From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| Tibetan
|
རྫིའུ་ཚོས།
|
| Tibetan Alternate
|
|
| Tibetan Definition
|
རྫ་མ་ཆུང་བའི་ནང་དུ་འབྲས་སོགས་བཙོས་པའི་མིང་སྟེ། 《བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་དོན》ལས། རྫིའུ་ཚོས་ནི། ལམ་རིམ་བ་སོའི་མཆན་ལས་རྫ་མ་ཆུང་ངུ་ལ་རྫིའུ་དང་དེའི་ནང་དུ་འབྲས་བཙོས་པ་ལ་རྫིའུ་ཚོས་ཟེར་ཞེས་འབྱུང་ངོ་། ། ཞེས་གསུངས། དཔེར་ན། 《རིན་ཆེན་ཕྲེང་བ》ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག ། ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། ། ཞེས་དང་། 《བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ》ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་ཞེས་པ་ནི་ལམ་རིམ་ཆེན་མོའི་མཆན་ལས། རྫིའུ་ནི་རྫ་སྣོད་ཆུང་ངུའི་མིང་སྟེ། དེ་སུམ་བརྒྱའི་ནང་དུ་གཅེས་སྤྲས་བྱས་ཏེ་བཙོས་པའི་ཁ་ཟས་བསོད་པ་ལ་བཤད། རྒྱལ་ཚབ་རྗེས་བྲེ་བཅུ་ལྷག་ཤོང་བའི་ཕྲུ་བ་ཡིན་པར་གསུངས་ཏེ། རིན་ཆེན་འཕྲེང་བའི་དར་ཊཱིཀ་ལས། འབྲས་ཐུག་གི་ཕྲུ་བ་བྲེ་བཅུ་ལྷག་བཙོར་བཏུབ་པ་སུམ་བརྒྱ་བཙོས་པ་དེ་ལ་ཚོད་མའི་སྣ་གྲངས་ཅན་དྲུག་ཅུ་དང་ལྡན་པའི་རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་ཞེས་གསུངས་སོ། ། ཞེས་པ་ལྟ་བུའོ། །
|
| Tibetan Source
|
|
| Wylie
|
|
| Wylie Definition
|
|
| Wylie Synonym
|
|
| Sanskrit
|
|
| English
|
|
| English Definition
|
|
| English Synonyms
|
|
| Chinese
|
|
| Chinese (Simplified)
|
|
| Chinese (Traditional)
|
|
| Chinese Definition
|
|
| Page Number
|
|