From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| Tibetan
|
གཤེ་བ།
|
| Tibetan Alternate
|
|
| Tibetan Definition
|
ཁྱིམ་པའམ་སྐྱ་བོའི་ཕྱོགས་ཀྱི་སྐྱོན་གྱིས་སྨོད་པའི་དོན་ཏེ། 《གནམ་རྩེ་ལྡེང་མའི་བརྡ་དོན》ལས། གཤེ་བ་དང་སྦྱོ་བའི་ཁྱད་པར་ནི་མཚོ་ཊིཀ་ལས། གཤེ་བ་ནི་ཁྱིམ་པའི་ཕྱོགས་ཀྱི་སྐྱོན་གྱིས་སྨོད་པ་སྟེ། སྤྱོ་བ་ནི་རབ་ཏུ་བྱུང་བའི་སྐྱོན་གྱིས་སྨོད་པའོ། ། འཚོ་བ་དང་ལྟ་བ་ཉམས་པའི་སྒོ་ནས་གཤེ་བ་དང་། ཚུལ་ཁྲིམས་དང་ཆོ་ག་ཉམས་པའི་སྒོ་ནས་སྤྱོ་བའོ། ། ཞེས་དང་། 《བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ》ལས། གཤེ་བ་སྦྱོ་བའམ་སྐུར་འདེབས་མིང་། ། ཞེས་གསུངས། དཔེར་ན། 《དག་ཡིག་ལེགས་བཤད་ཚིག་གཏེར》ལས། ཀྱེ་མ་སྙིགས་དུས་འདིར་སྐྱེས་པས། ། ཁྲི་གཙུག་བསྟན་ལ་གཤེ་བ་ཚོར། ། ཞེས་པ་ལྟ་བུའོ། །
|
| Tibetan Source
|
|
| Wylie
|
|
| Wylie Definition
|
|
| Wylie Synonym
|
|
| Sanskrit
|
|
| English
|
|
| English Definition
|
|
| English Synonyms
|
|
| Chinese
|
|
| Chinese (Simplified)
|
|
| Chinese (Traditional)
|
|
| Chinese Definition
|
|
| Page Number
|
|