123
Jump to navigation
Jump to search
Tibetan | ཀློང་དུ་གྱུར་པ། |
---|---|
Tibetan Alternate | |
Tibetan Definition | (2)དབང་དུ་གྱུར་པའམ་བརྟན་པ་ཐོབ་པའི་དོན་ཏེ།《ངག་སྒྲོན་གྱི་འགྲེལ་པ》ལས། ཀློང་དུ་གྱུར་པ་ནི་དོན་རྟོགས་པ་དང་། དབང་དུ་གྱུར་པ། ཞེས་དང་། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། ཀློང་དུ་གྱུར་པ་ཞེས་བྱ་བ། །བརྟན་པ་ཐོབ་པའི་མིང་དུ་འདོད། །ཅེས་གསུངས། དཔེར་ན། 《བཀའ་གདམས་གཅེས་བཏུས》ལས། རྟོགས་པ་རྒྱུད་ལ་སྐྱེས་ན་རེ་དོགས་ཀྱི་བློ་དང་བྲལ། དེ་ཙ་ན་དགེ་སྦྱོར་ཀློང་དུ་ཆུད་པ་ཡིན། ཞེས་པ་ལྟ་བུའོ། ། |
Tibetan Source | |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |