4132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མི་མཇེད།
Tibetan Alternate
Tibetan Definition བཟོད་པའམ་སྲན་ཐུབ་པ་སོགས་དུ་མར་འཇུག་པར་སྣང་སྟེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། མི་མཇེད་པ་ནི་བཟོད་པའི་མིང་། འདི་ལ་བཤད་ལུགས་སྣ་ཚོགས་སྣང་། ཞེས་གསུངས་པ་ལྟར་ཏེ། 《རྒྱ་བོད་ཡིག་ཚང》ལས། མི་མཇེད་ཅེས་བྱ་བ་ནི། བཟོད་པའི་མིང་སྟེ། པད་དཀར་ལས། ཉོན་མོངས་པ་གསུམ་གྱིས། མི་འཕྲོག་ཅིང་། འདོད་གཅིག་བཟོད་ལ། དེ་ལ་སྲན་ཐུབ་པས་ན། མི་མཇེད་སངས་རྒྱས་ཀྱི་ཞིང་ཁམས་ཡིན་པས་ན། མི་མཇེད་ཀྱི་ཞིང་ཁམས་ཞེས་པའོ། ། ཞེས་དང་། 《བསྟན་འགྱུར་དཀར་ཆག》ལས། མི་མཇེད་ཅེས་བྱ་བ་ནི་བཟོད་པའམ་སྲན་ཐུབ་པའི་མིང་ཡིན་ཏེ། ཞིང་དེའི་སེམས་ཅན་རྣམས་ནི་ཉོན་མོངས་པ་དུག་གསུམ་ལ་མ་མཇེད་པའི་ཕྱིར། མི་མཇེད་ཅེས་བྱ་བའི་དོན་དུ་སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་བཤད་དོ། ། ཞེས་དང་། ཡང་དེ་ཉིད་ལས། དེ་ན་ཡོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ལས་ཏེ། སེམས་ཅན་མི་སྲུན་པ་རྣམས་ཀྱིས་དེ་དག་ལ་ཀུན་ནས་སྤྱོས་པ་དང་། བསྡིགས་པའི་ལས་ཀྱི་རྣམ་པར་གཙེ་བར་བྱས་ཀྱང་ཇི་མི་སྙམ་པར་མི་མཇེད་པའི་ཕྱིར། དེ་ལྟར་བརྗོད། ཅེས་དང་། 《བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས》ལས། མི་མཇེད་འཇིག་རྟེན་ཞེས། ཚིག་ཟུར་གྱི་མི་མཇེད་ནི། སྟོང་གསུམ་འཇིག་རྟེན་དེར་གནས་པའི་བྱང་སེམས་རྣམས་ཉོན་མོངས་དབང་དུ་འགྲོ་བ་དཀོན་པ་ལ་ཟེར། ཞེས་ཀྱང་བྱུང་ངོ་། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number