7250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྟོབས་པ།
Tibetan Alternate
Tibetan Definition མགྲོན་དུ་གཉེར་བའམ། འབྲིམས་པ་དང་། འབུལ་བ། སྟེར་བ་དང་། ཐོགས་པའམ་འཛིན་པ་སོགས་དུ་མར་འཇུག་སྟེ།《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྟོབས་པ་མགྲོན་དུ་གཉེར་བའམ།། འབྲིམས་དང་འབུལ་དང་སྟེར་བའི་མིང་། ཞེས་གསུངས། དཔེར་ན། མགྲོན་དུ་གཉེར་བའམ་འབུལ་བ་ལ་འཇུག་པ་ནི། 《ཕལ་པོ་ཆེའི་མདོ》ལས། སེམས་ཅན་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་མོས་པ་སྣ་ཚོགས་ཅན་རྣམས་ཀྱང་ཅི་ལ་དགའ་བའི་ཁ་ཟས་ཀྱིས་ཡོངས་སུ་ཚིམ་པར་བྱེད་དོ།། ཡོངས་སུ་སྟོབས་པར་བྱེད་དོ།། ཞེས་པ་ལྟ་བུའོ།། སྟེར་བ་ལ་འཇུག་པ་ནི། 《མཛངས་བླུན་ཞེས་བྱ་བའི་མདོ》ལས། རྒོད་མ་མ་སྨད་གཉིས་ཐོགས་ལ་ལྷན་ཅིག་ཏུ་རྩྭ་བཟང་པོ་ཞིག་བྱིན་ཅིག་དང་། མ་གང་ཡིན་པ་དེ་ནི་རྩྭ་མཆུས་ཕུལ་ཏེ་བུ་ལ་སྟོབས་སོ།། ཞེས་པ་ལྟ་བུའོ།། ཐོགས་པའམ་འཛིན་པ་ལམའཇུག་པ་ནི།《བཀའ་ཆེམས་ཀ་ཁོལ་མ》ལས། གཏེར་གྱི་བུམ་པ་སྟོབས་པ་འཁོར་དགུ་བཞེངས། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number