100316
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ ངེས་པར་འབྱུང་བས་འདོད་པ་ལ་འདུན་པ་སྤངས་པའི་ཚུལ་ཁྲིམས། ༢ གནོད་སེམས་མེད་པས་གནོད་སེམས་སྤངས་པའི་ཚུལ་ཁྲིམས། ༣ སྣང་བའི་འདུ་ཤེས་ཀྱིས་རྨུགས་པ་དང་གཉིད་སྤངས་པའི་ཚུལ་ཁྲིམས། ༤ མི་གཡེང་བས་རྒོད་པ་སྤངས་པའི་ཚུལ་ཁྲིམས། ༥ ཆོས་རྣམ་པར་བཞག་པས་ཐེ་ཚོམ་སྤངས་པའི་ཚུལ་ཁྲིམས། ༦ ཡེ་ཤེས་ཀྱིས་མ་རིག་པ་སྤངས་པའི་ཚུལ་ཁྲིམས། ༧ རབ་ཏུ་དགའ་བས་མི་དགའ་བ་སྤངས་པའི་ཚུལ་ཁྲིམས། ༨ བསམ་གཏན་དང་པོས་སྒྲིབ་པ་རྣམས་སྤངས་པའི་ཚུལ་ཁྲིམས། ༩ བསམ་གཏན་གཉིས་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་རྣམས་སྤངས་པའི་ཚུལ་ཁྲིམས། ༡༠ བསམ་གཏན་གསུམ་པས་དགའ་བ་སྤངས་པའི་ཚུལ་ཁྲིམས། ༡༡ བསམ་གཏན་བཞི་པས་བདེ་བ་སྡུག་བསྔལ་དག་སྤངས་པའི་ཚུལ་ཁྲིམས། ༡༢ ནམ་མཁའ་མཐའ་ཡས་ལ་སྙོམས་པར་འཇུག་པས་གཟུགས་ཀྱི་འདུ་ཤེས་དང༌། ཐོགས་པའི་འདུ་ཤེས་དང༌། ཐ་དད་པའི་འདུ་ཤེས་རྣམས་སྤངས་པའི་ཚུལ་ཁྲིམས། ༡༣ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པས་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས། ༡༤ ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས། ༡༥ འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས། ༡༦ མི་རྟག་པ་རྗེས་སུ་མཐོང་བས་རྟག་པའི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས། ༡༧ སྡུག་བསྔལ་རྗེས་སུ་མཐོང་བས་བདེ་བའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས། ༡༨ བདག་མེད་པ་རྗེས་སུ་མཐོང་བས་བདག་གི་འདུ་ཤེས་སྤོངས་བའི་ཚུལ་ཁྲིམས། ༡༩ ཡིད་འབྱུང་བ་རྗེས་སུ་མཐོང་བས་དགའ་བ་སྤོང་བའི་ཚུལ་ཁྲིམས། ༢༠ ཆགས་བྲལ་རྗེས་སུ་མཐོང་བས་ཆགས་པ་སྤོངས་བའི་ཚུལ་ཁྲིམས། ༢༡ འགོག་པ་རྗེས་སུ་མཐོང་བས་ཀུན་འབྱུང་སྤོང་བའི་ཚུལ་ཁྲིམས། ༢༢ སོ་སོར་སྤོང་བ་རྗེས་སུ་མཐོང་བས་ཉེ་བར་ལེན་པ་སྤོང་བའི་ཚུལ་ཁྲིམས། ༢༣ ཟད་པ་རྗེས་སུ་མཐོང་བས་སྡུག་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས། ༢༤ འགག་པ་རྗེས་སུ་མཐོང་བས་ཀུན་དུ་འདུ་བྱེད་པ་སྤོང་བའི་ཚུལ་ཁྲིམས། ༢༥ ཡོངས་སུ་འགྱུར་བ་རྗེས་སུ་མཐོང་བས་བརྟེན་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས། ༢༦ མཚན་མ་མེད་པ་རྗེས་སུ་མཐོང་བས་མཚན་མའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས། ༢༧ སྨོན་པ་མེད་པ་རྗེས་སུ་མཐོང་བས་སྨོན་པ་སྤོང་བའི་ཚུལ་ཁྲིམས། ༢༨ སྟོང་པ་ཉིད་རྗེས་སུ་མཐོང་བས་བདག་ཏུ་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས། ༢༩ ལྷག་པའི་ཤེས་རབ་ཀྱིས་ཆོས་རྣམས་ངེས་པར་མཐོང་བས་དཔའ་ཞུམ་པའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས། ༣༠ ཡང་དག་པ་ཅི་ལྟ་བར་ཤེས་པ་མཐོང་བས་རྨོངས་པའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས། ༣༡ འཚོ་བ་རྗེས་སུ་མཐོང་བས་གནས་ལ་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས། ༣༢ སོ་སོར་རྟོག་པ་རྗེས་སུ་མཐོང་བས་སོ་སོར་རྟོག་པ་མ་ཡིན་པ་སྤོང་བའི་ཚུལ་ཁྲིམས། ༣༣ རྣམ་པར་རྟོག་པ་རྗེས་སུ་མཐོང་བས་ཀུན་ཏུ་སྦྱོར་བའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས། ༣༤ རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་ལྟ་བ་དང༌གནས་གཅིག་པའི་ཉོན་མོངས་པ་རྣམས་སྤོང་བའི་ཚུལ་ཁྲིམས། ༣༥ ལན་ཅིག་ཕྱིར་འོང་བའི་ལམ་གྱིས་ཉོན་མོངས་པ་རགས་པ་རྣམས་སྤོང་བའི་ཚུལ་ཁྲིམས། ༣༦ ཕྱིར་མི་འོང་བའི་ལམ་གྱིས་བག་ལ་ཉལ་དུ་གཏོགས་པའི་ཉོན་མོངས་པ་རྣམས་སྤོང་བའི་ཚུལ་ཁྲིམས། ༣༧ དགྲ་བཅོམ་པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཚུལ་ཁྲིམས་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྤོང་བའི་དོན་གྱིས་ཚུལ་ཁྲིམས་རྣམ་པ་སུམ་ཅུ་རྩ་བདུན་
|; |@@@ | | }}