2379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ནོམ་མེ་སུམ་མེ་མི་འཇོག་པ།
Tibetan Alternate
Tibetan Definition མནོ་བསམ་མེད་ཅིང་ཐེ་ཚོམ་ཡང་མི་འཇོག་ཅེས་པའི་དོན་ཏེ།《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། ནོམ་མེ་སུམ་མེ་མི་འཇོག་པ་ནི་མནོ་བསམ་མེད་ཅིང་ཐེ་ཚོམ་ཡང་མི་འཇོག་ཅེས་པའི་དོན་ནོ།། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》ལས། རང་གིས་མི་ཤེས་ཤིང་ཐེ་ཚོམ་ཟ་བ་ཀུན་དགེ་བའི་བཤེས་གཉེན་ནམ་བཀའ་བསྟན་བཅོས་ཀུན་ལ་དྲིས་ནས་སྤང་བྱ་རྣམས་སྤོང་། བླང་བྱ་རྣམས་དང་དུ་ལེན་ཅིང་། ནོམ་མེ་སུམ་མེ་མི་འཇོག་པ་ཅིག་དགོས་པ་ཡིན། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number