6664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤ་ཟ།
Tibetan Alternate
Tibetan Definition ཡི་དྭགས་ཀྱི་བྱེ་བྲག་ཐེའུ་རང་ནག་པོ་ཆེན་པོ་སོགས་ཀྱི་མིང་སྟེ། 《འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད》ལས། ཤ་ཟ་ནི་ཡི་དྭགས་ཀྱི་བྱེ་བྲག་སྟེ་ཤ་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པ་དང་། ཤེས་རབ་བྱེད་པ་ལས། ཤ་ཟ་ནི་མི་ལ་ཀྱལ་ཀ་བྱེད་པ་དེན་པོའམ་ཐེའུ་རང་ལྟ་བུའོ་ཞེས་དང་། ། གཞི་འགྲེལ་ལས། ཡི་དྭགས་ཞེས་བྱ་བ་ནི་རྐང་པ་ཕྱིར་ལྟོ་བ་ལྟོགས་པ་རྣམས་སོ། ། ཤ་ཟ་ཞེས་བྱ་བ་ནི་ཡི་དྭགས་བྱེ་བྲག་སྟེ་ཤ་ཁྲག་ཟ་བ་ནག་པོ་ལ་སོགས་པའོ་ཞེས་བཤད་དོ། ། ཞེས་གསུངས། དཔེར་ན། 《འདུལ་བའི་ལུང་རྣམ་འབྱེད》ལས། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དྲི་བཤང་བ་དང་། གཅི་བ་དང་། ར་དང་རའི་ཟེ་བའི་དྲི་ལྟ་བུ་དྲི་ཡིད་དུ་མི་འོང་བ་དག་ཡོད་དེ། ཞེས་པ་ལྟ་བུའོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number