4187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མུ།
Tibetan Alternate
Tibetan Definition ཁ་དང་འགྲམ་གྱི་དོན་ལ་འཇུག་སྟེ།《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། མུ་ནི་ཁ་དང་འགྲམ། ཞེས་དང་། 《འདུལ་བའི་མདོ་རྒྱ་ཆེར་འགྲེལ》ལས། མུ་ཞེས་བྱ་བ་ཁ་ལོགས་ཀྱི་མུ་ལ་བྱ་སྟེ། ཅི་ནས་ཀྱང་མུ་དང་ཁ་ད་ཆད་དུ་གང་བར་འགྱུར་བ་དེ་ལྟར་བླང་བར་མྱི་བྱའོ། ། ཞེས་གསུངས། དཔེར་ན། 《སྤྲིན་གྱི་མདོ》ལས། མུ་དང་ཁ་ད་ཆད་དུ་གང་བར་འགྱུར། ཞེས་དང་། 《འདུལ་བ་ལུང་རྣམ་འབྱེད》ལས། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ། ། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number