100438

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱང་དུག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ལོ་མ་སྔོ་ནག་ཆེན་པོ་ཀོན་པ་གབ་སྐྱེས་ཀྱི་ལོ་མ་འདྲ་ཞིང༌། རྒྱབ་ཏུ་སྤུ་དཀར་པོ་སྤུ་མ་འདྲ་བས་ཁྱབ་པ་དང༌། འབྲུམ་ཐོར་ཡོད་པའི་ངར་པ་རིང་བ་གཞི་རྩ་ནས་མང་པོ་མཉམ་དུ་སྐྱེ་བ། ལོ་མའི་དཀྱིལ་ནས་སྡོང་པོ་ཁ་ཤས་མཉམ་དུ་སྐྱེ་བའི་མདོག་སྨུག་ནག་ལ་སྤུ་དཀར་གྱིས་ཁྱབ་པ། མེ་ཏོག་སྨུག་ནག་དབྱིབས་ཀོན་པ་གབ་སྐྱེས་ཀྱི་མེ་ཏོག་འདྲ་བ་སྡོང་པོ་རྣམས་ཀྱི་རྩེར་འཆར་བ་དེ་ལག་པས་བཀོག་སྐབས་དྲི་ངན་མནམ་པ་ཞིག་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་བྲག་གསེབ་དང་རྩྭ་གསེབ་ཏུ་སྐྱེ་བ། ལོ་མ་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ་དང༌། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྨན་གཞན་དང་མ་འདྲེས་པར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་རིམས་དུག་དང༌། སྦྱར་དུག་སོགས་དུག་ནད་ཀུན་ལ་ཕན་པ་ཞིག

{{#arraymap:སྤྱང་དུག་

|; |@@@ | | }}