2357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ནུར་རྩི།
Tibetan Alternate
Tibetan Definition ཆང་གི་ཉིང་ཁུའམ་སྙིང་ཁུའི་མིང་སྟེ།《འདུལ་བ་ལུང་རྣམ་འབྱེད》ལས། འབྲུའི་ཆང་གི་ནུར་རྩི་འཐུང་ན་ལྟུང་བྱེད་དུ་འགྱུར་རོ།། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། དེ་དག་གིས་ཁྱོད་སློང་མོ་ལ་ཞུགས་པ་ལ་ཆང་དང་ནུར་རྩིའི་སློང་ཕོར་བཀང་སྟེ་སྦྱིན་པར་འགྱུར་རོ།། ཞེས་པ་ལྟ་བུའོ།། གཞན་ཡང་འདི་ལ་ནུར་རྫི་བྲིས་པའང་སྣང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ནུར་རྫི་བཅོས་པའི་ཆང་གི་སྙིགས་མ། ཞེས་བྱུང་ངོ་།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number