10024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་ (1)
Part of speech མིང་ཚིག
Definition ལྭ་བ་སོགས་ཀྱི་སྲུབས་མི་འཕར་བའམ་ཡ་སྡེབ་མི་འཆོར་བར་སྦྲེལ་བྱེད་ཀྱི་སྐུད་པ་སོགས་ཀྱི་མིང་།
Example གྱོན་ཆས་ལ་གཟུངས་བཏབ། ཁབ་གཟུངས་ལྟ་བུ།

{{#arraymap:གཟུངས་

|; |@@@ | | }}

གཟུངས་ (2)
Part of speech མིང་ཚིག
Definition མདོ། གཟུངས་ཀྱི་རྒྱུ་ནི། སྔོན་གྱི་དགེ་བ་དང་ཚེ་འདིའི་ཐོས་པ་དང་ཏིང་ངེ་འཛིན་རྣམ་དག་དང་གསུམ་སྟེ། དང་པོ་གཉིས་ཀྱིས་ཚིག་དང་དོན་གྱི་གཟུངས་གཉིས་ཀྱི་རྒྱུ་བྱེད་ལ། ཏིང་ངེ་འཛིན་ནི་ཐམས་ཅད་ཀྱི་རྒྱུའོ། །རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང་། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཞེས་སོ། །སྒྲ་དོན་ནི། དྷ་ར་ཞེས་པའི་སྒྲ་ནི་འཛིན་པ་ལ་འཇུག་པས་འཛིན་པར་བྱེད་པས་གཟུངས་ཏེ་ཆོས་རྣམས་ཀྱི་ཚིག་དང་དོན་དང་ལེགས་པའི་ལམ་འཛིན་པའོ། །ཞེས་དང། གྲངས་ངེས་ནི་གཟུང་བྱའི་ཆོས་ལ་ཚིག་དང་དོན་དང་ཡུལ་ཅན་རྟོགས་པ་དང་གསུམ་ཡིན་ལ། རྟོགས་པ་ལ་རང་དོན་དང་གཞན་དོན་གཉིས་སུ་ངེས་པས་འཛིན་བྱེད་གཟུངས་བཞིར་ངེས་སོ། །ས་མཚམས་ནི་བྱང་ས་ལས། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པ་ནི་སྔར་ནས་ཡོད་ཅིང་། བརྟན་པ་དང་རྒྱ་ཆེ་བའི་དབང་དུ་བྱས་པའི་བཟོད་པའི་གཟུངས་ནི་མོས་སྤྱོད་དང་གཞན་གསུམ་ས་དང་པོར་ཐོབ་པར་བཤད་དོ། །སྔར་སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་ཀྱང་བརྟན་པ་དང་རྒྱ་ཆེ་བ་ནི་མ་ཡིན། ཞེས་སོ། །འོན་ཀྱང་བཟོད་པ་དངོས་ནི་ས་དང་པོར་ཐོབ་པར་གསལ་ལོ། །བྱེད་ལས་ནི་རང་གིས་ཆོས་མི་བརྗེད་པར་འཛིན་པ་དང་གཞན་ལའང་ཆོས་སྟོན་པའི་ལས་མཛད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:གཟུངས་

|; |@@@ | | }}

གཟུངས་ (2)
Part of speech མིང་ཚིག
Definition གཟུངས་སྤྱིའི་མཚན་ཉིད་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དམ་པའི་ཆོས་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །དབྱེ་ན། ཚིག་གི་གཟུངས། དོན་གྱི་གཟུངས། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །

{{#arraymap:གཟུངས་

|; |@@@ | | }}

གཟུངས་ (3)
Part of speech མིང་ཚིག
Definition གཟུངས་སྤྱིའི་མཚན་ཉིད་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དམ་པའི་ཆོས་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་ནོ། །དབྱེ་ན། ཚིག་གི་གཟུངས། དོན་གྱི་གཟུངས། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས།

{{#arraymap:གཟུངས་

|; |@@@ | | }}

གཟུངས་ (4)
Part of speech མིང་ཚིག
Definition དམ་པའི་ཆོས་འཛིན་ཞིང་སྤེལ་བར་བྱེད་པའི་ཐབས་རྣམ་དག་གང་ཞིག དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིགས་སུ་གནས་པའི་རིག་པ། གཟུངས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཚིག་གི་གཟུངས། དོན་གྱི་གཟུངས། སྔགས་ཀྱི་གཟུངས། བཟོད་པའི་གཟུངས་དང་བཞི། དང་པོ་ནི། གསུང་རབ་ཀྱི་ཚིག་མི་བརྗེད་པར་འཛིན་པའི་གཟུངས་ལྟ་བུ། གཉིས་པ་ནི། དོན་མི་བརྗེད་པར་འཛིན་པའི་གཟུངས་ལྟ་བུ། གསུམ་པ་ནི། གསང་སྔགས་ཁྱད་པར་ཅན་རྩོམ་པའི་གཟུངས་ལྟ་བུ། བཞི་པ་ནི། སྟོང་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི་གཟུངས་ལྟ་བུའོ། །ཡང་དེ་ལ་ངོ་བོའི་སྒོ་ནས་ཆུང་ངུ་འབྲིང་ཆེན་པོ་དང་རྣམ་པ་གསུམ། ཆེན་པོ་ལ་ཡང་ཆེན་པོའི་ཆུང་ངུ་ཆེན་པོའི་འབྲིང༌། ཆེན་པོའི་ཆེན་པོ་རྣམ་པ་གསུམ། དང་པོ་ནི། དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་གཟུངས་ལྟ་བུ། གཉིས་པ་ནི། ཚེ་འདིར་མང་ཐོས་བསྒོམས་པའི་སྟོབས་ལས་སྐྱེས་པའི་གཟུངས་ལྟ་བུ། གསུམ་པ་ནི། ཏིང་ངེ་འཛིན་བསྒོམ་པའི་སྟོབས་ལས་སྐྱེས་པའི་གཟུངས་ལྟ་བུ། བཞི་པ་ནི། བྱང་སེམས་ཚོགས་སྦྱོར་བའི་གཟུངས་ལྟ་བུ། ལྔ་པ་ནི། མ་དག་ས་བདུན་གྱི་གཟུངས་ལྟ་བུ། དྲུག་པ་ནི། དག་སའི་གཟུངས་ལྟ་བུའོ། ས་མཚམས་ནི། ལམ་མ་བཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །

{{#arraymap:གཟུངས་

|; |@@@ | | }}