7238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོང་ཁུན།
Tibetan Alternate
Tibetan Definition ཤར་ཕྱོགས་རྒྱལ་པོ་ཞེས་པའི་རྒྱ་སྐད་སྒྲ་བསྒྱུར་བྱས་པ་ཡིན་པའི་བཞེད་སྲོལ་འདུག་སྟེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སྟོང་ཁུན་ཞེས་པ་རྒྱ་ནག་གི་སྐད་东国ཞེས་པ་ཡིན་ཏེ་ཏཱུང་ནི་ཤར་དང་གོ་ནི་རྒྱལ་ཁབ་ཡིན་པས་ན། དོན་ལ་རྒྱ་ནག་ཤར་ཕྱོགས་རྒྱལ་པོ་འདྲ་ཞེས་པའོ།། ཞེས་གསུངས་པ་དང་། ནག་ཚོས་མཛད་པའི་《བསྟོད་པ་བརྒྱད་ཅུ་པ》ལས། ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། ཞེས་དང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱུངས》ལས། སྟོང་ཁུན་མཛངས་མའི་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་གན་གོས་ཁ་དོག་སྣ་ཚོགས་ལས་གྲུབ་པའི་སྐུ་བརྙན། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number