7380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྤུ།
Tibetan Alternate
Tibetan Definition བོད་ཀྱི་བཙན་པོ་རིམ་བྱོན་གྱི་གདུང་རུས་ཀྱི་མིང་སྟེ།《དབོན་ཞང་དབུ་སྙུང་གི་རྡོ་རིང》ལས། འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་། ཞེས་པ་ལྟ་བུའོ།། འདིར་སྤུའམ་སྤུ་རྒྱལ་ཞེས་པའི་ཐ་སྙད་བྱུང་ཚུལ་ནི《ལྡེའུ་ཆོས་འབྱུང》དང《ཡུལ་བུ་བླ་སྒང་གི་དཀར་ཆག》སོགས་ཀྱི་ནང་དུ། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་བུ་ཨུ་བེ་ར་བྱ་བ་དེས་བོད་ཀྱི་རྗེ་བོ་མཛད་ནས་མཚན་གཉའ་ཁྲི་བཙན་པོ་ཐོགས་པར་གསུངས་པ་ལས་གོ་བདེ་བར་སྙམ་མོ། འདི་ལ་པུ་ཞེས་བྲིས་པ་ཡོད་དེ།《བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ》ལས། པུ་རྒྱལ་བོད་ཅེས་ཐོག་མའི་རྒྱལ་པོའི་ཡུལ།། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number