5997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྡོའི་སྙིང་པོ།
Tibetan Alternate
Tibetan Definition ཆུ་ནང་གི་རྡོ་ལས་སྐྱེས་པའི་རིན་པོ་ཆེ་མདོག་ནག་པོ་དང་དམར་པོ་སོགས་ཡོད་པ་ཞིག་གི་མིང་སྟེ།《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། རྡོའི་སྙིང་པོ་ནི་ཆུ་ནང་གི་རྡོ་ལས་སྐྱེས་པའི་ཚུལ་དུ་འབྱུང་བས་ན་རྡོའི་སྙིང་པོ་ཞེས་བྱ་ཞིང་། མདོག་གནག་པ་ལ་འོད་ཟེར་དམར་པོ་བྱུང་བ་དང་། ཡང་མདོག་དམར་པོར་བཤད་པ་དང་། འགའ་ཞིག་ཏུ་མརྒད་ལ་བཤད་པའང་སྣང་། ཞེས་གསུངས། དཔེར་ན། 《འདུལ་བའི་གླེང་འབུམ》ལས། རྒྱ་མཚོ་ཆེན་པོ་འདི་ན་ནོར་བུ་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་བ་དག་ཡོད་ཀྱིས། སུས་ལེན་འདོད་པ་རྣམས་རྒྱ་མཚོ་ཆེན་པོར་ཞུགས་ཤིག ཅེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number