2453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཕ་བ་ལྒོ་ལྒོ།
Tibetan Alternate
Tibetan Definition ཤ་མོང་གི་རིགས་ཕ་བ་དགོ་དགོའི་མིང་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཕ་བ་ལྒོ་ལྒོ་ནི་རྣམ་འབྱེད་འགྲེལ་པ་ལས། འབྲུག་གི་སྒྲས་བསླང་བ་ཕྲུམ་གྱི་རྣམ་པ་ལྟ་བུ་ལྡུམ་མོའོ་ཞེས་བྱུང་བས་ཤ་མོ་དང་རིགས་གཅིག་པ་ཡིན་ཡང་ཟར་མི་རུང་བ་བཀས་ན་ནང་ནས་དུད་པ་འདྲ་བ་འཐུལ་ནས་འོང་བ་དེའོ།། ཞེས་གསུངས། དཔེར་ན། 《འདུལ་བ་གཞུང་དམ་པ》ལས། རེ་ཞིག་གི་ཕ་བ་ལྒོ་ལྒོའམ་ཤ་མོ་འབྱིན་པར་བགྱིད་ན་ཅིར་འགྱུར་ལགས། ཞེས་པ་ལྟ་བུའོ།། འདི་ལ་ཕ་བ་གོལ་གོལ་བྲིས་པའང་སྣང་སྟེ། 《འདུལ་བ་ལུང་རྣམ་འབྱེད》ལས། ཤ་མོ་དང་ཕ་བ་གོལ་གོལ་འཐོག་པར་བྱེད་ན། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number