །འབྲས་ལྗོངས་ལ་ (Sikkim) ཟེར་བའང་སེར་ཁྱིམ་ཟེར་བ་ཡིན་ཞེས་ཟེར་མཁན་འདུག་པ་ལྟར་དེ་རང་ཡིན་པར་སྣང་ངོ་། །)
  • Dictionaries/sgom sde tshig mdzod chenmo/799  + (2 ཡང་ན་ཆོས་གཉིས་གཞི་གཅིག་གི་སྟེང་དུ་འབྲལ་མི་རུང་གི་ཚུལ་དུ་འཚོགས་པའམ་གནས་པ་ལ་ཟེར་ཏེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ལྟ་བུ)
  • Dictionaries/sgom sde tshig mdzod chenmo/12394  + (2 ཡང་ན་ཚེ་འདིར་གདམས་ངག་གི་སྙིང་པོ། འཆི་ཁའི་གདམས་ངག་གི་སྙིང་པོ། བར་དོའི་གདམས་ངག་གི་སྙིང་པོ་གསུམ་མོ། །)
  • Dictionaries/sgom sde tshig mdzod chenmo/8877  + (2 ཡང་ན་རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོར་གསལ་བཏབ་པའི་ཐུགས་ཀར། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་མཁྱུད་པ་དེ་ལ་ཡེ་ཤེས་སེམས་དཔའ་ཞེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/1536  + (2 ཡང་ན་རྒྱལ་པོའི་ཡིག་སྐྱེལ་བང་ཆེན། ༧རྒྱལ་མ2 ཡང་ན་རྒྱལ་པོའི་ཡིག་སྐྱེལ་བང་ཆེན། ༧རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་ལ་གཟིགས་ན་ཤེས་ཐུབ། གསེར་ཡིག་པ་དང་། གསེར་ཞལ། གསེར་སྐྱེམས་རྣམས་རྒྱ་ནག་གི་བརྡ་ཡིན་པར། ལི་ཤིའི་གུར་ཁང་དུ་གསུངས། རྒྱལ་པོའི་དྲུང་ཡིག་དང་བང་ཆེན་ལ་གསེར་ཡིག་པ་ཞེས་བརྗོད་པ་ནི། ཞེ་ས་བྱས་པ་རེད། དཔེར་ན་གདོང་ལ་གསེར་ཞལ། བཏུང་བ་ལ་གསེར་སྐྱེམས། གཏོར་མ་ལ་གསེར་གཏོར། ཨ་མཆོག་ལ་གསེར་སྙན་ཞེས་པ་ལྟ་བུས་མཚོན་ནོ། ། ཨ་མཆོག་ལ་གསེར་སྙན་ཞེས་པ་ལྟ་བུས་མཚོན་ནོ། །)
  • Dictionaries/sgom sde tshig mdzod chenmo/12640  + (2 ཡང་ན། ཁ་དོག་དཀར་སེར་དམར་ལྗང་འདབ་མ་རེ་བཞི2 ཡང་ན། ཁ་དོག་དཀར་སེར་དམར་ལྗང་འདབ་མ་རེ་བཞི་པའམ། སོ་གཉིས་སམ། བཅུ་དྲུག་པ་ལྟེ་བ་ལྗང༌། གེ་སར་སེར་བ་དང་ལྡན་པའི་པདྨ་མའོ། །སྒྲ་བཤད་ནི། ཁ་དོག་སྣ་ཚོགས་པ་ཅན་གྱི་པདྨ་ཡིན་པས་དེ་སྐད་ཅེས་བྱའོ། །མཚོན་དོན་ནི། གཞལ་ཡས་ཁང་གི་འོག་གཞིའི་སྣ་ཚོགས་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར། འདོད་ཡོན་ལམ་བྱེད་ལས་སྐྱེས་ཀྱང་ཆགས་སོགས་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་མཚོན། སྣ་ཚོགས་པདྨ་འདབ་མ་རེ་བཞི་བྱས་ཚེ་ལྟེ་བའི་རྩ་འཁོར་མཚོན་པ་སོགས་གཞན་ལའང་རིགས་འགྲེའོ། །རྩ་འཁོར་མཚོན་པ་སོགས་གཞན་ལའང་རིགས་འགྲེའོ། །)
  • Dictionaries/sgom sde tshig mdzod chenmo/11619  + (2 ཡང་བཤད་ཚུལ་གཞན་ཞིག་ལ། ཀློང་རྡོལ་བླ་མའི་ས2 ཡང་བཤད་ཚུལ་གཞན་ཞིག་ལ། ཀློང་རྡོལ་བླ་མའི་སྔགས་ཀྱི་ས་ལམ་ལས། སེ་མོ་དོ་ནི་རིན་པོ་ཆེའི། །འཁོར་ལོ་འདྲ་བ་སྙིང་ཁ་དང་། །རྒྱབ་ཏུ་དེ་བཞིན་གནས་པ་ཡི། །གྲྭ་བཞི་ནས་ནི་རིན་པོ་ཆེའི། །ཕྲེང་བ་ཕྲག་པ་མཆན་ཁུང་ནས། །རྒྱུག་པ་རྒྱབ་མདུན་སྦྲེལ་ལ་ཟེར། །ལྟེ་བར་སླེབས་པ་སེ་མོ་དོ། །བརླ་ལ་སླེབས་པ་དོ་ཤལ་ཟེར། །ཞེས་གསུངས་ཤིང་། བརྡ་གསར་རྙིང་གི་རྣམ་གཞན་ལི་ཤིའི་གུར་ཁང་ལས་ཀྱང་། རིན་པོ་ཆེའི་འཁོར་ལོ་སྙིང་ག་དང་རྒྱབ་ལ་གནས་པའི་གྲྭ་བཞི་ནས་རིན་པོ་ཆེའི་ཕྲེང་བ་ཕྲག་པ་དང་མཆན་ཁུང་གཡས་གཡོན་ནས་རྒྱུ་བ་རྒྱབ་མདུན་སྦྲེལ་བ་ཡིན་ཞིང་འདི་ལ་དོ་ཤལ་ཕྱེད་པ་ཟེར་བ་ཡང་ཡོད། ཅེས་གསུངས་སོ། །དོ་ཤལ་ཕྱེད་པ་ཟེར་བ་ཡང་ཡོད། ཅེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/5973  + (2 ཡང་བཤད་ཚུལ་ཅུང་མི་འདྲ་བ་འདི་ལྟར། བྱེད་པ་2 ཡང་བཤད་ཚུལ་ཅུང་མི་འདྲ་བ་འདི་ལྟར། བྱེད་པ་ནི་མིག་ལ་སོགས་པའི་དབང་པོ་སྟེ། འཆིང་ཚུལ་ནི་དེ་རྣམས་རང་གི་ཡུལ་ལ་འཇུག་པ་ལོག་པ་སྟེ། མི་འཇུག་པར་བྱེད་པ་ཡིན་ལ། དེ་ཡང་སྟེང་དུ་སྲོག་གི་རླུང་དང༌། འོག་ཏུ་ཐུར་སེལ་བཅིངས་པའི་སྒོ་ནས་བཞོན་པའི་རླུང་བཅིངས་ནས་འཆིང་བ་ཡིན་ལ། རླུང་འཆིང་ཚུལ་ནི་རོ་རྐྱང་ལ་རྒྱུ་བ་བཀག་ནས། དབུ་མར་འཛུད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ུ་མར་འཛུད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/9139  + (2 ཡང་བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱ་གར་གྱི་2 ཡང་བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱ་གར་གྱི་ལྷོ་ཕྱོགས་སུ་ཡོད་པའི་རི་འདིའི་ཉེ་འཁོར་དཔག་ཚད་བརྒྱ་ཡོད་པ་ལས་ཆུ་ཀླུང་ན་ར་མ་ངཱ་དང༌། རླབས་ལྡན། ཤུགས་ལྡན། ནག་པོ་འཁྱིལ་བ་བཞི་འབབ། ཅེས་ཀྱང་གསལ་བས་འདི་དང་གོང་དུ་ཁོ་བོས་བཤད་པ་གཉིས་ཀ་ལ་ད་དུང་ཞིབ་དཔྱོད་བྱ་དགོས་པ་འདུག་སྙམ་མོ། །ལ་ད་དུང་ཞིབ་དཔྱོད་བྱ་དགོས་པ་འདུག་སྙམ་མོ། །)
  • Dictionaries/sgom sde tshig mdzod chenmo/6605  + (2 ཡང་མཐོན་མཐིང་ཞེས་པ་སྔོན་པོ་སྔོ་རྐྱང་ཞིག་2 ཡང་མཐོན་མཐིང་ཞེས་པ་སྔོན་པོ་སྔོ་རྐྱང་ཞིག་ལ་གོ་རྒྱུ་མིན་པར། སྔོ་ནག་གམ་སྔོ་མདངས་ཕྲན་བུའི་ཡོད་པའི་ནག་པོ་ལ་གོ་དགོས་པར་སྙམ་སྟེ། དེ་ཡང་སྤྱན་མཐོན་མཐིང་གི་འགྲེལ་བཤད་ལ། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་ལས། སྤྱན་ནི་ཟླུམ་པའི་དབུས་སྣུམ་ཞིང་གནག་པ་དང་ནག་པོ་ཟླུམ་པོའི་ལོགས་གཉིས་དཀར་བ་དང༌། ཞེས་སྤྱན་མཐོན་མཐིང་སྟེ་ནག་པོར་གསུངས་པ་དང༌། གཞན་ཡང་གཡག་སྟོན་སངས་རྒྱས་དཔལ་གྱི་ཤེར་ཕྱིན་གྱི་འགྲེལ་པར། སྤྱན་གྱི་དཀྱིལ་ནང་གི་འབྲས་བུ་མཐོན་མཐིང་ལྟར་སྣུམ་ཞིང་གནག་པ། ཞེས་མཐོན་མཐིང་ནི་ནག་པོ་ལ་གསལ་བར་བཤད་དོ། །འོ་ན། རྒྱུད་བླ་མ་ལས། སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང༌། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། བྱམས་པས་ཐམས་ཅད་བསྲུངས་པས་སྤྱན་བཟང་པོ་ཨུཏྤལ་དང་འདྲ་བ་སྤྱན་མཐོན་མཐིང་དང་ལྡན་ཞིང་དཀར་ནག་འབྱེས་པ་དང༌། ཞེས་ཨུཏྤལའི་ཁ་དོག་ལ་སྦྱར་ནས་གསུངས་པ་ལྟར་སྣང་བ་ཇི་ལྟར་ཡིན་ཞེ་ན། དོགས་གཅོད། སྐབས་མང་པོར་མཐོན་མཐིང་སྔོན་པོའི་མིང་དུ་བཤད་ལ། ཡང་སྐབས་གཞན་དུ་ནག་པོའི་མིང་དུ་བཤད་པ་གང་ཡིན་སྙམ་ན། མཐོན་མཐིང་ནི་སྔོ་ནག་གི་མིང་ཡིན་ལ། དེ་ནི་ནག་པོ་དང་སྔོན་པོ་གང་གི་ཁོངས་སུ་བཞག་ཀྱང་འགལ་བ་ཆེར་མེད་པས་དེས་ཡིན་པར་སེམས་སོ། །གལ་ཏེ་རྒྱུད་བླ་དར་ཊཱིཀ་ལས། སྤྱན་བཟང་པོ་ཨུཏྤལ་དང་འདྲ་བ་སྤྱན་མཐོན་མཐིང་དང་ལྡན་ཞིང་དཀར་ནག་འབྱེས་པ་དང༌། ཞེས་པའི་སྤྱན་མཐོན་མཐིང་ཞེས་པ་སྤྱན་འབྲས་སྔོན་པོར་གསུངས་པའི་དོན་དུ་འདོད་ན། ཚིག་དེ་གའི་མཇུག་ཏུ་དཀར་ནག་འབྱེས་པ་ཞེས་པའི་ནག་པོ་དེ་གང་ལ་བྱེད་སྨོས་ཤིག གཞན་ཡང་མཐོན་མཐིང་སྔོན་པོ་རུ་འདོད་ན་གོང་དུ་དྲངས་པའི་རྒྱ་ཆེར་རོལ་པའི་མདོའི་ཚིག་སྔ་ཕྱི་ལའང་འགལ་བ་ཡོད་པར་འགྱུར་ཏེ། མདོ་དེ་ཉིད་ལས།དབུ་སྐྲ་སྟང་ཟིལ་བཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིངཞེས་གསུངས་པའི་སྟང་ཟིལ་ནི་ནག་པོ་ཡིན་ལ་རྨ་བྱའི་མགྲིན་པ་ནི་སྔོན་པོར་འདོད་དགོས་པས་ཚིག་ཟིན་ལ་ནང་འགལ་ཡོད་པར་འགྱུར་རོ། །མང་པོས་མཐོན་མཐིང་ཞེས་པ་སྔོན་པོ་སྔོ་རྐྱང་ཞིག་ལ་འཁྲུལ་ནས། དེ་བཞིན་གཤེགས་པའི་སྤྱན་འབྲས་དང་དབུ་སྐྲའི་མདོག་སྔོན་པོར་འདོད་པ་དང༌། དེའི་རྗེས་སུ་འབྲངས་ནས་ལྷ་བྲིས་པ་མང་པོས་དབུ་སྐྲ་སྔོན་པོར་བྱས་པ་སོགས་སྣང་མོད། ཁོ་བོས་ནི་མི་ཚེ་ཕལ་ཆེར་རྒྱ་གར་དུ་བསྐྱེལ་ཡང་སྐྲ་སྔོན་པོ་ཅན་གྱི་རྒྱ་གར་གྱི་མི་ལྟ་ཞོག་འཛམ་གླིང་གི་ཡུལ་གྲུ་གང་གི་མིའི་རིགས་ལའང་མ་མཐོང་ངོ༌། །ཕྱུགས་རྫི་ཡན་གྱིས་ཤེས་ནུས་པའི་མཐོང་བ་མངོན་གྱུར་གྱི་རིགས་འདི་དག་ལ་སྒྲོ་སྐུར་མེད་པར་འཇིག་རྟེན་ཡོངས་གྲགས་དང་མཐུན་པའི་འགྲེལ་བཤད་ཅིག་གནང་ན་མཛེས་སོ། །འོན་ཀྱང་དེ་དག་ལ་ཁུངས་གཏན་ནས་མེད་པ་ཡང་མ་ཡིན་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་སྟང་ཟིལ་བཅག་པའི་འཕྲོ་དང་རྨ་བྱའི་མགྲིན་པ་ལྟར་མཐོན་མཐིང་དུ་གྲུབ་ཅིང་ལྕང་ལོར་འཁྲིལ་ལ་གཡས་སུ་འཁྱིལ་བ་དང༌། ཞེས་དང༌། རྗེའི་དབྱངས་ཅན་མའི་བསྟོད་པ་ལས། པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །ཞེས་དང༌། རྒྱུད་བླ་མ་ལས། དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ཞེས་དང༌། དེའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། སེམས་ཅན་ཀུན་ལ་བརྩེ་ཞིང་མཚོན་ཆ་སོགས་སྤངས་པས་དབུ་སྐྲ་དྲི་མ་མེད་ཅིང་རིན་ཆེན་མཐོན་མཐིང་གི་མདོག་བཞིན་ (འདི་དག་ཀྱང་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་པར་གསུངས་སོ) དང༌། ཞེས་སོགས་ལ་གཞི་བཅོལ་བར་སེམས་ཤིང༌། གཞན་ཡང་གཞུང་མང་པོར་མཐོན་མཐིང་སྔོན་པོ་རུ་གསལ་བར་བཤད་པའང་ཡོད་དོ། །ན་མཐིང་སྔོན་པོ་རུ་གསལ་བར་བཤད་པའང་ཡོད་དོ། །)
  • Dictionaries/sgom sde tshig mdzod chenmo/1368  + (2 ཡང་ཡང་འདོན་པའི་དོན། དཔེ་ཆ་བློ་ལ་གཤར་བ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/2938  + (2 ཡང་རྗེ་ཙོང་ཁ་པ་ཆེན་པོའི་མཚན་གྱི་རྣམ་གྲངས་ཤིག འདི་ཡང་དགེ་ལྡན་པས་རྗེ་རིན་པོ་ཆེ་ལ་ཆེ་བསྟོད་བྱས་པ་ཙམ་མིན་པར། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བས་ཀྱང་རྗེ་ཙོང་ཁ་པ་ཆེན་པོ་ལ་ཐུབ་དབང་གཉིས་པ་ཞེས་པའི་མཚན་གྱིས་མངོན་པར་བསྟོད་པ་དེབ་སྔོན་དུ་གསལ།)
  • Dictionaries/sgom sde tshig mdzod chenmo/11276  + (2 ཡང་ཤཱནྟི་པ་གཞན་ཞིག་ཀྱང་འབྱུང་སྟེ། རྒྱ་གར2 ཡང་ཤཱནྟི་པ་གཞན་ཞིག་ཀྱང་འབྱུང་སྟེ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཨང་ཉེར་གཅིག་པ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། རྒྱལ་རིགས་དམན་པའི་སྤྱོད་པ་མཛད། །འབྲས་སོ་འདྲུ་ཞིང་དངོས་གྲུབ་བརྙེས། །ཤཱནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས། ཡང་དེ་ཉིད་ལས། ཡང་ཨང་སོ་བཞི་པ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤཱནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་ཤཱནྟི་པ་སྔ་ཕྱི་གཉིས་གསུངས་འདུག་ཡང་། མི་འཇིགས་པ་སྦྱིན་པ་དཔལ་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལས་ནི་གོང་དུ་བཤད་པའི་ཇོ་བོའི་བླ་མ་མཛད་པའི་ཤཱནྟི་པ་མ་གཏོགས་གཞན་གསུངས་པར་མི་སྣང་བས་དཔྱད་དགོས་སོ། །འདིར་བཀོད་པ་ནི་དཔྱད་གཞི་ཙམ་གྱི་ཕྱིར་དུ་བཀོད་པ་ཡིན་ནོ། །ི་དཔྱད་གཞི་ཙམ་གྱི་ཕྱིར་དུ་བཀོད་པ་ཡིན་ནོ། །)
  • Dictionaries/sgom sde tshig mdzod chenmo/10264  + (2 ཡང་སྐབས་རེར་སྨིན་མཚམས་ལའང་བཤད་འཇུག འོ་ན་2 ཡང་སྐབས་རེར་སྨིན་མཚམས་ལའང་བཤད་འཇུག འོ་ན་གཞུང་འགའ་ཞིག་ཏུ་རྩ་དབུ་མའི་ཡར་སྣེ་སྨིན་མཚམས་སུ་ཡོད་པར་བཤད་ལ། གཞན་དུ་སྤྱི་གཙུག་ཏུ་ཡོད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སྤྱི་བོའི་རྩ་འཁོར་གྱི་རྩ་དབུ་མ་ལས་གྱེས་ཏེ་དེའི་ཚན་པ་གཅིག་སྤྱི་བོའི་ཚངས་པའི་བུ་ག་དང༌། དེའི་ཚན་པ་གཅིག་སྨིན་མཚམས་སུ་ཡོད་པར་བཤད་ཀྱང་འགལ་བ་མེད་དེ། དཔེར་ན་རོ་རྐྱང་དབུ་མ་གསུམ་སྤྱི་བོ་ནས་གསང་གནས་ཀྱི་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གསུམ་དུ་གྱེས་ཏེ་ཚན་པ་གཉིས་རྐང་མཐིལ་གཉིས་དང༌། ཚན་པ་གཅིག་རྟགས་ཀྱི་རྩེར་ཡོད་པར་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་ལས་གསུངས་པ་དང་མཐུན་ནོ། །ཡང་ན། དེ་ནི་རྩ་དབུ་མ་ཚངས་བུག་ནས་སྨིན་མཚམས་སུ་ཁ་ཕྱོགས་ཏེ་ཡོད་པས་དེ་ལྟར་དུ་བཤད་པའོ། །རྩ་དབུ་མའི་ཡར་སྣ་ཞེས་འགྲེང་བུ་མེད་པར་བྱས་ཀྱང་འཐད།མའི་ཡར་སྣ་ཞེས་འགྲེང་བུ་མེད་པར་བྱས་ཀྱང་འཐད།)
  • Dictionaries/sgom sde tshig mdzod chenmo/3927  + (2 ཡང་སྟོང་ཉིད་རྟོགས་པའི་རྗེས་དཔག་ལ་དོན་དམ་2 ཡང་སྟོང་ཉིད་རྟོགས་པའི་རྗེས་དཔག་ལ་དོན་དམ་དུ་བྱས་ནས་དེའི་ངོར་མེད་པ་ལ་དོན་དམ་པར་མེད་ཅེས་བཞག་པའི་དོན་དམ་པར་མེད་ཚུལ་གཉིས་ཡོད་དེ། རྗེའི་འཇུག་པའི་ཊཱིཀ་ཆེན་ལས། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས། དེས་སྔར་བཤད་པ་ལྟར་མ་གྲུབ་པ་གཅིག་དང༌། བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་དུ་ཡོད་པར་བཞག་པ་གཉིས་ཀྱི་དང་པོའི་དོན་དམ་དང་དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་ཡང་མི་སྲིད་དོ། །ཞེས་གསུངས་པ་ལྟར་རོ། །ིས་ཀ་ཡང་མི་སྲིད་དོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/2563  + (2 ཡང༌། ཡན་ལག་གི་ཡང་ཡན་ལག་ལ་ཉིང་ལག་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9830  + (2 ཡང༌། རྟིང་ཡངས་ཞེས་པ་རྟིང་པ་ཚད་དང་ལྡན་པའི2 ཡང༌། རྟིང་ཡངས་ཞེས་པ་རྟིང་པ་ཚད་དང་ལྡན་པའི་དོན་ལ་བཤད་པ་ཡོད་དེ། ཐུབ་པ་དགོངས་རྒྱན་ལས། ཞབས་ཀྱི་མཐིལ་ཐམས་ཅད་ཆ་བཞིར་བྱས་ནས་ཆ་གསུམ་རྣམས་ལ་ཞབས་དང༌། ཆ་གཅིག་ལ་རྟིང་པ་སྟེ་ཚད་དང་ལྡན་པའོ། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་དཾཥྚྲཱ་སེ་ནའི་ཡུམ་གསུམ་གྱི་རྒྱ་ཆེར་བཤད་པ་ལས་ཀྱང་དེ་དང་འདྲ་བར་གསུངས།ི་རྒྱ་ཆེར་བཤད་པ་ལས་ཀྱང་དེ་དང་འདྲ་བར་གསུངས།)
  • Dictionaries/sgom sde tshig mdzod chenmo/12740  + (2 ཡན་ལག་ཕྲ་མོ། ཆ་ཤས་ཕྲ་མོ། ཡལ་ག་དང་ལོ་མ་སོ2 ཡན་ལག་ཕྲ་མོ། ཆ་ཤས་ཕྲ་མོ། ཡལ་ག་དང་ལོ་མ་སོགས་ཀྱི་ཆ་ཤས་ཕྲ་མོའི་མིང༌། རྗེའི་སྔགས་རིམ་ཆེན་མོ་ལས། གསེར་གྱི་ཟེ་བ་དང་སྤུ་ལོང་གི་ཟེའུ་འབྲུ་དང་ལྡན་པ། ཞེས་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ་ལས། མཆུ་སྒྲོས་བྱུ་རུའི་སྐྱེད་ཚལ་ཉམས་དགའ་བར། །ཆུ་ཤེལ་གསར་པའི་སྤུ་ལོང་ཕང་ཕུང་ལ། །འགོངས་པའི་ཚེམས་དཀར་འཕྲེང་བ་ཚར་དུ་དངར། །སྙན་ཚིག་གྲེ་འགྱུར་གདངས་ཀྱིས་སྒྲ་འཛིན་གྱི། །དབང་པོ་རྣམ་པར་བཞད་པའི་བཅུད་ལེན་འདིས། །ཞེས་དང༌། མེ་ཏོག་འབྲས་བུས་གང་བའི་ལྗོང་ཤིང་གི། སྤུ་ལོང་མངོན་པར་རྒྱས་པའི་ས་འཛིན་ཁྲོད། །སྔོ་ལྗང་ལོ་མའི་སྤྱིལ་ཆུང་ཉམས་དགའ་བར། །ཏིང་འཛིན་དགའ་བདེའི་དཔལ་ལ་སྤྱོད་པར་སྤྲོ། །ཞེས་གསུངས་པ་ལྟ་བུ།ི་དཔལ་ལ་སྤྱོད་པར་སྤྲོ། །ཞེས་གསུངས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9155  + (2 ཡི་གེ་དང་བརྡ་སྤྲོད་ཀྱི་ཤེས་ཡོན་གྱི་མིང༌། ཁོས་དཔེ་ཆ་ཤེས་ཀྱང་རིག་གནས་མི་ཤེས་ཞེས་པ་ལྟ་བུ། འདི་སྤྱི་མིང་བྱེ་བྲག་ལ་ཐོགས་པ་འདྲའོ། །)
  • Dictionaries/sgom sde tshig mdzod chenmo/3965  + (2 ཡི་དྭགས་ཞེས་པའི་དྭགས་ནི་བཏགས་པ་སྟེ་བཅངས་པའི་དོན་ཡིན། འདིའི་བཏགས་པ་ཞེས་པ་མངའ་བ། འཆང་བ། བཅངས་པ། ལྡན་པ། ཡོད་པ། བྱེད་པ། ཉར་བ་བཅས་ཀྱི་དོན་ཡིན)
  • Dictionaries/sgom sde tshig mdzod chenmo/5203  + (2 ཡིད་ཀྱིས་འདོན་པ་ལྟར་བྱེད་དེ་བསྒོམ་པ། སྔག2 ཡིད་ཀྱིས་འདོན་པ་ལྟར་བྱེད་དེ་བསྒོམ་པ། སྔགས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས་ལྟ་བུའོ། །དབྱེ་ན། དམ་ཚིག་གི་བཟླས་པའམ་སྤྲོ་བསྡུའི་བཟླས་པ་ནི། ཐུགས་གའི་ས་བོན་ལས་རླུང་འབྱུང་བ་ན་ལྷ་རྣམས་སྤྲོས་འགྲོ་དོན་བྱས་ནས། རླུང་འཇུག་པ་ན་སླར་ས་བོན་ལ་བསྡུ་ཞིང་དེའང་སྔགས་འགོ་བརྗོད་པ་ན་སྤྲོ་བ་དང་བརྗོད་པ་རྫོགས་པ་ན་བསྡུ་བའོ། །ཁྱོགས་ཀྱི་བཟླས་པའམ་དོ་ལིའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་སྔགས་ཕྲེང་རང་ཞལ་དུ་ཞུགས་པ་རྡོ་རྗེ་ནས་ཡུམ་གྱི་པདྨར་སོང་ཞིང་དྷུ་ཏི་ལས་ཞལ་ནས་བྱུང་བ་རང་གི་ཞལ་དུ་ཞུགས་ཤིང་འཁོར་བར་བསམ་པའོ། །དྲག་པོའི་བཟླས་པའམ་ཁྲོས་པའི་བཟླས་པ་ནི། སྔགས་ཕྲེང་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ་པདྨ་ནས་རྡོ་རྗེར་བྱུང་ཞིང་འཁོར་བར་བསམ་པའོ། །ཁྲོ་བོའི་བཟླས་པ་ནི། སྔགས་རྣམས་དྲག་ཏུ་བརྗོད་པ་གསང་འདུས་ལས་གསུངས་སོ། །གོང་བུའི་བཟླས་པ་ནི། ཐུགས་ཀའི་ས་བོན་ལ་བཟླ་རྒྱུའི་སྔགས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བར་དམིགས་ལ། དེ་སེམས་ཀྱིས་དྲི་བའམ་བཀླག་པ་ལྟར་བཟླ་བ་དང༌། རྡོར་བཟླས་ནི། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་ཏེ་རླུང་བསྡམས་ནས་ཡིད་ཀྱིས་བཟླ་བ་འགོག་བཟླས་དང་བཟླ་བའོ། །སྔགས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས་དང༌། ལྕེ་མཆུ་གཡོ་ཙམ་དུ་བཟླ་བ་ཤུབ་བུའི་བཟླ་བ་དང༌། ཡི་གེ་རིང་ཐུང་བྱེད་པར་སྐད་གསང་ཆེན་པོས་བཟླ་བ་རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་རྣམས་སོ། །བརྟག་གཉིས་ཀྱི་སྤྱི་དོན་ལས་གསུངས་པ་ལྟར་བཀོད།རྟག་གཉིས་ཀྱི་སྤྱི་དོན་ལས་གསུངས་པ་ལྟར་བཀོད།)
  • Dictionaries/sgom sde tshig mdzod chenmo/8778  + (2 ཡིད་གཞན་དབང་དུ་སོང་བ། སྙིང་རྗེ་ཆེན་པོས་ཡིད་དྲངས་ཞེས་པ་ལྟ་བུ། སྤྱིར་དྲངས་ནི་འཐེན་པའམ་སྣེ་འཁྲིད་པ་སྐྱེས་པ་སོགས་ཀྱི་དོན་ཡིན་ལ། འདྲེན་པ། དྲངས་པ། དྲང་བ། དྲོངས།)
  • Dictionaries/sgom sde tshig mdzod chenmo/1497  + (2 ཡིད་ཆེས་གསུམ་ལྡན་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/843  + (2 ཡིད་ཆེས་པ། བློ་ཕུགས་ཆོས་ལ་གཏད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/3537  + (2 ཡིད་ཆེས་སྐྱེད་ཅིག)
  • Dictionaries/sgom sde tshig mdzod chenmo/2526  + (2 ཡིད་དུ་འོང་བ། རྗེའི་གསུང་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11715  + (2 ཡིད་མུག་པའི་དོན།)
  • Dictionaries/sgom sde tshig mdzod chenmo/3751  + (2 ཡིད་འཁུལ་བ། སེམས་ལ་འགུལ་སྐྱོད་ཐེབས་པའི་ཚོར་སྣང་སོས་པ། དཔེར་ན་མོས་གུས་དུང་དུང་བ་ཞེས་པ་ལྟ་བུ།)