3818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མ་སྟེས།
Tibetan Alternate
Tibetan Definition མ་ལེགས་པ་དང་ཉེས་པའི་མིང་སྟེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། མ་སྟེས་པ་ནི་མ་ལེགས་པ། ཞེས་དང་། 《བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད》ལས། ནོངས་དང་མ་སྟེས་ཉེས་པའི་མིང་། ། ཞེས་གསུངས། དཔེར་ན། 《འདུལ་བ་ལུང་གཞི》ལས། སྔོན་བྱུང་བ་རྔོན་པ་ཞིག་གིས་མདའ་དུག་ཅན་གྱིས་གླང་པོ་ཆེའི་གནད་དུ་བསྣུན་པ་དང་། དེ་ནས་དེ་གནད་ལ་བབ་པའི་ཚོར་བས་ཉེན་ཅིང་མདའི་ཕྱི་རྗེས་བཞིན་དུ་སོང་ནས་རྔོན་པ་དེ་སྲོག་དང་ཕྲལ་ལོ། ། ཇི་ཙམ་ན་མ་སྟེས་ཏེ་ཆོམ་རྐུན་པ་ལྔ་བརྒྱ་རི་འོར་ཞིག་བཅོམ་ནས་ཕྱོགས་དེར་ཕྱིན་པ་དང་། དེ་རྣམས་ཀྱིས་གླང་པོ་ཆེ་དེ་ཡང་ཕྲོགས་སོ། ། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number