6252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྫོགས་སྷཱོ།
Tibetan Alternate
Tibetan Definition རྫོགས་སོ་ཞེས་པའི་དོན་ཏེ། 《གསར་རྙིང་བརྡའི་རྣམ་དབྱེ》ལས། རྫོགས་སོ་ལ་རྫོགས་སྷཱོ། ཞེས་དང་། 《དབྱངས་ཅན་དགའ་བློའི་བརྡ་དཀྲོལ》ལས། སྔོན་གྱི་ཡིག་རྙིང་རྣམས་སུ་རྫོགས་སོ་ལ་རྫོགས་སྷཱོ་ཞེས་ཧ་ཡིག་འདོགས་པར་མཛད་པ་དོན་མེད་མ་ཡིན་ཏེ། བོད་ཀྱི་བརྡ་རྙིང་དུ་རྫོགས་སྷཱོ་ཞེས་ཧ་ཡིག་གི་གདངས་ཤིག་ཐོན་པའི་རྒྱུ་མཚན་གྱིས་སོ། ། ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། དམྱིགས་སུ་མྱེད་པ་ཚུལ་གཅིག་པའི་གཞུང་རྣལ་འབྱོར་ཆེན་པོ་རྣམས་དགོས་པའི་དོན་དྲན་པའི་རྟེན་ཙམ་དུ་བྲིས་པ་རྫོགས་སྷཱོ། ། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number