100059
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྤྱིར་བུ་མོ་སུ་ཞིག་བག་མར་རྫོང་ལོའི་བབས་སྤར་གྱི་ཁམས་རང་ལོའི་སྲོག་དང་སྐྱེས་སྤར་གང་རུང་གི་ཁམས་ཀྱི་དགྲར་འགྲོ་བ་ལ་ཟེར་ཞིང་། ཞིབ་ཙམ་བྱས་ན་སྲོག་གཅིག་པུ་མ་ཡིན་པར་ལུས་དབང་ཀླུང་གསུམ་ལས་གང་གི་དགྲར་སོང་ཡང་སྤར་ཁའི་ངན་ཀླུང་ཡིན། གལ་སྲིད་བག་མ་ལྕགས་བྱི་ལོ་མ་ཡིན་པར་ཆ་བཞག་ན། སྲོག་ཁམས་ཆུ། ལུས་ཁམས་ས། དབང་ཁམས་ལྕགས། ཀླུང་ཁམས་ཤིང་བཅས་ཡིན་པས། བབས་སྤར་ཁོན་ལ་བབས་ན་སྲོག་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་བུད་བབས་ཡིན་པས་ཕྱུགས་གཅིག་ཚེ་ཐར་ལ་གཏོང་བ་དང་བྱིས་སྟོན་རྒྱ་ཆེར་བྱེད་དགོས། བབས་སྤར་ཟིན་ལ་བབས་ན་ལུས་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ན་ཚ་མོད་པས་འགྲོ་བའི་ཉིན་འབྲུ་བདུན་གྱི་ཆོ་ག་གོས་སེར་བསྐོན་དགོས། བབས་སྤར་ལི་ལ་བབས་ན་དབང་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ཁ་ཉེས་ས་ཡིན་པས་གོས་དཀར་བསྐོན་ནས་ཐུར་དུ་རྫོང་དགོས། བབས་སྤར་དྭ་ལ་བབས་ན་ཀླུང་ཁམས་ཀྱི་དགྲ་སྤར་ཡིན་ལ། དུས་དེར་བརྫངས་ན་ན་ཚའི་ཉེན་དང་འདྲེ་ཡིས་བརླག་ལྟས་ཡོད་པས། གཙུག་ཏོར་ནག་མོ་ལོ་གྲངས་བཏོན་ནས་སྲུང་བ་བཏགས་ཏེ་བསྐྱལ་དགོས། གཞན་ཡང་རང་ལོ་གླང་སྟག་ཡོས་གསུམ་དུ་གཏོགས་པའི་མག་བག་བབས་སྤར་གིན་དང་། འབྲུག་སྦྲུལ་རྟ་གསུམ་དུ་གཏོགས་པའི་མག་བག་བབས་སྤར་ཟོན། ལུག་སྤྲེལ་བྱ་གསུམ་དུ་གཏོགསཔའི་མག་བག་བབས་སྤར་ཁོན། ཁྱི་ཕག་བྱི་གསུམ་དུ་གཏོགས་པའི་མག་བག་བབས་སྤར་ཁེན་བཅས་ལ་བབས་དུས་བཟའ་མི་བྱེ་བྲལ་བྱེད་པའི་ས་ཡིན་པས། དུས་དེར་ཡང་བག་མ་གཏོང་ལེན་བྱེད་པར་འཛེམ་དགོས། |
Domain | རྩིས་རིག |
{{#arraymap:སྤར་ཁའི་ངན་ཀླུང་
|; |@@@ | | }}