7388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྤུ་ལ་བབ་པ།
Tibetan Alternate
Tibetan Definition རུང་བའམ་བློ་ལ་འབབ་པའི་དོན་ཏེ། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། སྤུ་ལ་བབ་ནི་རུང་བའམ།། བློ་ལ་འབབ་པའི་དོན་དུ་གྲགས།། ཞེས་དང་།《གསར་རྙིང་བརྡའི་རྣམ་དབྱེ》ལས། སྤུ་ལ་བབ་པ་ནི་རུང་བ་སྟེ། སྤུས་བརྟགས་པ་ལ་སྤུས་ཕབ་པ་ཟེར་བའང་ཡོད་ཅེས་བརྡ་དབྱེ་ནས་བྱུང་། ཞེས་གསུངས། དཔེར་ན། 《ཏུན་ཧོང་གཏེར་ཡིག་གནའ་བོའི་བོད་ཡིག་ཤོག་དྲིལ 》ལས། ལུགས་ཀྱིས་ཀྱང་ཕུ་བོས་བྱ་བ་ཡིན་ལ། རྒྱལ་པོ་སྤུ་ལ་ཡང་ར་མ་ན་འབབ་པས་རྒྱལ་སྲིད་པུ(ཕུ)བོ་ལ་བསྟགབས་པ། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number