6576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྡེམ་དགོངས།
Tibetan Alternate
Tibetan Definition ཀྱོག་པོར་དགོངས་པའི་མིང་སྟེ།《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག》ལས། ལྡེམ་དགོངས་ཀྱོག་པོར་དགོངས་པའི་མིང་།། ཞེས་གསུངས། དཔེར་ན། 《བེའུ་བུམ་སྔོན་པོའི་འགྲེལ་པ》ལས། ལྡེམ་དགོངས་ལ་བཞི་གསུངས་པ་ནི། ལྡེམ་པར་གང་ཟག་གི་བསམ་པ་ལ་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ཞེས་པའོ།། ཞེས་པ་ལྟ་བུའོ།། གཞན་ཡང་། ལྡེམ་དགོངས་ནི་མི་མཁྱེན་ཚུལ་ཡིན་པར་བཤད་པའང་ཡོད་དེ། 《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ལྡེམ་དགོངས་མི་མཁྱེན་ཚུལ། ཞེས་གསུངས་སོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number