100466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱད་པར་བྱ་བ་མ་བྱིན་པ་ལེན་པའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ལུགས་ལ་ཐུན་མིན་གྱི་ཡན་ལག་གི་དམ་ཚིག་ཉེར་ལྔའི་ནང་གསེས། སྤྱད་པར་བྱ་བའི་དམ་ཚིག་ལྔའི་ཡ་གྱལ་ཞིག་ཡིན། སྐབས་འདིར་མ་བྱིན་པ་ལེན་ཞིང་བསྲུང་བའི་དམ་ཚིག་འདི་ཉིད་སྐྱེ་བོ་ཐ་མལ་པས་ཉོན་མོངས་པའི་གཞན་དབང་གིས་མ་བྱིན་པ་ལེན་ཞིང་སྤྱོད་པ་ལྟ་བུ་མ་ཡིན་པ་སྟེ། ཐེག་ཆེན་གསང་སྔགས་ལུགས་ཀྱི་ལྟ་སྒོམ་གྱི་རྟོགས་པའི་གདེངས་དང་ལྡན་པའི་གང་ཟག་གིས་བསྟན་དང་འགྲོ་བར་ཕན་པའི་ཐབས་སུ་མ་བྱིན་པ་ལེན་ཞིང་སྤྱོད་པའི་གཞན་དོན་གྱི་ལུས་ཀྱི་སྤྱོད་པ་ཞིག་གོ ། དེ་ཡང་ཡུལ་གང་ལས་མ་བྱིན་པ་བླང་དགོས་ཤེ་ན། འགུ་ཡ་ལས། མ་བྱིན་བླང་བའི་དམ་ཚིག་ནི། །བསྒྲལ་བར་བྱ་བའི་ཞིང་བཅུ་ཡི། །ནོར་དུ་གྱུར་པ་བཅུ་ཉིད་དང་། །མཚན་ལྡན་གཟུངས་མ་སྤྱད་པ་དང། །བཀྲ་ཤིས་ས་ཡི་རྫས་རྣམས་དང། །རྒྱུད་ལུང་མན་ངག་འཆབ་པ་ཡི། །བོན་རྣམས་ཕལ་པའི་ལག་ན་འཆང་། །བྱིན་གྱིས་བརླབས་པའི་རྔ་གཤང་དང་། །ལྷ་འདྲེ་ལ་སོགས་བདག་པོ་ཅན། །བསྲུང་བ་ཡོད་དང་མེད་པའི་གཏེར། །ཕྱུག་པོ་སེར་སྣས་བཅིངས་པའི་ནོར། །ཞེས་སོགས་ཀྱིས་དེ་ཡང་བསྟན་འགྲོའི་དོན་ལ་འཚེ་བ་བསྒྲལ་བའི་ཞིང་དུ་གྱུར་པ་དག་གི་རྒྱུ་ནོར་དང་། གསང་སྔགས་རྟེན་ཅན་ལ་དགོས་པའི་མཚན་ལྡན་གྱི་རིག་མ། བཀྲ་ཤིས་གནས་ཀྱི་བྱིན་རྫས། སྐྱེ་བོ་ཕལ་པའི་ལག་ཏུ་གསང་ཞིང་སྦས་པའི་རྒྱུད་ལུང་མན་ངག་གི་བོན་སྡེ། བྱིན་རླབས་ཅན་གྱི་རྔ་གཤང་ལ་སོགས་མཆོད་ཆས། ལྷ་འདྲེ་སོགས་ཀྱིས་བདག་ཅིང་བསྲུང་བ་མེད་པའི་གཏེར་ཁ། སེར་སྣས་བཅིངས་པའི་ཕྱུག་པོའི་རྒྱུ་ནོར་ལ་སོགས་སོ། །དགོས་པ་ནི། འགྲོ་བ་འདུལ་བའི་ཐབས་ཏེ་དེ་དག་མཆོད་སྦྱིན་ཚོགས་བསགས་སུ་བསྔོ་བར་བྱ་སྟེ། འགུ་ཡ་ལས། ཚོགས་ཀྱི་མཆོག་ཏུ་དེ་བསྔོའོ། །ཞེས་པས་ངེས་སོ། ། དེ་ལྟར་གོང་དུ་བཤད་པ་དེ་དག་མ་བྱིན་པ་མ་བླང་ན་འདིའི་སྐབས་ཀྱི་མ་བྱིན་ལེན་པའི་དམ་ཚིག་ཉམས་པར་འགྱུར་ཏེ། དེ་ཉིད་ལས། དེ་ཉིད་བླང་བར་མ་བྱས་ན། །མ་བྱིན་བླང་བའི་དམ་ཚིག་ཉམས། །ཞེས་པས་སོ། །
Domain ཆོས་ལུགས།

{{#arraymap:སྤྱད་པར་བྱ་བ་མ་བྱིན་པ་ལེན་པའི་དམ་ཚིག་

|; |@@@ | | }}