28

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀིམ་པའི་འབྲས་བུ།
Tibetan Alternate
Tibetan Definition ཤིང་ཏོག་ཕྱི་བཟང་ལ་ནང་ངན་པ་དང་། དང་པོ་ཟ་བའི་ཚེ་ཞིམ་པ་ལྟར་སྣང་ཡང་། ཟོས་རྗེས་ནད་བསྐྱེད་ནས་སྡུག་བསྔལ་བ་ཞིག་གི་མིང་སྟེ། 《བརྡ་གསར་རྙིང་གི་བརྡ་ཆད་འགའ་ཞིག་གི་དྲིས་ལན》ལས། དེ་ལྟར་ན་འདོད་པ་རྣམས་ནི་བདེ་བ་ལྟར་སྣང་ཡང་ཕྱིས་འཕུང་བ་སྐྱེད་པར་བྱེད་པ་ཀིམ་པའི་འབྲས་བུ་དང་འདྲ་བར་རྒྱལ་བའི་དབང་པོས་དྲན་པ་ཉེ་བར་བཞག་པའི་མདོ་ལས་གསུངས་ཏེ། འབྲས་བུ་དེ་ནི་ཕྱི་བཟང་ལ་ནང་ངན་པ་ཞིག་ཡོད་ཅེས་གྲག་གོ། །ཞེས་གསུངས། དཔེར་ན། 《འདུལ་བ་ལུང་རྣམ་འབྱེད》ལས། ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་སྤྱོད་པར་བདག་མི་འཚལ། །འབྲས་བུ་བདུད་རྩི་རོ་བདའ་བའི། །ཚངས་སྤྱོད་བདག་གིས་སྤྱོད་པར་བགྱི། །ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number