1821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགའ་འདུན།
Tibetan Alternate
Tibetan Definition དགའ་སྤྲོ་ལ་ཚོགས་པའི་མིང་སྟེ། 《དག་ཡིག་ཤེས་བྱ་རབ་གསལ》ལས། དགའ་འདུན་སྐྱེ་བོ་ཕོ་མོ་རྣམས། །དགའ་སྤྲོའི་ཕྱིར་དུ་ཚོགས་པའོ། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དེར་གཞོན་ནུ་དགའ་འདུན་ལྔ་བརྒྱ་ཙམ་ཆུང་མ་དང་བཅས་པ་དག་རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ། ཞེས་པ་ལྟ་བུའོ། །གཞན་ཡང་སྐྱེས་པའམ་བུད་མེད་རྐྱང་པ་དགའ་སྤྲོ་ལ་ཚོགས་པའི་དོན་དུ་གོ་དགོས་པའང་ཡོད་དེ། 《ལི་ཤིའི་གུར་ཁང》ལས། དགའ་འདུན་ནི་སྐྱེས་པའམ་བུད་མེད་རྐྱང་པ་དགའ་སྤྲོ་ལ་ཚོགས་པ། ཞེས་གསུངས་སོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number