100416

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤོས་སྐྱ་སེང་གེ་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ས་རྟ་ཕྱི་ལོ ༡༢༥༨ ལོར་འཁྲུངས། བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགེ་ཚུལ་སློང་གི་སྡོམ་པ་མནོས། ཆོས་རྗེ་དཔོན་པོ་ཉི་མ་སེང་གེ་ལས་བཀའ་བརྒྱུད་གོང་མའི་སྙན་བརྒྱུད་དང་། དབང་ལུང་། ཟབ་ཁྲིད། ཕྱག་ལེན། དམར་ཁྲིད་བཅས་ཞུས། སྒོམ་སྒྲུབ་མཛད་པས་མངོན་རྟོགས་བརྙེས། རབ་བྱུང་ལྔ་པའི་ས་བྱི་ཕྱི་ལོ ༡༢༨༨ ལོར་ར་ལུང་དགོན་པའི་གདན་སར་ཕེབས། དགེ་འདུན་ཚོགས་བསྐྱངས། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས། གདན་སར་ལོ་ངོ་ཉེར་ལྔའི་རིང་བཞུགས། རབ་བྱུང་ལྔ་པའི་ཆུ་གླང་ཕྱི་ལོ ༡༣༡༣ ལོར་སྐུ་གཤེགས། ར་ལུང་དགོན་པའི་གདན་རབས་ལྔ་པ་ཡིན། མཚན་གཞན། འབྲུག་པ་སེང་གེ་རིན་ཆེན།

{{#arraymap:སྤོས་སྐྱ་སེང་གེ་རིན་ཆེན་

|; |@@@ | | }}