10027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་ཀྱི་ཚོགས་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྐབས་འདིར་གཟུངས་ཞེས་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་ཅིང་དེའི་དོན་ལེགས་པར་རྟོགས་པ་དང་ཆོས་གསུང་རབ་ཀྱི་ཚིག་དོན་མི་བརྗེད་པར་བསྐལ་བའི་བར་དུ་འཛིན་ནུས་པའི་དྲན་པ་དང་ཤེས་རབ་གང་རུང་ཞིག་ལ་ཟེར། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། བཞི་པ་ཚོགས་སྒྲུབ་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ཡོད་དེ། གཟུངས་ཀྱི་ཚོགས་སྒྲུབ་བཤད་པ། ཡེ་ཤེས་ཀྱི་ཚོགས་སྒྲུབ་བཤད་པ། སའི་ཚོགས་སྒྲུབ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་ཡོད་དེ། ངོ་བོ། དབྱེ་བ། བྱེད་ལས། ས་མཚམས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རང་དང་མཚུངས་ལྡན་གྱི་ཞི་གནས་དང་མཚུངས་པར་ལྡན་ཞིང་ངན་འགྲོར་སྐྱེ་བ་འགོག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར་ཏེ། འགྲེལ་ཆེན་ལས། གཟུངས་ཀྱི་རང་བཞིན་དྲན་པ་དང་ཤེས་རབ་སྟེ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་ལ་གཟུངས་ཞེས་བྱའོ། །ཞེས་གསུངས། གཉིས་པ་ཡོད་དེ། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས། ཚིག་གི་གཟུངས། དོན་གྱི་གཟུངས་རྣམས་སུ་ཡོད་པའི་ཕྱིར། དང་པོའི་ངོ་བོ་ཡོད་དེ། ཨ་ལ་སོགས་པའི་ཡེ་གེ་ཞེ་གཉིས་ཀྱི་དོན་ལ་དཔྱད་ནས། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཞེས་ཡི་གེའི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་བསྒོམས་པས་དེ་ལ་མི་སྐྲག་ཅིང། ལས་ཉོན་གྱི་དབང་གིས་ངན་འགྲོར་སྐྱེ་བ་འགོག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་དྲན་པ་དང་ཤེས་རབ་གང་རུང་གི་བསྡུས་པའི་སེམས་བྱུང་ལྟ་བུ་ལ་འཇོག་པའི་ཕྱིར། གཉིས་པའི་ངོ་བོ་ཡོད་དེ། ཡི་གེའི་གནས་ལུགས་རྟོགས་པའི་སྟོབས་ཀྱིས་སྡིག་པ་ཞི་བ་ལ་སོགས་པ་གཞན་སྐྱོབ་པར་ནུས་པའི་སྔགས་བརྩམ་ནུས་ཤིང། ངན་འགྲོར་སྐྱེ་བ་འགོག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། གསུམ་པའི་ངོ་བོ་ཡོད་དེ། གསུང་རབ་ཀྱི་ཚིག་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་ནུས་ཤིང། ངན་འགྲོར་སྐྱེ་བ་འགོག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། བཞི་པའི་ངོ་བོ་ཡོད་དེ། གསུང་རབ་ཀྱི་དོན་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་ནུས་ཤིང། ངན་འགྲོར་སྐྱེ་བ་འགོག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་ཞིག་ལ་འཇོག་པའི་ཕྱིར། གསུམ་པ་གཟུངས་བཞིའི་བྱེད་ལས་ཡོད་དེ། དམ་པའི་ཆོས་རང་གིས་འཛིན་ཞིང་གཞན་ལ་སྟོན་པར་བྱེད་པའི་བྱེད་ལས་དང་ལྡན་པའི་ཕྱིར། བཞི་པ་ས་མཚམས་ཡོད་དེ། གཟུངས་བཞི་ཀ་སྦྱོར་ལམ་བཟོད་པ་ནས་འཇོག་པར་རྣམ་བཤད་ལས་གསུངས་པའི་ཕྱིར། ཞེས་གསུངས། ཕར་ཕྱིན་མཐའ་དཔྱོད་ལས་ཀྱང་དེ་དང་མཐུན་པར་གསུངས།
Domain ཆོས་ལུགས།

{{#arraymap:གཟུངས་ཀྱི་ཚོགས་སྒྲུབ་

|; |@@@ | | }}