7299

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྣ་ཤ་སྦྱིན་ཏུ་མི་བཏུབ།
Tibetan Alternate
Tibetan Definition སྣ་ཐག་སྦྱིན་མི་རུང་བ་ཞེས་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྣ་ཤ་སྦྱིན་ཏུ་མི་བཏུབ་ནི་སྣ་ཐག་སྦྱིན་མི་རུང་བ་སྟེ། སུ་ལའང་དབང་མི་སྟེར་བའི་དོན། ཞེས་དང་། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སྣ་ཤ་སྦྱིན་ཏུ་མི་བཏུབ་ནི། སྣ་ཤའམ་སྣ་ཐག་སྦྱིན་མི་རུང་ཞེས་པ་སྟེ། གླང་ངམ་རྔ་མོང་ལྟ་བུ་སྣ་ཐག་གཞན་ལག་ཏུ་ཤོར་ན་གང་འཁྲིད་པར་འགྲོ་དགོས་པ་ལྟར། དབང་སུ་ཡིན་ལ་སྟེར་མི་ཆོག་པའི་དོན་ནོ།། ཞེས་གསུངས་པ་ལྟར་རོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number