2206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དོལ་ཆོད་དུ་སྦྱང་།
Tibetan Alternate
Tibetan Definition བློ་ཐག་བཅད་ནས་སྦྱང་བའི་དོན་ཏེ།《བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་དོན》ལས། དོལ་ཆོད་དུ་སྦྱང་ཞེས་པ་ནི་ཚམ་ཚོམ་མེད་པར་སྦྱང་ཞེས་པ་སྟེ། དཔེར་ན། མདའ་ཕངས་པའི་ཚེ་གང་ལ་ཕོག་པ་དེ་ལ་ཁ་གཏིང་མེད་པར་ཕུག་ནས་སོང་བ་ཞ་དོལ་ཆོད་ཟེར། ཞེས་གསུངས། དཔེར་ན།《ལམ་རིམ་སྦྱོར་ཆོས》ལས། དོལ་ཆོད་དུ་སྦྱང་ཞེས་པ་ནི་ཚོད་ལེན་པ་ལྟ་བུ་མ་ཡིན་པར་བློ་ཐག་བཅད་ནས་སྦྱང་བའོ།། ཞེས་དང་། 《ལེགས་བཤད་ནོར་བུའི་བང་མཛོད》ལས། དོལ་ཆོད་དུ་སྦྱང་། བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number