Dictionaries/Brda dkrol gser gyi me long/107
Jump to navigation
Jump to search
| Tibetan | ཀླམ། |
|---|---|
| Tibetan Alternate | |
| Tibetan Definition | སྣམ་བུ་མཐུག་པོའམ་ལྭ་བ་མཐུག་པོའི་མིང་སྟེ།《འདུལ་བའི་སྡེ་སྣོད་ཀྱི་མིང་དོན་བརྡ་དཀྲོལ》ལས། ཀླམ་པ་ནི་ལྭ་བ་འཐུག་པོ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་ཕྲན་ཚེགས》ལས། དེ་ལྟ་བས་ན་ལྔ་པོ་འདི་དག་ནི་དྲ་བར་མི་བྱ་སྟེ། བེའུ་རས་ཐམས་ཅད་དང་། ལྭ་བ་ཐམས་ཅད་དང་། ཕྱིང་པ་ཐམས་ཅད་དང་། ཀླམ་ཐམས་ཅད་དང་། སེང་བ་ཐམས་ཅད་དོ། ། ཞེས་པ་ལྟ་བུའོ། ། གཞན་ཡང་། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཀླམ་ནི་ལྭ་བ་མཐུག་པོ་ཟེར་ཡང་སྐུད་རིས་མཁན་གྱིས་བཟོས་པའི་གོས་ཤིག་གོ། ཞེས་དང་། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཀླམ་ཞེས་པ་མགོ་ལ་དཀྲི་རྒྱུའི་རས་རིང་པོའི་མིང་། ཞེས་ཀྱང་བྱུང་བས་གང་འགབ་དཔྱད་པར་འཚལ། |
| Tibetan Source | |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |