1

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་དང་པོ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མགྲིན་པ་དང༌། བྱེད་པ་ལྕེའི་རྩ་བ། སྒྲ་འབྱིན་ཚུལ་དམ་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཕོ་ཡིག་ཅིག།
ཀ་ (2)
Part of speech མིང་ཚིག
Definition ཀ་བ་ཞེས་པའི་མིང་མཐའ་བསྡུས་པ་སྟེ།
Keyword True
Example ཁང་པའི་ཀ ཤུག་པའི་ཀ་ལྟ་བུ།
ཀ་ (1)
Part of speech གྲོགས་ཚིག
Definition རྟགས་མཚུངས་འདྲེན་པའི་སྐབས། ག་ད་བ་ས་བཞི་སྟེ་རྗེས་འཇུག་ཕོ་ཡིག་གིས་དྲངས་པའི་མིང་གི་ཆ་ཤས་ཤིག་ཡིན།
Example ཐོག་ཀའི་ཁང་མིག དཔྱིད་ཀ དཔྱིད་ཀའི་མེ་ཏོག ཐབ་ཀ ངེད་གཉིས་ཀས་སློབ་སྦྱོང་བྱེད་ལྟ་བུ།
ཀ་ (2)
Part of speech གྲོགས་ཚིག
Definition གཅིག་གཉིས་སོགས་གྲངས་ཀྱི་མཐའ་ལ་སྦྱར་ན། ཚང་མའམ་ཐམས་ཅད་ཅེས་པའི་དོན་སྟོན་པའི་ཆ་ཤས་ཤིག་ཡིན།
Example སྔ་ཕྱི་གཉིས་ཀ སྟོང་ཕྲག་གཉིས་ཀ མི་གཉིས་ཀ་ལྟ་བུ།