100364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོམ་བྲག་པ་བསོད་ནམས་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༡༧༠ ལོར་འབྲི་རྒྱལ་དམ་པ་ཆོས་ཕྱུག་བྱ་བར་འཁྲུངས། རབ་བྱུང་བཞི་པའི་ས་བྱ་ཕྱི་ལོ་ ༡༢༤༩ ལོར་སྐུ་གཤེགས། དགུང་ལོ་ལྔ་པར་ཡི་གེའི་འབྲི་ཀློག་མཁྱེན། དགུ་པར་བླ་མ་གཉན་ལྷ་ཁང་སྒང་ཡབ་སྲས་ལས་བདེ་དགྱེས་ལ་སོགས་པ་གསང་སྔགས་ཀྱི་ཆོས་མང་དུ་གསན། བཅུ་བཞི་པར་སངས་རྒྱས་རས་ཆེན་དང་མཇལ་ནས་གདམས་པ་མང་དུ་ཞུས། བླ་མའི་བཀའ་ལྟར་སྤེལ་སྒོ་དགོན་པར་ཕེབས། སྒྲུབ་པ་ལོ་ངོ་བཅུ་དྲུག་རིང་མཛ། དག་སྣང་བསམ་གྱིས་མི་ཁྱབ་པ་ཤར། ཁྲ་སོད་སྤོབ་བྲག་ཏུ་དགོན་པབཏབ། སློབ་མའི་མཆོག་ནི་ཀརྨ་པཀྵི་ཡིན། མཚན་གཞན། རྒྱལ་སྲས་སྤོམ་བྲག་པ།

{{#arraymap:སྤོམ་བྲག་པ་བསོད་ནམས་རྡོ་རྗེ་

|; |@@@ | | }}