103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀླན་ཀ་འཚོལ་བ།
Tibetan Alternate
Tibetan Definition རྣམ་པར་འཚེ་བའི་སྐབས་བཙལ་བའམ། སྙད་ཀ་བཙལ་བ་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཀླན་ཀ་བཙལ་བ་ནི། སྐབས་བཙལ་བའམ་སྙད་ཀ་བཙལ་བ། ཞེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། ཀླན་ཀ་འཚོལ་བ་ནི་རྒོལ་བའམ་རྩོད་པའི་སྐབས་འཚོལ་བ། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། མཁས་གྲགས་དང་ཀླན་ཀ་འཚོལ་འདོད་དང་། འགྲན་སེམས་དང་ཕྲག་དོག་སོགས་ཀྱིས་མ་བསླད་པ། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number