4392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚིས་འཇམ།
Tibetan Alternate
Tibetan Definition སྤྱིར་ཚིས་ཞེས་པ་ཐབས་ཀྱི་མིང་སྟེ། 《བརྡ་ཡིག་བློ་གསལ་མགྲིན་རྒྱན》ལས། ཚིས་ནི་ཐབས་ཏེ་འཚོ་ཚིས་ནི་འཚོ་ཐབས་དང་། ཞེས་གསུངས་པ་ལྟར་དང་། ཚིས་འཇམ་ནི་སྲིད་ཇུས་འཇམ་པོའམ་ཐབས་ཤེས་བཟང་པོའི་དོན་ཏེ། དཔེར་ན། 《ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས》ལས། རྒྱལ་པོ་ཁྲི་ལྡེ་གཙུག་བརྩན་གྱི་རིང་ལ་རྗེད་གཤིན་ཆིས(ཚིས)འཇམ་སྟེ་མི་ཡོངས་ཀྱི་སྐྱིད་དོ། ། ཞེས་པ་ལྟ་བུའོ། ། གཞན་ཡང་། ཚིས་ཞེས་པ་ཕན་པའི་དོན་ལའང་འཇུག་སྟེ། 《ལམ་ཡིག་ཆོས་ཀྱི་འབྱུང་གནས》ལས། ངས་ཀྱང་ཕྱོགས་ཐམས་ཅད་ནས་ཁྱེད་ཀྱི་ཚིས་སུ་ཅི་འགྲོ་བྱེད། ལར་ཁྱེད་བོད་མི་ལ་འདི་ལྟར་སེམས་པ་ངོ་མཚར་ཆེ་ཞེས་བྱ་བ་ལ་སོགས་པ་གསུང་སྙན་པ་མང་པོ་བྱོན། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number