From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤོབས་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། འདི་བྱེད་ཀྱི་སྤོབས་པ་བསམ་གྱིས་མི་ཁྱབ་པ། འདུ་བྱེད་ཡོངས་སུ་བཤད་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ། ཀུན་ནས་ཉོན་མོངས་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ། རྣམ་པར་བྱང་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའོ། །
|
| Domain
|
ཆོས་ལུགས།
|
སྤོབས་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། མྱུར་བའི་སྤོབས་པ། ཤིན་ཏུ་མྱུར་བའི་སྤོབས་པ། རྒྱུན་མི་ཆད་པའི་སྤོབས་པ། རྗེས་སུ་མ་བསྟན་པའི་སྤོབས་པའོ། །
|