100180

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤུན་པ་ (1)
Part of speech མིང་ཚིག
Definition བསྟུན་པའི་དོན་ལ་འཇུག་སྟེ། གསར་རྙིང་བརྡའི་རྣམ་དབྱེ་ལས། སྤུན་པ་ནི་བསྟུན་པ་ཞེས་གསུངས།
སྤུན་པ་ (2)
Part of speech མིང་ཚིག
Definition བསྲེས་པའི་དོན་ལ་འཇུག་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། སྤུན་པ་ཞེས་པ་ནི་བསྲེས་པ་ཞེས་གསུངས།
སྤུན་པ་ (3)
Part of speech མིང་ཚིག
Definition ཤུན་པ་ལའང་འཇུག་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། སྤུན་པ་ནི་ཤུན་པ་ལའང་འཇུག་ཅེས་གསུངས།
སྤུན་པ་ (1)
Part of speech རྒྱན་ཚིག
Definition བརྫུན་པའི་དོན་ལ་འཇུག་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། འཕྱོ་བ་འགེམས་པ་སྤུན་པ་ལ། །ལྡིང་བ་འཇོམས་པ་བརྫུན་པ་ཟེར་ཞེས་གསུངས།
Type བརྡ་རྙིང་།