100445

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱང་མོ་མདེའུ་འབྱིན་ (1)
Part of speech མིང་ཚིག
Definition སྨན་གྱི་ཁུངས་བཤད་དམ་བྱེད་ལས་ལ་བརྟེན་ནས་བཏགས་པའི་སྤང་རྩི་དོ་པོའི་མིང་གཞན། སྤང་རྩི་དོ་བོ་ནི་ལོ་མང་སྐྱེ་བའི་སྔོ་སྨན་གྱི་རིགས་ཤིག་སྟེ། རྩ་བ་སྦོམ་ཞིང་ཤིང་ལྟ་བུ་ཡིན། ཤུན་པགས་སྨུག་པོ་དང་ནང་ངོས་དཀར་པོ་ཡིན། རྩ་བའི་སྐེ་ལ་རྒྱུན་དུ་ཡལ་ག་ཡོད་ཅིང་ལོ་མའི་ངར་བ་སྨུག་པོས་གཡོགས། རྟིང་བ་ནས་སྐྱེས་པའི་ལོ་མ་ནི་ལྕེའི་དབྱིབས་ཟླུམ་རིང་ཡིན། སྣེ་མོ་རྟུལ་བོའམ་རྩ་འབུར་ཅན་ཡིན། མཐའ་མཉམ་པའམ་སོག་ལེའི་ཁ་ལྟ་བུའི་ཉག་ག་ཡོད་པའམ་ཡང་ན་སྒྲོ་དབྱིབས་ཀྱི་ཉག་ག་ཟབ་མོ་ཡོད། གྱེས་འདབ་ནི་ལྕེའི་དབྱིབས་ཟླུམ་རིང་དང་། རྟིང་བ་རིམ་གྱིས་ཇེ་དོག་ཏུ་སོང་ནས་ངར་བར་གྱུར། ངོས་གཉིས་ལ་སྤུ་ཐུང་རགས་མོས་གཡོས་ཡོད། རྔོག་དབྱིབས་ཆུན་པོ་ཆིག་རྐྱང་དུ་སྐྱེས། སྐོགས་ཤུན་ལ་སྤུ་དཀར་པོའམ་གློ་ཁ་ཡིན། སྣེ་མོར་གས་ཁ་བཞི་ཡོད་ཅིང་གྱེས་འདབ་ཀྱི་ཆེ་ཆུང་མི་འདྲ་བའི་ཐོག་ཏུ་རྩ་རིས་དྲ་རིས་ཅན་གསལ་པོ་ཡོད། ཟེ་འབྲུ་ཕོ་བཞི་དང་ཟེ་འབྲུའི་ངར་བ་ཕྲ་ཞིང་རིང་བ་དེ་མེ་ཏོག་གི་ཕྱི་ལ་བསྲིངས་ཡོད། ཟེ་འབྲུ་མོ་གཅིག་ཡོད། མངལ་ཁང་པ་སྤུ་དཀར་པོས་གཡོགས། ཟེ་འབྲུའི་ཀ་བ་ཕྲ་ཞིང་ཞན་པ་དེ་མེ་ཏོག་གི་ཕྱི་ལ་བསྲིངས་པ། ཟེ་འབྲུའི་མགོ་ནི་མགོ་ལྟ་བུ་ཡིན། འབྲས་བུ་ཆགས་ཀྱང་ལྷུང་མེད་པའི་སྐོགས་ཤུན་གྱིེས་འབྲས་བུ་བཏུམ་ཡོད།
Domain གསོ་རིག

{{#arraymap:སྤྱང་མོ་མདེའུ་འབྱིན་

|; |@@@ | | }}