100272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོ་བ་ནོད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤོ་བ་ཕྱིར་བཅོས་པའི་དགོས་པ་ནི། རང་གི་ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་དྲུག་ལས། ཡུལ་གང་ལ་ནོད་པ་ནི་དགེ་འདུན་མཚན་ཉིད་བཞི་དང་ལྡན་པ་སྟེ་བཞི་ཡན་ཆད་ཀྱི་གྲངས་ཚང་ཁ་སྐོང་བར་འོས་མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང་ལས་བྱེད་པ་པོ་དང་བཅས་པ་སྔར་བསྟན་པ་བཞིན་ནོ། །རྟེན་གང་གིས་ནོད་པ་ནི། ཐུན་མོང་བ་བརྒྱད་ནི་ལས་གཞིར་སྨོས་ལ། སྔར་སྤོ་བ་ནོད་པ་དང་མ་འབྲེལ་བ་དང་། གང་ཟག་ཁྱད་པ་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་གྱིས་ནོད་པའོ། །ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི་རང་གི་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། གང་ཟག་ཁྱད་པར་ཅན་མ་ཡིན་པར་བདག་གི་རྒྱུད་དུ་འབྲེལ་བ་ཡོད་པ་དང་། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་སྟེ། ལྟུང་བ་ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །ཡུན་ཇི་སྲིད་དུ་སྤོ་བ་ནོད་པ་ནི། ཡུན་ཇི་སྲིད་དུ་བཅབས་པ་དེ་སྲིད་དུའོ། །དེའང་ལྷག་མའི་ལྟུང་བ་དུ་མ་སྔ་ཕྱིར་བྱུང་བ་སྟེ། འཆབ་པའི་དུས་རིང་ཐུང་ཡོད་ན་ནི་དུས་རིང་ཤོས་དེ་སྲིད་དུའོ། །ཆོ་ག་གང་གིས་ནོད་ཅིང་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང་། རྒན་པའི་མཐའ་ལོགས་ནས་ཕྱག་འཚལ་བ་དང་། ལྷམ་ཕུད་དེ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པ་དང་། རང་གིས་ལན་གསུམ་གསོལ་བ་གདབ་པས་ནོད་པའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །སྒྲ་བཤད་པ་ནི་ས་རང་བཞིན་དུ་གནས་པ་ལས་དམན་པའི་སར་སྤོ་བ་ཡིན་པས་ན་སྤོ་བ་ཞེས་བྱའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤོ་བ་ནོད་པ་

|; |@@@ | | }}