6595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷ།
Tibetan Alternate
Tibetan Definition རྒྱལ་པོ་ནི་འཇིག་རྟེན་གྱི་ལྷ་དང་། རྒྱལ་ཆེན་རིས་བཞི་པ་སོགས་སྐྱེ་བོའི་ལྷ་དང་། འཕགས་པའི་གང་ཟག་སོགས་རྣམ་པར་དག་པའི་ལྷ་སྟེ་ལྷ་ཞེས་པ་དེ་གསུམ་ཀ་ལ་འཇུག་སྟེ།《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ལྷ་ཞེས་པའི་སྒྲ་ནི་རྒྱལ་པོ་འཇིག་རྟེན་གྱི་ལྷ་དང་། རྒྱལ་ཆེན་རིས་བཞི་པ་སོགས་ནི་སྐྱེ་བོའི་ལྷ་དང་། འཕགས་པའི་གང་ཟག་ནི་རྣམ་པར་དག་པའི་ལྷ་ཡིན་པར་མཚོ་ཊཱིཀ་ལས་གསུངས་པས། ལྷ་ཞེས་པ་དེ་གསུམ་ག་ལ་འཇུག་གོ།ཞེས་གསུངས། དཔེར་ན།《འདུལ་བ་ལུང་གཞི》ལས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ།ལྷ་གལ་ཏེ་གྲོང་ཁྱེར་གྱི་སྒོ་མ་བཀུམ་ན་རིང་པོ་མི་ཐོག་པར་གྲུ་འཛིན་སྟོང་པར་འགྱུར་རོ།། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number