Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "2 ལམ་ཉམས་སུ་ལེན་མཁན།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/878  + (2 རྨོངས་རྟུལ། རྗེའི་རྣམ་ཐར་ཆེན་མོ་ལས། གོང་2 རྨོངས་རྟུལ། རྗེའི་རྣམ་ཐར་ཆེན་མོ་ལས། གོང་དུ་བཀོད་པ་འདི་དག་ནི་ཁ་ནས་འདོན་རྒྱུ་ལྕེ་མིན་པ་མེད་པའི་བླུན་པོ་སྙིང་ཁམས་ཅན། ཕྲག་དོག་གི་དུག་ཆུས་མྱོས། ལོག་རྟོག་གི་འདམ་དུ་ཚུད། རང་འདོད་ཀྱི་ཞགས་པས་ཟིན། རྨོངས་ཞེན་གྱི་མུན་པ་འཐིབ་པ་ཞིག་གིས་སོ་སོའི་འཁོར་སློབ་གཏི་ཐུགཁ་ཤས་དང༌། ཤ་མར་རྩམ་པ་སོགས་ཀྱིས་ཕན་འདོགས་པའི་སྦྱིན་བདག་འགའ་ཞིག་ཙམ་རི་བོ་དགེ་ལུགས་པའི་ཕྱོགས་སུ་ཁ་འཆུས་དོགས་ཀྱི་སྡུག་བསྔལ་གྱིས་ཀུན་ནས་བསླངས་ཏེ་འདི་འདྲ་ཞིག་བརྩམས་ན། རྨོངས་རྒན་དེ་དག་ལ་བཟང་ངན་འབྱེད་པའི་བློ་གྲོས་མེད་པའི་དབང་གིས་གང་སྨྲས་པ་དེ་དག་ཡིན་ཤག་གིས་བདེན་པར་འཛིན་ཡོང་སྙམ་པའི་ལྟོགས་འདོད་ཀྱི་བསམ་པ་དེ་ཙམ་ཞིག་གིས་སྦྱར་བ་ཡིན་འདུག་ཅིང༌། ཞེས་དང་། ཡང་དེ་ཉིད་ལས། གླིང་ལོག་ལོ་གཅིག་ཟླ་བ་བཅུ་གསུམ་འབྱུང༌། །ཟེར་བ་ནི།གཏི་ཐུགལ་སོང་བའི་གཤིས་ཀྱིས་གླིང་ལོག་གི་དོན་ནི་མ་ཤེས། རྣ་བས་དེ་འདྲ་ཞིག་ཐོས་པ་ན་མི་ཤིས་པ་གོ་བ་ལོག་པ་འདྲ་བ་ཞིག་བྱུང་བར་གོ་རུ་རེ་བ་དང༌། དེ་ཡང་གྲངས་ངེས་འདོགས་ཁ་པོ་བྱས་ན་བདེན་པར་འཛིན་ཨེ་ཡོངས་བསམ་པ་ཡིན་འདུག་ཀྱང༌། ཁོ་རང་དང་རིགས་མཐུན་བྱུང་ན་མ་གཏོགས་སུས་བདེན་པར་འཛིན། ཞེས་དང་། ཞེས་གསུངས་པ་ལྟར་རོ། །ེན་པར་འཛིན། ཞེས་དང་། ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10242  + (2 རྨོན་དོར་དང་དོན་གཅིག་པར། དབྱངས་ཅན་དགའ་བློས་བཤད།)
  • Dictionaries/sgom sde tshig mdzod chenmo/772  + (2 རྩ་བ་དང་ཁེ་ཉེན་ཤིན་ཏུ་ཆེ་བའི་ཡུལ་ལྟ་བུ་ལ་ཟེར། དཔེར་ན། ཡུལ་གཉན་པོ་བླ་མ་དང་ཕ་མ་ཞེས་པ་ལྟ་བུ་དང་། གཉན་པོ་གསང་བ་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/1152  + (2 རྩ་རླུང་ཐིག་ལེའི་རྣམ་གཞག་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/11355  + (2 རྩམ་ཕྱེ། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་2 རྩམ་ཕྱེ། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ལས། དབྱར་ཅིག་དབྱར་རངས་བསགས་པའི་ཤེ་ཐམས་ཅད་ནུབ་ཅིག་ཁྱི་རྐུན་གྱིས་ཁྱེར་བ་ལྟར། ཞེས་པ་ལྟ་བུའོ། །དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་བཀྲོལ་དོན་གཉེར་ཡིད་ཀྱི་དགའ་སྟོན་ལས་ཤེ་ཞེས་པ་གོང་དུ་བཤད་པ་ལྟར་རྩམ་ཕྱེ་ལ་བཤད།ས་ཤེ་ཞེས་པ་གོང་དུ་བཤད་པ་ལྟར་རྩམ་ཕྱེ་ལ་བཤད།)
  • Dictionaries/sgom sde tshig mdzod chenmo/6007  + (2 རྩིས་ཆེ་བའམ་རིན་ཐང་ཆེ་བའི་དོན་ལ་འཇུག་པར་བཤད། ས་སྐྱ་ལེགས་བཤད་ལས། མཁས་པ་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། །ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/12824  + (2 རྩེ་མོ། ལྷ་མོ་བཞིས་ཞུས་ཀྱི་རྒྱ་ཆེར་བཤད་པ་ལས། སྤྱི་བོའི་སྐད་དོད་རྩེ་མོ་ལ་འཇུག་པས། དྲོད་རྩེའི་རྩེ་མོ་ཡང་སྤྱི་བོར་བསྒྱུར་བ་མང་ངོ༌། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10380  + (2 རྩྭ་ཀུ་ཤའི་གྲོང༌། 2 བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་སའི་གནས།)
  • Dictionaries/sgom sde tshig mdzod chenmo/5733  + (2 རྩྭ་འཇག་མ་སྐྱེ་བའི་ཡུལ་ལའང་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། རྒྱ་གར་གྱི་ལྷོ་ཕྱོགས་བཱཻ་ད་ར་བ་ཞེས་པ་འཇག་མ་སྐྱེ་བའི་ཡུལ་དུ་ནི། །ཞེས་གསུངས། (བཱཻ་ད་ར་བ་ཞེས་པ་འགྱུར་བཅོས་མ་བྱས་པར་རྗེའི་གསུང་ལས་འབྱུང་བ་ཇི་ལྟ་བར་བཀོད))
  • Dictionaries/sgom sde tshig mdzod chenmo/10379  + (2 རྩྭ་ཡི་མཆོག་མའི་བསྡུས་ཚིག དཔེར་ན་འོད་ལྡན་ལས། མྱོས་འགྱུར་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/4822  + (2 རྩྭ་རྩེར་ཆགས་པའི་ཆུའི་ཟིལ་པ་ལ་ཟེར།)
  • Dictionaries/sgom sde tshig mdzod chenmo/4347  + (2 རྩྭའི་འབྲུ་ནག་པོ་ཞིག་གི་མིང་པར་བཤད། རྗེའི་སྔགས་རིམ་ཆེན་མོ་ལས། འཕྲེང་བའི་རྒྱུ་ནི། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེ། པདྨའི་རིགས་ལ་པདྨའི་སྙིང་པོ། ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/12754  + (2 རྫུན་པ།)
  • Dictionaries/sgom sde tshig mdzod chenmo/3868  + (2 རྫོགས་ཚིག་ཅིག བཤད་དོ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/3787  + (2 རྫོགས་ལྡན་གྱི་དུས། གསུམ་ལྡན་གྱི་དུས། གཉི2 རྫོགས་ལྡན་གྱི་དུས། གསུམ་ལྡན་གྱི་དུས། གཉིས་ལྡན་གྱི་དུས། རྩོད་ལྡན་གྱི་དུས་དང་བཞིའོ། །རྫོགས་ལྡན་ལ་མི་ལོ་༡༧༢༨༠༠༠ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང༌། རྫོགས་ལྡན་ལ་ལེགས་སྦྱར་དུ་ཀྲ་ཏ་ཡུ་གཾཟེར། གསུམ་ལྡན་ལ་༡༢༩༦༠༠༠ས་ཡ་གཅིག་དང་ཉིས་འབུམ་ཉི་ཁྲི་དྲུག་སྟོང༌། ལེགས་སྦྱར་དུ་འདི་ལ་ཏྲེ་ཏཱ་ཡུ་གཾཟེར། གཉིས་ལྡན་ལ་༨༦༤༠༠༠བརྒྱད་འབུམ་དྲུག་ཁྲི་བཞི་སྟོང༌། འདི་ལ་ལེགས་སྦྱར་དུ་དྭ་པ་ར་ཡུ་གཾཟེར། རྩོད་ལྡན་ལ་༤༣༢༠༠༠བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་དུས་འཁོར་ལས་གསུངས་པར། མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས། འདི་ལ་ལེགས་སྦྱར་དུ་ཀ་ལི་ཡུ་གཾཟེར། དུས་བཞིའི་ཐ་སྙད་དང་ལོ་ཚད་འདི་དག་ནི་ཇི་མ་ཇི་བཞིན་ནང་པ་མ་བྱུང་སྔོན་མི་ལོ་སྟོང་ཕྲག་མང་པོའི་གོང་རོལ་ནས་རྒྱ་གར་གྱི་ཧིནྡཱུའི་ཆོས་ལུགས་པ་རྣམས་ལ་ཡོངས་སུ་གྲགས་ཤིང་། ཐ་སྙད་དེ་རང་ནང་པས་ཚུར་བླངས་པར་གོར་མ་ཆག་གོ།ཐ་སྙད་དེ་རང་ནང་པས་ཚུར་བླངས་པར་གོར་མ་ཆག་གོ།)
  • Dictionaries/sgom sde tshig mdzod chenmo/9290  + (2 རྭ་ཅོའི་མིང༌། གླང་རུ། ཤ་རུ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10986  + (2 རླན་གཤེར་དང་འབྱར་བག)
  • Dictionaries/sgom sde tshig mdzod chenmo/10461  + (2 རླུང་བསིལ་བུའམ་གྲང་མོའི་མིང་དུ་གྲགས། ཚེ་ཏན་ཞབས་དྲུང་གི་དག་ཡིག་ཐོན་མིའི་དགོངས་རྒྱན་ལས། བསེར་བུ་ནི། ལི་གུར་ལས་རླུང་གི་ཞེ་ཚིག་ཏུ་བཤད་མོད། དེ་སང་རླུང་གྲང་མོའི་མིང་དུ་གྲགས་སོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/5283  + (2 རླུང་མཁྲིས་བད་ཀན་གསུམ་འཁྲུགས་པ་ལས་དྲན་པ་ཉམས་པའི་ནད་དམ། ཡང་ན་གདོན་གྱིས་བརླམས་པའི་རྣམ་འགྱུར་ཞིག)
  • Dictionaries/sgom sde tshig mdzod chenmo/10757  + (2 ལ་མཐར་སྦྱར་རྒྱུའི་ཚིག་ཕྲད་ཅིག བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/4527  + (2 ལ་ལས་བོན་པོའི་གཤང་ལ་ངོས་འཛིན་བྱེད།)
  • Dictionaries/sgom sde tshig mdzod chenmo/6892  + (2 ལག་ཏུ་མི་འཛིན་པར།)
  • Dictionaries/sgom sde tshig mdzod chenmo/9337  + (2 ལངས་པའམ་ཤར་བའི་དོན། དཔེར་ན་སྐྱ་གདངས་ལངས་པའམ་ཤར་བ་ལ། སྐྱ་རེངས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8466  + (2 ལངྐ་མགྲིན་བཅུའི་མིང་ལ་བྱེ་བྲག་ཏུ་འཇུག འདི་སྤྱི་མིང་བྱེ་བྲག་ལ་འཇུག་པའི་དབང་དུ་བྱས་པ་ཡིན། ས་སྐྱ་ལེགས་བཤད་ལས། ཆེན་པོ་རྣམས་ཀྱིས་རྩེད་མོ་དང༌། །བདེ་དང་ཟས་ལ་ཆགས་པ་སྤང༌། །འདོད་ལ་ཆགས་པའི་ལེ་ལན་གྱིས། །འབོད་སྒྲོག་ལང་ཀར་བསད་ཅེས་གྲགས། །ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/3935  + (2 ལམ་གྲོགས། ལམ་ལ་འགྲོ་རོགས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མངོན་དུ་ཕྱོགས་ནས་འོངས་པའི་ལམ་གྲོགས་གཉིས་པ་ནི་དོན་མཐུན་ནོ། །ཞེས་གསུངང་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11351  + (2 ལམ།)
  • Dictionaries/sgom sde tshig mdzod chenmo/5791  + (2 ལས་ཚིག་སྤྱིའི་མིང་། བྱེད་པ་པོ་དང་འབྲེལ་རུང་། མ་འབྲེལ་རུང་། བྱ་བ་བྱས་ཟིན་པ་དང་། བྱ་བར་འགྱུར་བ། བྱེད་བཞིན་པ་གང་རུང་སྟོན་པའི་ཚིག་ཐམས་ཅད་ལ་བྱ་ཚིག་ཟེར་རོ། །མདོར་ན་བྱ་བ་བྱེད་པར་སྟོན་པའི་ཚིག་ཐམས་ཅད་ལ་བྱ་ཚིག་ཟེར་རོ། །)
  • Dictionaries/sgom sde tshig mdzod chenmo/8680  + (2 ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་ལ་ཟེར། བཤེས་ས2 ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་ལ་ཟེར། བཤེས་སྤྲིངས་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་སོ། །དེའི་ཕྱིར་བདེ་སྡུག་རྣམས་ནི་རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང་། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། སངས་རྒྱས་པ་ཐམས་ཅད་ཀྱིས་ཡང་དག་པའི་ལྟ་བ་ཞེས་པ་དཀར་ཆོས་ཐམས་ཅད་ཀྱི་གཞིར་བསྔགས་པའོ། །ཞེས་གསུངས་སོ། །མས་ཅད་ཀྱི་གཞིར་བསྔགས་པའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/7487  + (2 ལས། དགེ་འདུན་གྱི་ལས་བྱེད་པར་ཞལ་ཏ་བ་ཟེར་བ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6206  + (2 ལུ་གུ་བཙའ་བའི་ལོ་ཚོད་ལོན་པའི་མོ་ལུག)
  • Dictionaries/sgom sde tshig mdzod chenmo/4840  + (2 ལུས་ཀྱི་བ་སྤུ་ལང་བ་སྟེ། འཇིགས་སྣང་སྐྱེ་བའི་དོན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བ་སྤུ་ལྡང་བ་ནི་འཇིགས་པའི་རྒྱུ་སྔོན་དུ་སོང་བ་ཅན་གྱི་བ་སྤུ་ལྡང་བའོ།།ཞེས་གསུངས་སོ། །སྒྲ་བཤད་ནི། དགའ་སྣང་དང་འཇིགས་སྣང་ཤས་ཆེར་སྐྱེ་བའི་ཚེ་ལུས་ཀྱི་བ་སྤུ་ལང་བས་ན་དེ་སྐད་ཅེས་བྱའོ། །)
  • Dictionaries/sgom sde tshig mdzod chenmo/6762  + (2 ལུས་ལ་མཚན་མ་བཟང་པོ་དང་ལྡན་པ། སྲོང་བཙན་སྒ2 ལུས་ལ་མཚན་མ་བཟང་པོ་དང་ལྡན་པ། སྲོང་བཙན་སྒམ་པོའི་ལོ་རྒྱུས་འཆད་པའི་སྐབས་ཀྱི་བུ་སྟོན་ཆོས་འབྱུང་༡༨༢ལས། སྲས་མཚན་དང་ལྡན་པ་དབུ་ལ་ཨ་མི་ཏཱ་བྷ་བཞུགས་པ་ཞིག་ཅེས་སོགས་གསུངས་པ་ལྟར་རོ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་མཚན་བཟང་ཇི་ལྟ་བུ་དང་ལྡན་པ་ནི། ཕྱག་ཞབས་ལ་འཁོར་ལོས་མཚན་པ་དང༌། དབུ་སྐྲ་མཐོན་མཐིང་དུ་ཡོད་པ་སོགས་སོ། །དང༌། དབུ་སྐྲ་མཐོན་མཐིང་དུ་ཡོད་པ་སོགས་སོ། །)
  • Dictionaries/sgom sde tshig mdzod chenmo/10706  + (2 ལུས་ལས་རུང་དུ་བྱེད་པའི་སེམས་བྱུང༌། རྒྱལ་ཚབ་ཆོས་རྗེས། ལུས་སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་ལ་ལུས་སེམས་ཤིན་ཏུ་སྦྱངས་པ་ཞེས་བྱའི་ལུས་སེམས་དངོས་ནི་མིན་ནོ། །ཞེས་ཀྱང་སྣང་ངོ༌། །)
  • Dictionaries/sgom sde tshig mdzod chenmo/10245  + (2 ལུས་སེམས་ལས་སུ་མི་རུང་བའི་ལྕི་བ་ལ་ཟེར། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༦༢བ ༤ལས། རྨྱ་བ་ནི་ལུས་དང་སེམས་ལྕི་བ་ཉིད་དེ། ལུས་ལས་སུ་མི་རུང་བ་ཉིད་དང་། སེམས་ལས་སུ་མི་རུང་བ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11328  + (2 ལུས་སེམས་ལས་སུ་རུང་བའི་ཆ། འདི་ནི་དུལ་བའི་གླང་པོ་ཆེ་དང་འདྲ།)
  • Dictionaries/sgom sde tshig mdzod chenmo/10708  + (2 ལུས་སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་ལ་ལུས་སེམས་ཤིན་ཏུ་སྦྱངས་པ་ཞེས་བྱའི། ལུས་སེམས་དངོས་ནི་མིན་ནོ། །འདི་རྒྱལ་ཚབ་ཆོས་རྗེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/11216  + (2 ལུས་སྟོད་མི་དང་ལུས་སྨད་བྱ་ལ་གཤོག་པ་དང་ལྡ2 ལུས་སྟོད་མི་དང་ལུས་སྨད་བྱ་ལ་གཤོག་པ་དང་ལྡན་པའི་སྲོག་ཆགས་ཤིག བྱ་འདི་སྐད་ཤིན་ཏུ་སྙན་པ་ཞིག་ཡོད་སྐད། གསུང་དབྱངས་ཡན་ལག་དྲུག་ཅུའི་ནང་། ཀ་ལ་ཀིང་ཀ་དང་། ཚངས་དབྱངས། ཤང་ཤང་ཏེའུ་སྒྲ་དབྱངས་ལྟར་སྙན་པ་ཞེས་འབྱུང་བས་སོ། །རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང༌། དྲི་ཟ་ཀ་ལ་པིང་ཀ་ཚངས་པ་དང༌། །ཤང་ཤང་ཏེའུ་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །ཞེས་གསུངས་སོ། །ེངས་མི་དམའ་ཀུན་རྗེས་ཞུགས། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8913  + (2 ལེགས་པར། ཡོངས་སུ་སྐྱོབ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10747  + (2 ལེགས་པོ་ཡོང་རྒྱུའི་རེ་བའམ་སྨོན་ལམ་འདེབས་པ།)
  • Dictionaries/sgom sde tshig mdzod chenmo/13264  + (2 ལེགས་སྦྱར་གྱི་དགག་ཚིག་གི་དོདཅིག ཨ་དང༌མ་དང༌ན་དང༌ནཱ་དག་ སྟོང་ཉིད་བདུན་ཅུ་པའི་རྣམ་བཤད་ལས་དགག་ཚིག་ཏུ་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4079  + (2 ལེགས་སྦྱར་གྱི་དགག་ཚིག་ཅིག སྟོང་ཉིད་བདུན་ཅུ་པའི་རྣམ་བཤད་ལས། ཨ་དང༌། མ་དང༌། ན་དང༌། ནཱ་དག་གི་དགག་པར་བྱེད་པ་ཡིན་ནོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/13278  + (2 ལེགས་སྦྱར་གྱི་དབྱངས་ཡིག་བཅུ་དྲུག་གི་དང་པོ་སྟེ། ཤད་མེད་པའི་ཨ་ཡིག་རྐྱང་པ་དེའོ། །བོད་ཡིག་གི་གཟུགས་སུ་བྱས་ན། ཨ འ་ཆུ་བཏགས་པའི་ཨ་ལ་ཨ་རིང་པོ་དང༌། འ་ཆུང་མེད་པའི་ཨ་ལ་ཨ་ཐུང་ཟེར། རིང་ཐུང་ནི་སྐད་གདངས་རིང་ཐུང་གི་ཁྱད་པར་རོ། །)
  • Dictionaries/sgom sde tshig mdzod chenmo/11786  + (2 ལེགས་སྦྱར་དུ་ཏམྦུ་ལ་དང་རྒྱ་གར་ཕལ་སྐད་ལ་པཱན་ཟེར་བའི་ལོ་མ་དང་དེ་ལས་བཟོས་པའི་བཟའ་བའི་རིགས་ཤིག་གི་མིང་། འདིས་སོ་མཁྲེགས་པོར་བྱེད་པས་སོ་རྩི་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་པར་སེམས།)
  • Dictionaries/sgom sde tshig mdzod chenmo/12685  + (2 ལྟ་བའི་མིང་ཡིན་པར་བཤད།)
  • Dictionaries/sgom sde tshig mdzod chenmo/10989  + (2 ལྡེབས་རིས་ལ་བཤད་པའང་མཐོང་། ལྡེར་ནི་ལྡེབས་ཀྱི་དོན་དུའང་བཤད་པས། ལྡེབས་ལོགས་ལ་བྲིས་པའི་རི་མོ།)
  • Dictionaries/sgom sde tshig mdzod chenmo/823  + (2 ལྡེམ་དགོངས་བཞིའི་གསུམ་པ། དམ་པའི་ཆོས་བརྙས་པ་ལ་སོགས་པའི་ཉེས་པ་བརྒྱད་འདུལ་བའི་ཕྱིར་དུ་ཐེག་ཆེན་གསུངས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/8088  + (2 ལྷ་དབང་ཕྱུག་ཆེན་པོའི་རྣམ་འཕྲུལ་འཇིགས་བྱེད་ནག་པོ་ཞེས་པ་དེ་ལའང་གོ རྗེའི་འདོད་འཇོ་ལས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/4761  + (2 ལྷ་མིན་སྲིན་པོའི་རིགས་ཤིག་ལའང་བཤད།)
  • Dictionaries/sgom sde tshig mdzod chenmo/4113  + (2 ལྷ་མོ་ཨུ་མའི་མིང༌།)
  • Dictionaries/sgom sde tshig mdzod chenmo/2473  + (2 ལྷ་མོ། རྗེ་བཙུན་སྒྲོལ་མ་ལ། ཇོ་མོ་སྒྲོལ་མ་ཟེར་བ་ལྟ་བུ། རྗེའི་ལམ་རིམ་དང་རྒྱལ་རབས་གསལ་བའི་མེ་ལོང་ན་གསལ། གཞན་ཡང་། ཇོ་མོ་གླང་མ་ཞེས་པ་ལྟ་བུ།)