Search by property

Jump to navigation Jump to search

This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.

Search by property

A list of all pages that have property "TibetanDefinition" with value "8 རྙི།". Since there have been only a few results, also nearby values are displayed.

Showing below up to 26 results starting with #1.

View (previous 50 | next 50) (20 | 50 | 100 | 250 | 500)


    

List of results

  • Dictionaries/sgom sde tshig mdzod chenmo/9550  + (6 འཁོར་ཚོགས་མང་པོ་དང་ལྡན་པ་བཅས་ལ་འཇུག་པར་བཤད།)
  • Dictionaries/sgom sde tshig mdzod chenmo/9695  + (6 ཤིན་ཏུ་བྲེལ་བ། རྗེའི་ལམ་རིམ་ཆེན་མོ་ལས། ད6 ཤིན་ཏུ་བྲེལ་བ། རྗེའི་ལམ་རིམ་ཆེན་མོ་ལས། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་ (ཕར་རྒྱུ་ཚུར་རྒྱུ་ཐོས་པའི་སྒྲ་ཅན) དང་རྔམ་པ། (ཤིན་ཏུ་བྲེལ་བ) དང་རྒོད་བག་ (འབད་རྩོལ་དང་ཨུ་ཚུགས) ཅན་དུ་མི་གཏང་གི་ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ། །ཞེས་གསུངས་པ་ལྟར་རོ། །འཇུག་པ་དེ་ལྟར་བྱའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/7775  + (6 སྲིད། ལོངས་སྤྱོད། ཆོས་དང་གསུམ་མོ། །རྒྱ་ག6 སྲིད། ལོངས་སྤྱོད། ཆོས་དང་གསུམ་མོ། །རྒྱ་གར་གྱི་སློབ་དཔོན་བིདྱཱ་ཀ་ར་སིངྷས་མཛད་པའི་༼སྐྱེས་རབས་རྒྱུད་ཀྱི་དཀའ་འགྲེལ༽ལས། ནོར་ནི་འཁོར་གསུམ་ཁྱད་པར་རྒྱུ་ཡིན་ཏེ། ཞེས་བྱ་བ་ནི་སྲིད་དང་ཆོས་དང་ལོངས་སྤྱོད་དོ། །ཞེས་གསུངས། སྐྱེས་རབས་སོ་བཞི་པ་ལས། དེ་ལ་འཁོར་གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར། །ཞེས་པའི་ཐད་ཀྱི་༼ སྐྱེས་རབས་རྒྱུད་ཀྱི་དཀའ་འགྲེལ ༽ལས། འཁོར་གསུམ་ནི་འབངས་ལ་སོགས་པའི་གྲོས་མཐུན་པའི་སྲིད་དང་། ལོངས་སྤྱོད་ཀྱི་འབྱོར་བ་དང་། ཡོན་ཏན་གྱི་ཞིང་དང་། སྡུག་བསྔལ་བ་ལ་སྦྱིན་པ་རྒྱ་ཆེན་པོ་བྱེད་པའི་ཆོས་ཀྱི་འབྱོར་བ་སྟེ། དེ་རྗེས་སུ་མཐུན་ཞིང་འཚམ་པའི་ཡོན་ཏན་གྱི་ཚོགས་གཅིག་བས་གཅིག་བཟང་བས་ཕན་ཚུན་འགྲན་པ་བཞིན་དུ་གནས་པའོ། །ཞེས་གསུངས།ཕན་ཚུན་འགྲན་པ་བཞིན་དུ་གནས་པའོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/8293  + (7 (བྱ་ཚིག) ཁས་ལེན་པ། དཔེར་ན་འདོད་མི་འདོད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/10928  + (7 གཞི་དངོས་པོའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཚག7 གཞི་དངོས་པོའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱས་པའི་རང་གི་མཐོང་ཚུལ་ཞིག་ལ་ལྟ་བ་ཟེར་བ་ཡིན་འདུག སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་ལས། དེ་ལ་ལྟ་བ་ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་དང་དོན་གཅིག་གོ །ལྟ་བ་ངན་པ་ནི་མཐོང་བ་ངན་པ་སྟེ། བདག་གི་ངོ་བོ་དང་། གཞན་གྱི་ངོ་བོ་དང་། ཡོད་པ་དང་མེད་པ་ལ་སོགས་པར་མཐོང་བའི་ལྟ་བའོ། །ཞེས་གསུངས་པ་ལྟར་རོ། །པར་མཐོང་བའི་ལྟ་བའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/4724  + (7 གྲོགས་ཀྱི་མིང་། འདུལ་བ་ལུང་གཞི་༼ ཀ ༽༩༨བ༢7 གྲོགས་ཀྱི་མིང་། འདུལ་བ་ལུང་གཞི་༼ ཀ ༽༩༨བ༢ལས། དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདི་ཕྱོགས་ཚོལ་གྱིས་ཞག་བདུན་འདས་ནས་ཕྱོགས་དང་བཅས་ནས་རྩ་ནས་གདོན་ཏོ། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཕྱོགས་ཞེས་བྱ་བ་ནི་གྲོགས་སོ། །ཞེས་གསུངས་སོ། །ོགས་ཞེས་བྱ་བ་ནི་གྲོགས་སོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/8480  + (7 བཞོན་པ། གླང་པོ་ཆེས་འབྱུང༌། རྟས་འབྱུང་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/6040  + (7 བློན་པོ། དཔེར་ན་བློན་པོའི་ཚོགས་ལ། བླའི་གྲྭ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/1018  + (7 ཚབ། གོ་ས། འཇམ་དབྱངས་ཀྱི་གནས་སུ་འོད་དཔག་མེད་གསལ་གདབ་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/3901  + (7 ཞེ་ཕུགས་ཀྱི་བསམ་ཚུལ། དགོངས་དོན་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7361  + (7 རིགས་པ། ཚུལ་དང་ཚུལ་མིན་ཞེས་པ་དང་། ཚུལ་བཞིན་བྱེད་ཅེས་པ་ལྟ་བུ། སྒྲུབ་བྱེད་ཀྱི་ཚུལ་དང་ལྡན་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/6736  + (7 རྣམ་པ། སྡུག་མི་སྡུག་གི་མཚན་མ་ཞེས་པ་ལྟ་བུ། གཞན་ཡང༌། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན་སྡུག་པའི་མཚན་མ་འི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/10319  + (7 ཤིང་སྐྱེར་པ་ཕྲ་མོར་བཤགས་ནས་གཏོར་མའི་མཐའ་སྐོར་དུ་ཁྲ་མ་ལྟ་བུར་བཙུགས་པའི་ཐུར་མ་རྣམས་ཀྱི་མིང༌།)
  • Dictionaries/sgom sde tshig mdzod chenmo/11516  + (7 སེག་དང་དོན་གཅིག ཀོ་སག་ཅེས་པ་དང་ཀོ་སེག་ལྟ་བུ་དོན་འདྲ་བར་སེམས།)
  • Dictionaries/sgom sde tshig mdzod chenmo/8062  + (7 སྡུག་བསྔལ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ་ཞེས་འབྱུང་བ་ལྟ་བུའོ། །རྣམ་བཤད་རིགས་པ་ལས། འཇིག་རྟེན་ཞེས་བྱ་སེམས་ཅན་དང་། །སྣོད་དང་སྡུག་བསྔལ་འགྲོ་འདོད་ལའོ། །ཞེས་གསུངས་སོ། །)
  • Dictionaries/sgom sde tshig mdzod chenmo/7788  + (7 (བྱ་ཚིག) སྐྱེ་བ། བཟང་སྤྱོད་སྨོན་ལམ་ལས། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ (སྐྱེ་བ) ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་ (ཟད་མི་ཤེས་པའམ་རྫོགས་མཐའ་མེད་པ) རྙེད། །ཅེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/6463  + (7 དམིགས་པ། སེམས་རྩེ་གཅིག་པ་ལ། སེམས་མཆོག་གཅ7 དམིགས་པ། སེམས་རྩེ་གཅིག་པ་ལ། སེམས་མཆོག་གཅིག་པ་ཞེས་པ་ལྟ་བུ། (མཚན་གཞི་ལ་དཔྱད) རྣམ་བཤད་རིགས་པ་༼ སེམས་ཙམ་བསྟན་འགྱུར་ཤི་༣༥ན༡ ༽ལས། མཆོག་གི་སྒྲ་ནི་གཙོ་བོ་དང་། །དང་པོ་རྩེ་མོ་གདུན་དོན་དང་། །ཚིག་དང་མང་པོ་དག་དང་ནི། །དམིགས་པ་ལ་ཡང་ཡོད་པར་མཐོང་། །གཙོ་བོ་ལ་ནི་སེམས་ཅན་གང་སུ་དག་ཡོད་པ་རྣམས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་ཡིན་པར་བཤད་ཅེས་འབྱུང་བ་ལྟ་བུའོ། །དང་པོ་ལ་ནི་སྟན་གྱི་ཐོག་མ་དང་། ཆུའི་ཐོག་མ་དང་། བསོད་སྙོམས་ཀྱི་ཐོག་མ་ཞེས་འབྱུང་བ་ལྟ་བུའོ། །རྩེ་མོ་ལ་ནི་སྐྲའི་རྩེ་མོས་སམ། རྩྭའི་མཆོག་མས་སམ་ཞེས་འབྱུང་བ་ལྟ་བུའོ། །མདུན་གྱི་དོན་ལ་ནི་མདུན་དུ་འགྲོའོ་ཞེས་འབྱུང་བ་ལྟ་བུའོ། །ཚིག་ལ་ནི་ཚིག་ཀྱི་ས་བོན་ཞེས་འབྱུང་བ་ལྟ་བུའོ། །མང་པོ་ལ་ནི་ཁྲོམ་གྱི་རུ་ཞེས་འབྱུང་བ་ལྟ་བུའོ། །དམིགས་པ་ལ་ནི་སེམས་རྩེ་གཅིག་པ་ཉིད་དང་། སེམས་མི་འབྲལ་བ་ཞེས་འབྱུང་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །ེས་འབྱུང་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/12248  + (7 ནམ་མཁའ།)
  • Dictionaries/sgom sde tshig mdzod chenmo/9551  + (7 འབྱུང་པོའི་བྱེ་བྲག་ཅིག བཙན་དང་རྒྱལ་པོ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/5521  + (7 ཡིད་ཀྱིས་བགྲང་བཤེར་བྱེད་པ། དཔེར་ན་བསྔོ་བགྲང་བྱེད་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/147  + (7 སྤྱོད་པ་ལྔའི་ནང་གསེས། དེ་ལ་ཀུན་ཏུ་བཟང་པོའམ་ཀུན་ཏུ་བཟང་པོའི་སྤྱོད་པ་ཟེར།)
  • Dictionaries/sgom sde tshig mdzod chenmo/8294  + (8 (མིང་ཚིག) འདོད་ཁམས། དཔེར་ན་འདོད་པ་དང་གཟུགས་དང་གཟུགས་མེད་ཅེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/7362  + (8 དོན། དོན་བཞིའི་སྒོ་ནས་འཆད་པ་ལ། ཚུལ་བཞིའི་བཤད་པ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/6041  + (8 ཕྱིས། རྗེས། མཇུག དཔེར་ན་ཕྱིས་སུ་མིང་བཏགས་པ། བླ་དྭགས་ཟེར་བ་ལྟ་བུ་དང་། ཕྱིས་སུ་བསྣན་པ་ལ། བླ་ཐབས་སུ་བསྣན་ཞེས་པ་ལྟ་བུའོ། །)
  • Dictionaries/sgom sde tshig mdzod chenmo/6737  + (8 རྒྱུ་མཚན། ཆགས་ཡུལ་ལ་སྡུག་པའི་མཚན་མའི་སྒྲ8 རྒྱུ་མཚན། ཆགས་ཡུལ་ལ་སྡུག་པའི་མཚན་མའི་སྒྲོ་འདོགས་པ་མངས་ན་འདོད་ཆགས་དྲག་པོ་སྐྱེ་བ་དང༌། དགྲ་ལ་ཡིད་དུ་མི་འོང་བའི་མཚན་མ་མང་དུ་བསམས་ན་ཞེ་སྡང་དྲག་པོ་སྐྱེ་བ་བཞིན་ནོ། །ཞེས་པ་ལྟ་བུའོ། །མཁས་གྲུབ་ཆོས་རྗེའི་དྲི་མེད་འོད་ཀྱི་བརྗེད་བྱང་ལས་ཀྱང༌། སྤྱིར་མཚན་མའི་སྒྲ་ཆོས་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དང༌། རྟགས་དང༌། རྒྱུ་ལ་སོགས་པ་ལ་འཇུག་པ་ལས། ཞེས་སོགས་གསུངས་པ་ལྟར་རོ། །་པ་ལ་འཇུག་པ་ལས། ཞེས་སོགས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/3902  + (8 རྩོད་གཞི། རྟགས་ཆོས་དོན་གསུམ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/8481  + (8 ལམ། ལམ་པོ་ཆེ་ནས་འབྱུང༌། གསེབ་ནས་འབྱུང་ཞེ8 ལམ། ལམ་པོ་ཆེ་ནས་འབྱུང༌། གསེབ་ནས་འབྱུང་ཞེས་པ་ལྟ་བུའོ། །དེ་ཡང་མཚོ་ཊཱིཀ་ལས། དེ་ཡང་འབྱུང་བ་ཞེས་བྱ་བའི་སྒྲ་ནི་དོན་མང་པོ་ལ་འཇུག་སྟེ། རྐང་གིས་འགྲོ་བ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། རྐང་ཐང་གིས་འབྱུང་ཞེས་པ་ལྟ་བུའོ། །བཞོན་པ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། གླང་པོ་ཆེས་འབྱུང༌། རྟས་འབྱུང་ཞེས་པ་ལྟ་བུའོ། །གནས་ལའང་འཇུག་སྟེ། གྲོང་དུ་འབྱུང༌། གྲོང་ཁྱེར་དུ་འབྱུང་ཞེས་པ་ལྟ་བུའོ། །ལམ་ལ་ཡང་འཇུག་སྟེ། ལམ་པོ་ཆེ་ནས་འབྱུང༌། གསེབ་ནས་འབྱུང་ཞེས་པ་ལྟ་བུའོ། །ཊཱིཀ་ལས། འཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་སྟེ། འབྱུང་བ་ནི་འཐོབ་པར་བྱ་བའོ་ཞེས་ཟེར་རོ། །དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་འཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས་གསུངས་པ་དེ། སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་སྟོད་ཆ་༣ན༢ལས་གསུངས་པ་ཇི་ལྟ་བ་བཞིན་བཀོད་འདུག་གོ།ཆ་༣ན༢ལས་གསུངས་པ་ཇི་ལྟ་བ་བཞིན་བཀོད་འདུག་གོ།)
  • Dictionaries/sgom sde tshig mdzod chenmo/1019  + (8 ཤེས་པར་བྱ་བའམ་ཤེས་པར་བྱ་བའི་གཞི། བསླབ་པར་བྱ་བའམ་བསླབ་པར་བྱ་བའི་གཞི། དཔེར་ན་རིག་གནས། རིག་པའི་གནས་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/9552  + (8 སྔར་རྒྱ་གར་དུ་མ་ག་དྷ་སོགས་ཡུལ་ཆེན་ཏེ་རྒྱལ་ཕྲག་བཅུ་དྲུག་ལ་རྒྱལ་པོ་རེ་ཡོད་པ་རྣམས་ཁྱོན་བསྡོམས་རྒྱལ་པོ་བཅུ་དྲུག་ཡོད་པས། གྲངས་བཅུ་དྲུག་མཚོན་པར་བཤད།)
  • Dictionaries/sgom sde tshig mdzod chenmo/12249  + (8 སྤྲིན།)
  • Dictionaries/sgom sde tshig mdzod chenmo/10321  + (9 ཆང༌། བཅས་ཀྱི་མིང་ཡིན་པར་བཤད་དོ། །)
  • Dictionaries/sgom sde tshig mdzod chenmo/6738  + (9 ཕྱིན་ཅི་ལོག་ལ་ཟེར། མདོ་སྡུད་པ་༼ ཤེར་ཚོགས9 ཕྱིན་ཅི་ལོག་ལ་ཟེར། མདོ་སྡུད་པ་༼ ཤེར་ཚོགས་ཀ་པ ༽༢བ༡ལས། ཕུང་འདི་སྟོང་ཞེས་རྟོག་ན་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པའི་ཐད་ཀྱི་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་༼ ཉ ༽༡༢༧བ༡ ལས། མཚན་མ་ལ་ཞེས་བྱ་བ་ནི་མཚན་མ་ལ་སྟེ། ཕྱིན་ཅི་ལོག་ལ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །)
  • Dictionaries/sgom sde tshig mdzod chenmo/7363  + (9 འདོད་པ། གྲུབ་མཐའི་ཚུལ་ཞེས་པ་ལྟ་བུ། q ལེག9 འདོད་པ། གྲུབ་མཐའི་ཚུལ་ཞེས་པ་ལྟ་བུ། q ལེགས་པ། ཚུལ་མཐུན་ཞེས་པ་ལྟ་བུ། དམ་སྡོམ་ཚུལ་བཞིན་བསྲུང་ལྟ་བུའོ། །w བདེན་པ། འཕགས་པའི་བདེན་པ་ལ་འཕགས་པའི་ཚུལ་ཞེས་བརྗོད་པ་ལྟ་བུ། རྣམ་བཤད་རིགས་པ་ལ་གཞི་བྱས། གསེར་ཏོག་སུམ་འགྲེལ་ལས། དོན་དམ་པའི་ཚུལ། ཞེས་གསུངས། e ལམ། ལམ་ནི་འདིར་ལུགས་སྲོལ་ལ་ཟེར་བས། ལུགས་སྲོལ་དང་མཐུན་པ་ལ་ཚུལ་དང་མཐུན་པ་ཞེས་པ་ལྟ་བུ། r རྣམ་འགྱུར། སྟངས་ཀ། སྟངས། འགྲོ་ཚུལ་ཞེས་པ་ལྟ་བུ། t རྣམ་པ། ཚུལ་སྣ་ཚོགས་པ་ཞེས་པ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པར། རིའི་རྩེ་མོའི་ཚུལ་ལམ་ཞེས་བྱ་བ་ནི་རིའི་རྩེ་མོའི་རྣམ་པར་རོ། །ཞེས་གསུངས་པ་ལྟ་བུ། y སྤྱོད་པའམ་སྤྱོད་ལམ། ཚུལ་ཁྲིམས་ཞེས་པ་ལྟ་བུ། ཚུལ་ནི་སྤྱོད་པ། ཁྲིམས་ནི་དེ་ལས་མི་འདའ་བ། ཡང་ཚངས་པའི་སྤྱོད་པ་ལ། ཚངས་པའི་ཚུལ་ཞེས་བརྗོད་པ་ལྟ་བུ། u མྱང་འདས། དཔེར་ན་མྱང་འདས་ལ་བླ་མེད་ཀྱི་ཚུལ་ཞེས་བརྗོད་པ་ལྟ་བུའོ། །i མཐའ། དཔེར་ན། སྲིད་པའམ་ཞི་བའི་ཚུལ་ལས་འདས། ཞེས་པ་ལྟ་བུ། ཞེས་གསེར་ཏོག་སུམ་འགྲེལ་དུ་གསུངས། དེ་ཡང་སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་། །སྒོ་དང་སྡོམ་པ་མཚན་ཉིད་དང་། །ཐབས་དང་རིགས་པ་དོན་དང་འདོད། །ལེགས་པ་དག་ལ་འཇུག་པ་ལས། །ཞེས་དང་། རྣམ་བཤད་རིགས་པ་ལས་ཀྱང་། ཚུལ་གྱི་སྒྲ་ནི་བདེན་པ་དང་། །ལམ་དང་འབྲེལ་འབྱུང་རིགས་པ་དང་། །ཞེས་གསུངས་པ་ལྟར་རོ། །ཚུལ་གྱི་སྒྲ་འཇུག་ཡུལ་གཞན་ཡང་ཤིན་ཏུ་མང་བར་སྣང་ངོ་། །རྒྱས་པར་རྣམ་བཤད་རིགས་པ་བསྟན་འགྱུར་༼ ཤི ༽༣༥བ་༥ལ་གཟིགས།་བཤད་རིགས་པ་བསྟན་འགྱུར་༼ ཤི ༽༣༥བ་༥ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/3903  + (9 ལས་ཀ། ལས་དོན་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/12250  + (9 བྱ་སྤྱིའི་མིང་། q བྱ་རོག w འབྲུག e རི་དྭ9 བྱ་སྤྱིའི་མིང་། q བྱ་རོག w འབྲུག e རི་དྭགས་རུ་རུ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་སྒྲ་མདོ་༼ སེ་པ ༽༣༠༩བ་༢ལས། རུ་རུ་ནི། སྒྲ་སྒྲོགས་སོ། །ཞེས་གསུངས། r སངས་རྒྱས་ཀྱི་ཡོན་ཏན་ཞིག་སྟེ། དྲི་མ་མེད་པའི་སྙན་གྲགས་ཀྱི་སྒྲས་འགྲོ་བ་ཀུན་ལ་སྒྲོག་ཅིང་ཁྱབ་པའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྒྲ་སྒྲོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་ལ་དྲི་མ་མེད་པའི་སྙན་པས་ཁྱབ་པར་གྱུར་པ་ནི་སྒྲ་གྲགས་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས།པ་ནི་སྒྲ་གྲགས་པས་ཁྱབ་པ་ཡིན་ནོ། །ཞེས་གསུངས།)
  • Dictionaries/sgom sde tshig mdzod chenmo/488  + (<ཀ່ན་ར> རྒྱ་གར་གྱི་ཧི་མཱ་ཅལ་པྲ་དེཤ་ <ཀ່ན་ར> རྒྱ་གར་གྱི་ཧི་མཱ་ཅལ་པྲ་དེཤ་ हिमाचल प्रदेश མངའ་ཁོངས་ཀྱི་ས་ཁུལ་ཞིག འདི་ཀ່ན་ར་ཟུར་ཆག་པར་ངེས་ཤིང་། འདི་ལ་ཀ່ན་ར་སྟེ་མིའམ་ཅིའི་ཡུལ་ཟེར། ཀི་ནོའུ་རི། ཀི་ནོ་རི། ཀ་ནོར། ཀུ་ན་ཝར་སོགས་སུ་འབོད། Kinnauri, Kanauri, Kanor, Koonawuror Kunawar སྔོན་རྒྱ་གར་ལ་གནོད་སྦྱིན་གྱི་ཡུལ། ཤ་ཟའི་ཡུལ། དྲི་ཟའི་ཡུལ། མིའམ་ཅིའི་ཡུལ་སོགས་ཡོད་པས། འདི་མིའམ་ཅིའམ་ཀ່ན་ར་སྟེ་ཕྱིས་བོད་རྣམས་ལ་ཁུ་ནུ་ཞེས་བརྡ་ཆགས་པ་ཡིན་ཚུལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་བཤད། ཀ່ན་ར་ནི་མིའམ་ཅིའི་སྐད་དོད་ཡིན་པ་གོང་དུ་བཤད་ཟིན་ཏོ། །་ནི་མིའམ་ཅིའི་སྐད་དོད་ཡིན་པ་གོང་དུ་བཤད་ཟིན་ཏོ། །)
  • Dictionaries/sgom sde tshig mdzod chenmo/9597  + (<ཀ་པར> གནས་རྙིང་པ་རིན་ཆེན་རྒྱལ་མཚན་ག<ཀ་པར> གནས་རྙིང་པ་རིན་ཆེན་རྒྱལ་མཚན་གྱིས་བསྐུལ་བ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་ཐར་ལམ་གསལ་བྱེད། འདི་ལ་སྔ་རྩོམ་ཞིག་ཡོད་པར་བཤད། ལྷ་དབང་བློ་ཡི་རྗེས་སུ་འབྲང་བའི་རྣམ་འགྲེལ་ས་བཅད་ཆེན་མོ། ཕྱོགས་སྒྲ་འཇུག་ཚུལ་ཉུང་ངུ་། <ཁ་པར> འབྲོང་རྩེ་ལྷ་བཙུན་གྱིས་བསྐུལ་བ་རིན་ཆེན་གཏེར་མཛོད། འདི་ཡི་སྔ་རྩོམ་གནས་རྙིང་མཁན་པོས་ཞུས་པ་རྒྱས་པ་ཞིག་ཡོད་པར་བཤད། ཚད་མའི་ལམ་བསྒྲིགས་ (འདི་ལྕང་སྐྱ་རོལ་པའི་རྡོ་རྗེས་བཤད་ལུང་གནང་ཞེས་ཀློང་རྡོལ་བླ་མ་གསུང) <ག་པར> སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པའམ་ཚད་མ་མདོ་ཞེས་གྲགས་པའི་ཊཱིཀྐ་མཐར་འཛིན་གདུང་སེལ། ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་དང་། འབྲེལ་པ་བརྟག་པའི་རྣམ་བཤད། རྩ་བ་ཤེས་རབ་ཀྱི་སྦྱོར་ཊཱིཀ་ངག་འདོན་ཡིད་ཀྱི་མགུལ་རྒྱན། དབུ་མ་འཇུག་པའི་སྦྱོར་ཊཱིཀ། <ང་པར> རྗེ་ཙོང་ཁ་པ་ཆེན་པོས་ར་སྒྲེང་རྒྱལ་བའི་དབེན་གནས་སུ་ཕར་ཕྱིན་གྱི་གསུང་བཤད་རྒྱས་པ་གནང་ཚེ་དར་མ་རིན་ཆེན་ལ་བཀའ་གནང་ནས་རྩོམ་པར་མཛད་པ་ཕར་ཕྱིན་ཊཱིཀྐ་རྣམ་བཤད་སྙིང་པོའི་རྒྱན། ཕར་ཕྱིན་ལམ་གྱི་རིམ་པར་བསྒྲིགས་པའི་ཐེག་ཆེན་སྒོ་འབྱེད། བཀའ་བཞི་པ་སངས་རྒྱས་འཕེལ་གྱིས་བསྐུལ་བ་ཕར་ཕྱིན་དོན་བདུན་ཅུ་རིན་ཆེན་ཕྲེང་བ། རྗེ་བློ་གྲོས་བརྟན་པས་བསྐུལ་བ་མངོན་པ་གོང་མ་ཀུན་ལས་བཏུས་པའི་ཊཱིཀྐ་ཆོས་མངོན་རྒྱ་མཚོ། མངའ་རིས་ཆོས་རྒྱལ་གདུང་བརྒྱུད་ཀྱིས་བསྐུལ་བ་དབུ་མ་རིན་ཆེན་འཕྲེང་བའམ་གཏམ་བྱ་རིན་ཆེན་འཕྲེང་བའི་ཊཱིཀྐ་སྙིང་པོའི་དོན་གསལ། དབུ་མ་རང་རྒྱུད་པའི་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་ཊཱིཀྐ། དབུ་མ་བཞི་བརྒྱ་པའི་ཊཱིཀྐ་ལེགས་བཤད་སྙིང་པོ། <ཅ་པར>གུང་རུ་རྒྱལ་མཚན་བཟང་པོས་བསྐུལ་བ་རྒྱུད་བླ་མའི་ཊཱིཀྐ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཊཱིཀྐ་རྒྱལ་སྲས་འཇུག་ངོགས། རྒྱལ་ཚབ་རྗེའི་ཤེས་རབ་ལེའུའི་ཟིན་བྲིས་རྗེའི་གསུང་འབུམ་དུ་བཞུགས། དབུ་མ་རིགས་པ་དྲུག་ཅུ་པའི་ཊཱིཀྐ་སྨྲ་བ་ངན་པ་རྣམ་པར་འཐག་པ། ལྟུང་བཤགས་ཊཱིཀྐ། གསང་འདུས་བླ་བརྒྱུད་སོགས་གསོལ་འདེབས་མདོ་རྒྱུད་མ། རྗེ་ཙོང་ཁ་པའི་གསང་འདུས་འཇམ་རྡོར་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལ་མཁོ་བ་འཇམ་རྡོར་དཀྱིལ་ཆོག འཇམ་རྡོར་སྒྲུབ་ཐབས་རྒྱུད་གཞུང་ཀུན་བཟང་གི་རྣམ་བཤད་བསྡུས་པ། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་དྲུག་དང་རིམ་པ་དང་པོའི་རྣམ་བཤད་བདེ་ཆེན་མྱུར་འཇུག དབུ་མའི་ལྟ་ཁྲིད་ཉུང་ངུ་། དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡིང་མ་དང་། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡིང་མ། ཚད་མའི་བརྗེད་བྱང་ཆེན་མོ། མངོན་སུམ་ལེའུའི་བརྗེད་བྱང་། དབུ་མ་རྒྱན་གྱི་བརྗེད་བྱང་སོགས་རྗེ་ཡི་གསུང་ཟིན་བྲིས་རྣམས་རྗེའི་གསུང་འབུམ་གྱི་ཁྲོད་དུ་བཞུགས་སོ། །ང་སོགས་རྗེ་ཡི་གསུང་ཟིན་བྲིས་རྣམས་རྗེའི་གསུང་འབུམ་གྱི་ཁྲོད་དུ་བཞུགས་སོ། །)
  • Dictionaries/sgom sde tshig mdzod chenmo/10631  + (<ཀ་ར> ཧྭགས་ཏེ་བུ་རམ་རྡོག་པོར་བྱས་པ།)
  • Dictionaries/sgom sde tshig mdzod chenmo/5976  + (<ཀ་ར་ཎྱ་པཱ་ཌ་ཀྃ> ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་སྨན་མང་པོ་སྐྱེ་བ་ཞིག་ཡོད་པ་ལ་བཞེད་དོ། །)
  • Dictionaries/sgom sde tshig mdzod chenmo/10363  + (<ཀ་ལི་ཡུ་གཾ> མ་ཧཱ་བྷཱ་ར་ཏའི་གཏམ་རྒྱུ<ཀ་ལི་ཡུ་གཾ> མ་ཧཱ་བྷཱ་ར་ཏའི་གཏམ་རྒྱུད ( Mahābhārata महाभारत ) ཀྱི་སྐབས་སུ་བྱུང་བའི་ཀུ་རུའི་ཡུལ་གྱི་གཡུལ་འཐབ་ ( कुरुक्षेत्र युद्ध Kurukshetra War ཀུ་རུཀྵེ་ཏྲ། ཡུདྡྷ) བྱུང་བ་ནས་བཟུང་། རྩོད་དུས་འགོ་ཚུགས་སོ། །འདི་ལ་ལེགས་སྦྱར་དུ་ “ཀ་ལི་ཡུག” ཟེར། དམག་འཐབ་དེ་ཡང་ “ཀཱཽ་ར་ཝ” (कौरव ) འམ་དམག་བརྒྱ་པའི་བུ་དང་། “པཱཎ་ཌཝ” ( पाण्डव ) འམ་སྐྱ་སེང་བུ་ལྔ་སྟེ། བུ་སྤུན་རྒན་གཞོན་གྱི་བུ་ཕྲུག་cousinsགྱི་དབར་རྒྱལ་སྲིད་ཀྱི་དོན་དུ་ཁ་མ་འཆམས་པར་རྩོད་པ་བྱུང་བ་ལ་བརྟེན་ནས་རྩོད་ལྡན་གྱི་དུས་བྱུང་བ་ཡིན་ནོ། །རྩོད་ལྡན་ལ་༤༣༢༠༠༠བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་དུས་འཁོར་ལས་གསུངས། ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས་མོད། འདི་ནི་ཧིནྡཱུའི་གཞུང་ལུགས་སུ་འབྱུང་བའི་ཐ་སྙད་དེ་རང་ནང་པས་ཚུར་བླངས་པའོ། །ཀུ་རུའི་ཡུལ་ (ཀུ་རུཀྵེ་ཏྲ) ཞེས་པ་ནི། དེང་སང་རྒྱ་གར་གྱི་མངའ་སྡེ་ “ཧ་རི་ཡཱ་ཎཱ” हरियाणा Haryana ཟེར་བ་དེ་ཡིན་པར་བཤད་དོ། །མདོར་ན་རྩོད་དུས་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མ་བྱོན་གོང་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་རོལ་ནས་བྱུང་ངོ་། །རྩོད་ལྡན་དུས། རྩོད་དུས། སྙིགས་དུས། སྙིགས་མའི་དུས། སྙིགས་མ་ལྔའི་དུས། སྙིགས་མ་ལྔ་བདོའི་དུས་རྣམས་དོན་འདྲའོ། །ལྔའི་དུས། སྙིགས་མ་ལྔ་བདོའི་དུས་རྣམས་དོན་འདྲའོ། །)
  • Dictionaries/sgom sde tshig mdzod chenmo/10359  + (<ཀ་ལི་ཡུག> རྩོད་དུས། རྩོད་ལྡན་དུས། སྙིགས་དུས། སྙིགས་མའི་དུས། སྙིགས་མ་ལྔའི་དུས་རྣམས་དོན་འདྲའོ། །རྩོད་ལྡན་དུས་ལ་གཟིགས།)
  • Dictionaries/sgom sde tshig mdzod chenmo/2581  + (<ཀཉྩུ་ལི> (འདུལ་བ) རྒྱལ་པོའི་བཙུན་མོ<ཀཉྩུ་ལི> (འདུལ་བ) རྒྱལ་པོའི་བཙུན་མོའི་འཁོར་དུ་བྱི་བོ་ལོག་གཡེམ་སྲུང་ཞིང་ལྟ་ཉུལ་བྱེད་མཁན་གྱི་ཕོ་རྟགས་ཀྱི་འབྲས་བུ་བཏོན་ཟིན་པའི་སྐྱེས་པའི་མིང༌། ཕོ་རྟགས་ཀྱི་འབྲས་བུ་བཏོན་པའི་དགོས་པ་ནི་བཙུན་མོ་རྣམས་ལ་ལོག་གཡེམ་མི་བྱེད་པའི་ཆེད་དུ་ཡིན་པ་གསལ་པོ་རེད། ཉུང་རུམ་པ་ཡང་ཟེར། སཾ་བོད་སྐད་གཉིས་ཤན་སྦྱར་ལ་གཞི་བྱས་ཏེ་བཀོད།་ཟེར། སཾ་བོད་སྐད་གཉིས་ཤན་སྦྱར་ལ་གཞི་བྱས་ཏེ་བཀོད།)
  • Dictionaries/sgom sde tshig mdzod chenmo/10711  + (<ཀཊཔུཏན> གདོན་གྱི་མིང་། མིའི་སྲོག་འཕ<ཀཊཔུཏན> གདོན་གྱི་མིང་། མིའི་སྲོག་འཕྲོག་པ་ཁ་སྣ་བྲང་ལ་དོད་པའི་ཡི་དྭགས་ཀྱི་རིགས་ཤིག རྗེ་ཙོང་ཁ་པའི་མདོ་རྩ་བའི་ཟིན་བྲིས་ལ་གཞི་བྱས། ཡི་དྭགས་ཀྱི་བྱེ་བྲག་ཅིག་ཡིན་པར། འདུལ་བ་གཞི་རྒྱ་ཆེར་འགྲེལ་ནའང་གསལ། སྒྲ་བཤད་ནི། གཞན་གྱི་ལུས་རུལ་བར་བྱེད་པས་ན་ལུས་སྲུལ་པོ་ཞེས་བྱའོ། །བྱེ་བྲག་རྟོགས་བྱེད་འབྲིང་པོ་༡༥༥རྒྱབ་གཟིགས་ལས། ཀཊཔུཏན་ཞེས་བྱ་བ་གདོན་གྱི་མིང་སྟེ། ཀཊ་ནི་ལུས། པུཏ་ནི་རུལ་བར་བྱེད་པ་ཡིན་པས་ན་ལུས་སྲུལ་པོ་ཞེས་བྱའོ། །ལུས་སྲུལ་པོ་དང་། སྲུལ་པོ་གཉིས་ཅུང་ཟད་མི་འདྲ་བ་ཡིན་པར་སྣང་སྟེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སྲུལ་པོ་ཞེས་བྱ་བ་ནི་ཡི་དྭགས་ཀྱི་བྱེ་བྲག་ཉིད་དོ། །ལུས་སྲུལ་པོ་ཞེས་བྱ་བ་ཡང་ཡི་དགས་ཀྱི་བྱེ་བྲག་ཉིད་དོ། །ཞེས་སྲུལ་པོ་དང་ལུས་སྲུལ་པོ་གཉིས་ཐ་དད་དུ་གསུངས་པའི་ཕྱིར་རོ། །དང་ལུས་སྲུལ་པོ་གཉིས་ཐ་དད་དུ་གསུངས་པའི་ཕྱིར་རོ། །)
  • Dictionaries/sgom sde tshig mdzod chenmo/1215  + (<ཀནྟྲ་རི་ཀཱ> དཔྱང་ཐག སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་བཤད།)
  • Dictionaries/sgom sde tshig mdzod chenmo/4551  + (<ཀནྡུཿ> (འདུལ་བ) སྐུད་པའི་ཚོགས་ཟླུམ་<ཀནྡུཿ> (འདུལ་བ) སྐུད་པའི་ཚོགས་ཟླུམ་པོར་བྱས་པའམ། བྱ་སྤུ་སོགས་ལ་སྐུད་པ་དཀྲིས་པའི་བྱ་སྒོང་ལྟ་བུ་རིལ་པོ་བྱིས་པ་རྣམས་ས་ལ་བརྡབས་ཏེ་རྩེ་བ་དེ་ཡིན། དེ་ལ་དྲུ་གུ་ཡང་ཟེར། དེ་སང་པོ་ལོ་ཟེར་བ་དེ་ཡང་། ཕོ་ལོང་ཉིད་ཟུར་ཆག་པ་ཡིན། དེང་སང་དབྱིན་ཇིའི་སྐད་དུ་ཡོད་པའི་པོ་ལོ་ Polo ཞེས་པའི་ཐ་སྙད་འདི་ཡང་བོད་སྐད་ནས་བྱུང་བར་བཤད་པ་ཡང་བདེན་པར་སྣང་ངོ་། །རྩེད་མོ་འདིའི་ཐོག་མའི་འབྱུང་ཁུངས་ནི་ Afghanisthan ཨཕ་གྷ་ནིསྠན་ཡིན་ལ། དེ་ཡང་ཁོང་ཅག་གིས་རྟ་ཐོག་ནས་ས་ལ་ཡོད་པའི་ལུག་ཁོག་ཧྲིལ་པོ་དེ་ཉིད་འཕྲོག་རེས་བྱེད་པའི་རྟ་རྒྱུག་ཀྱི་རྩེད་མོ་ཤིན་ཏུ་གཏུམ་དྲག་ཆེ་བ་དེ་ཡིན་ལ། དེ་ཉིད་བོད་བཙན་པོའི་སྐབས་སུ་བོད་དུ་དར་ནས། དེ་ནས་རིམ་གྱིས་རྒྱ་ནག་ཏུ་དར། དེ་ནས་ཕྱིས་སུ་དབྱིན་ཡུལ་དུ་དར་བར་སེམས་སོ། །འོན་ཀྱང་བོད་དུ་ལུག་ཁོག་གི་ཚབ་ཏུ་པོ་ལོ་སྟེ་ཕོ་ལོང་བྱས་སོ། །ཕོ་ལོང་ཞེས་པའི་ཚིག་འདི་ལུང་རྣམ་འབྱེད་རྩ་འགྲེལ་སོགས་སུ་སྣང་སྟེ། རྣམ་འབྱེད་འགྲེལ་༼ ཚུ་པ ༽༡༣༤བ༤ལས། ཕོ་ལོང་ཐ་གུས་གདགས་པ་འཕང་བའོ། །ཞེས་པ་ལྟ་བུ།བ༤ལས། ཕོ་ལོང་ཐ་གུས་གདགས་པ་འཕང་བའོ། །ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11752  + (<ཀཔིལ> 1 སེར་པོ་དང་དཀར་པོ་འདྲེས་པའི་<ཀཔིལ> 1 སེར་པོ་དང་དཀར་པོ་འདྲེས་པའི་ཁ་དོག་གི་མིང༌། 2 རབ་བྱུང་དང་ཁྱིམ་པའི་བསྡུས་མིང༌། དེ་ཡང་སེར་ནི་སེར་མོ་བ་སྟེ་རབ་བྱུང་དང༌། སྐྱ་ནི་སྐྱ་བོ་སྟེ་མི་ནག་གི་མིང༌། སེར་སྐྱ་མི་དམངས་ཞེས་པ་ལྟ་བུ། 3 སེར་སྐྱའི་ཡུལ་སྟེ། སངས་རྒྱས་སྐུ་འཁྲུངས་པའི་ཡུལ་ཟས་གཙང་གི་རྒྱལ་པོའི་ཁབ་ན་ཡོད་པར་བཤད། གྲོང་ཁྱེར་སེར་སྐྱ་ནི་གནས་བཅས་དང་དོན་གཅིག གནས་བཅས་ནི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཤཱ་ཀེ་ཏ་ (Saketa) ཟེར་བ་དེའོ། །འོ་ན་སངས་རྒྱས་འཁྲུངས་པའི་གནས་ལུམྦི་ནི་མ་ཡིན་ནམ། སེར་སྐྱ་ཡིན་པ་ཇི་ལྟར་འཐད་ཅེ་ན། སེར་སྐྱ་ནི་དེའི་རྒྱ་རྒྱུད་ཀྱི་ཡུལ་སྤྱིའི་མིང་ཡིན་ལ། ལུམྦི་ནི་ཞེས་པ་ནི་ཡུལ་དེའི་གནས་བྱེ་བྲག་པའམ་ཆ་ཤས་ཤིག་གི་མིང་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ལས། ལུམྦི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ (ཀཔིལ་བསྟུ) སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དེང་སང་གི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། ཞེས་འབྱུང་བ་ལྟར་རོ། །ཀློང་རྡོལ་བླ་མའི་གསུང་འབུམ་སྨད་ཆ་༢༨༣ལས། རྒྱ་གར་ཡུལ་དུ་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་གནས་བཅས་ཞེས་པ་གྲོང་ཁྱེར་སེར་སྐྱར་ཡབ་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཁྲུངས་པ། བསྐལ་བཟང་སངས་རྒྱས་སྟོང་གི་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་རྒྱལ་པོ། ཞེས་གསུངས་པ་ལྟར་རོ། །4 ཉི་མའི་མིང་ཡིན་པར་ཡང༌། སཾ་བོད་སྐད་གཉིས་ཤན་སྦྱར་ན་གསལ། 5 ཕྱི་རོལ་པའི་དྲང་སྲོང་ཞིག་གི་མིང༌། དྲང་སྲོང་སེར་སྐྱ་ཞེས་པ་ལྟ་བུ།་སྲོང་ཞིག་གི་མིང༌། དྲང་སྲོང་སེར་སྐྱ་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/11753  + (<ཀཔིལ་བསྟུ> (འདུལ་བ) ལུམྦི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ “ཀཔིལ་བསྟུ” སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་། དེང་སང་མིང་ལ་Tilaurakot “ཏི་ལོ་ར་ཀོ་ཊི” ཟེར་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གསུང་།)
  • Dictionaries/sgom sde tshig mdzod chenmo/10614  + (<ཀརྨ་ག་ཎཿ> ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་བསྒྲུབ་པའི་ཐབས་སམ་ཆོ་ག་ལ་ལས་ཚོགས་ཟེར།)
  • Dictionaries/sgom sde tshig mdzod chenmo/5465  + (<ཀལྤ> 1 དུས་ཡུན་ཤིན་ཏུ་རིང་བའི་ཚད་ཅིག་སྟེ། ལེགས་སྦྱར་གྱི་ཀལྤ་ཟུར་ཆག་པའོ། །བསྐལ་པ་བར་མ་ལ་གཟིགས།  2 ལྐོག་ཏུ་གྱུར་པ། དཔེར་ན་དུས་ཀྱི་བསྐལ་དོན། ཡུལ་གྱི་བསྐལ་དོན། ངོ་བོའི་བསྐལ་དོན་ཞེས་པ་ལྟ་བུ།)
  • Dictionaries/sgom sde tshig mdzod chenmo/3344  + (<ཀལྤ་བྲཀྵ> དགོས་འདོད་ཐམས་ཅད་དཔག་པ་དང<ཀལྤ་བྲཀྵ> དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་སྟེར་བའི་རིན་པོ་ཆེའི་རིགས་ཀྱི་ལྷ་ཡུལ་གྱི་ཤིང་ཞིག རི་རབ་ཀྱི་རྩེ་མོའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་ལ། དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་འདི་ཡོད་དེ། མཛོད་རང་འགྲེལ་ལས། ཤིང་ས་བརྟོལ་ཡོངས་འདུ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཤིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཟུག་གོ། གནམ་འཕང་དུ་ནི་དཔག་ཚད་བརྒྱ་འཕགས་སོ། །ཡལ་ག་དང༌། འདབ་མ་དང༌། ལོ་མ་ནི་དཔག་ཚད་ལྔ་བཅུར་ཁྱབ་པར་གནས་སོ། །དེའི་མེ་ཏོག་དང༌། འདབ་མ་ཐམས་ཅད་རྒྱས་པའི་དྲི་ངད་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ལྡང་ངོ༌། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ༌། །ཞེས་གསུངས་པ་ལྟར་རོ། །ཤིང་འདིའི་རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། རྩ་བ་སོགས་བདུན་ཚན་བདུན་ཚན་དུ་ཡོད་པ། ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་འབྱུང་བ། ཡལ་ག་སོགས་བསྐྱོད་པའི་སྒྲ་ལས་མི་རྟག་པ་དང་བདག་མེད་སོགས་ཆོས་ཀྱི་སྡོམ་བཞིའི་སྒྲ་འབྱིན་པའོ་ཞེས་ཀྱང་གཞུང་གཞན་དུ་སྣང་ངོ༌། །ིའི་སྒྲ་འབྱིན་པའོ་ཞེས་ཀྱང་གཞུང་གཞན་དུ་སྣང་ངོ༌། །)