Dictionaries/Brda dkrol gser gyi me long/1363
Jump to navigation
Jump to search
| Tibetan | ཆེ་བཞི། |
|---|---|
| Tibetan Alternate | |
| Tibetan Definition | དཔང་པོའམ་གཉའ་བོའི་མིང་སྟེ། 《བརྡ་གསར་རྙིང་གི་བྱེ་བྲག་རྟོགས་བྱེད》ལས། ཆེ་བཞི་དཔང་པོའི་མིང་དུ་བཤད།། ཅེས་གསུངས། དཔེར་ན། 《བཀའ་ཆེམས་ཀ་ཁོལ་མ》ལས། མེས་པོས་ཆེ་བཞི་བྱས་ཏེ། ཞིང་རྣམས་ཁག་བཞིར་བགོས་ནས་གཏད་པ་ལྟར་སོ་སོར་གྱེས་པ། ཞེས་པ་ལྟ་བུའོ།། ཆེ་བཞིའི་སྒྲ་བཤད་ནི།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། སྔོན་དུས་སུ་མི་བཞི་འཚོགས་ནས་ཐག་བཅད་པའི་དོན་ལ་ཚད་མར་བྱེད་པ་ལྟར་དེའི་སྒོ་ནས་ཆེ་བཞི་ཞེས་མིང་བཏགས་པའོ།། ཞེས་གསུངས་ཤིང་། ཡང་《ངག་སྒྲོན་གྱི་འགྲེལ་པ》ལས། དཔང་པོ་ལ་འཇུག་པའི་ཆེ་བཞི་ནི་གཉའ་བོ་སྟེ་གྲངས་ཀྱི་བཞི་མིན་པར་བཤད། ཅེས་ཀྱང་བྱུང་ངོ་།། འདི་ལ་ཆེ་གཞི་བྲིས་པའང་སྣང་སྟེ། 《 འདུལ་བ》ལས། ཆེ་གཞི་དག་མེད་དོ།། སོང་ཤིང་དང་ཁོ་བོ་དག་གི་ཆེ་གཞི་དབྱེའོ།། ཞེས་བྱུང་ངོ་།། |
| Tibetan Source | |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |