6298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལ་བླན་ལུང་བཀུག
Tibetan Alternate
Tibetan Definition ཡར་རྒྱུག་མར་རྒྱུག་བྱས་པའི་དོན་ཏེ། 《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ》ལས། ལ་བླན་ལུང་བཀུག་བྱས་ཞེས་པ་ནི་ལ་གྱེན་ལ་ཡར་ཁ་གླན་པ་ལྟར་བྱས་ཤིང་ལུང་པ་ཐུར་ལ་ཚུར་བཀུག་པ་ལྟར་ཡང་མར་རྒྱུག་པར་བྱས་པ། ཞེས་གསུངས། དཔེར་ན། 《དཔེ་ཆོས་རིན་ཆེན་སྤུངས་པ》ལས། ད་ལྟ་མི་ནག་པ་ཀུན་གྱིས་རྐང་བྲག་རྡོ། ལག་ཁྲག་ཤིང་བྱས་ནས། ལ་བླན་ལུང་བཀུག་བྱས་ཀྱང་ལྟོ་རྒྱབ་མི་ཕྱིད་སྦྱོང་། ཆོས་མཛད་ཀུན་གྱིས་ཞེ་འདོད་སྐྱུངས་དམན་ས་བཟུང་ནས་དབེན་པར་བསྡད་ཀྱང་ཅི་ཟ་ཅི་འཐུང་ཡོང་བ་འདི། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number